ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་པུའུ།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2019-11-04 11:35ལ་འགྲུབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་པུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་པུའུ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་པུའུ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན་དང་། ཀྲུང་གོའི་སྲིད་གཞུང་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་ལས་ཁུངས་དང་ཆབ་སྲིད་སྲུང་སྐྱོང་ལས་ཁུངས་ཡིན་ཞིང་། རྩ་ཁྲིམས་དང་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་སྤྱི་བདེ་ལས་ཁུངས་ཀྱི་མྱུལ་ཞིབ་བཀག་བསྐྱིལ་དང་། གྲ་སྒྲིག་འདྲི་ཞིབ། འཛིན་བཟུང་བཅས་ཀྱི་འགན་དབང་སྤྱད་ཆོག་པ་ཡིན། སྤྱི་ལོ1983ལོའི་ཟླ7པར་དེ་སྔའི་ཀྲུང་གུང་ཀྲུང་དབྱང་བརྟག་དཔྱད་པུའུ་ཡི་སྤྱི་ཁོག་དང་། སྤྱི་བདེ་པུའུ་ཡི་ཆབ་སྲིད་སྲུང་སྐྱོབ་ཅུས། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ལས་ཁུངས་ཁ་ཤས། རྒྱལ་སྲུང་ཚན་རིག་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ཁ་ཤས་བཅས་ཟླ་སྒྲིལ་བཏང་ནས་གྲུབ་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国国家安全部
ཕྱི་ཡིག་གི་མིང་།
Ministry of State Security
གསར་འཛུགས་དུས་སྐབས།
སྤྱི་ལོ1983ལོ།
ཏང་ཨུའུ་ཧྲུའུ་ཅི།
ཁྲེན་ཝུན་ཆིང་།
1 ​ངོ་སྤྲོད། 

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་པུའུ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན་དང་། ཀྲུང་གོའི་སྲིད་གཞུང་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་ལས་ཁུངས་དང་ཆབ་སྲིད་སྲུང་སྐྱོང་ལས་ཁུངས་ཡིན་ཞིང་། རྩ་ཁྲིམས་དང་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་སྤྱི་བདེ་ལས་ཁུངས་ཀྱི་མྱུལ་ཞིབ་བཀག་བསྐྱིལ་དང་། གྲ་སྒྲིག་འདྲི་ཞིབ། འཛིན་བཟུང་བཅས་ཀྱི་འགན་དབང་སྤྱད་ཆོག་པ་ཡིན།

སྤྱི་ལོ1983ལོའི་ཟླ7པར་དེ་སྔའི་ཀྲུང་གུང་ཀྲུང་དབྱང་བརྟག་དཔྱད་པུའུ་ཡི་སྤྱི་ཁོག་དང་། སྤྱི་བདེ་པུའུ་ཡི་ཆབ་སྲིད་སྲུང་སྐྱོབ་ཅུས། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ལས་ཁུངས་ཁ་ཤས། རྒྱལ་སྲུང་ཚན་རིག་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ཁ་ཤས་བཅས་ཟླ་སྒྲིལ་བཏང་ནས་གྲུབ་པ་རེད།

2 འགན་ནུས་གཙོ་བོ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་པུའུ་ནི་རྒྱལ་ཁབ་ཀྱི་བདག་དབང་དང་ཁེ་ཕན་སྲུང་སྐྱོང་བྱེད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགན་ནུས་སྡེ་ཁག་ཡིན། རྩ་ཁྲིམས་དང་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་སྤྱི་བདེ་ལས་ཁུངས་ཀྱི་མྱུལ་ཞིབ་བཀག་སྐྱིལ་དང་། གྲ་སྒྲིག་འདྲི་ཞིབ། འཛིན་བཟུང་ལག་བསྟར་བཅས་བྱེད་པའི་འགན་དབང་སྤྱད་ཆོག་པ་ཡིན།

3 འགོ་ཁྲིད་གཙོ་བོ།
3_1 པུའུ་ཀྲང་རིམ་བྱོན།

སྐབས་དང་པོ། ལིན་ཡུན། སྤྱི་ལོ1987-སྤྱི་ལོ1989ལོའི་བར།

སྐབས་གཉིས་པ། ཅ་ཁྲུན་ཝང་། སྤྱི་ལོ1989-སྤྱི་ལོ1998.03ལོའི་བར།  

ཐེངས་གསུམ་པ། ཞུས་ཡུང་གཡོད། སྤྱི་ལོ1998.03-སྤྱི་ལོ2007.08ལོའི་བར།

སྐབས་བཞི་པ། ཀེང་ཧུའེ་ཁྲང་། སྤྱི་ལོ2007.08-སྤྱི་ལོ2016.11ལོའི་བར།  

3_2 འགོ་ཁྲིད་ཚན་ཁག

ཁྲེན་ཝུན་ཆིང་།

པུའུ་ཀྲང་དང་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཝུན་ཆིང་། (སྤྱི་ལོ2016.11ལོ་ནས་ད་བར)

པུའུ་ཀྲང་གཞོན་པ། ཏུང་ཅིན་ཝེ། 


དཔྱད་གཞིའི་ཡིག་ཆ།