ཕེང་ཏུ་ཧོའེ།སྔ་མའི་པར་གཞི་དེ ཚེ་རིང་དོན་གྲུབ།།  ནས 2019-10-29 16:48ལ་འགྲུབ།

ཕེང་ཏུ་ཧོའེ།

ཕེང་ཏུ་ཧོའེ།
ཕེང་ཏུ་ཧོའེ(1898-1974)ལགས་ནི་ཀྲུང་གོའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་དང་། དམག་དོན་པ། ཆབ་སྲིད་པ། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་འགོ་ཁྲིད་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་སྤྱི་བཅས་ཡིན། མཚན་དངོས་ལ་ཏེ་ཧྭ་སོགས་གསོལ་ཞིང་། ཧུའུ་ནན་ཞིང་ཆེན་ཤང་ཐན་གྱི་མི་རེད། སྤྱི་ལོ1898ལོའི་ཟླ10པའི་ཚེས24ཉིན་ཧུའུ་ནན་ཞིང་ཆེན་ཤང་ཐན་རྫོང་ཕེང་ཅ་ཅོན་ཙི་རུ་སྐྱེས། ཆུང་མ་ཕུའུ་ཨན་ཤིའུ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
彭德怀
སྐྱེས་ལོ།
སྤྱི་ལོ1898ལོའི་ཟླ10པའི་ཚེས24ཉིན།
མིང་གཞན།
ཕེང་ཏེ་ཧྭ། ཆིང་ཙུང་། ཧྲི་ཏའེ།
འདས་ལོ།
སྤྱི་ལོ1974ལོའི་ཟླ11པའི་ཚེས29ཉིན།
རྒྱལ་ཁོངས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
ལས་རིགས།
འབྱོར་མེད་གྲལ་རིམ་ཀྱི་གསར་བརྗེ་བ་དང། དམག་དོན་པ། ཆབ་སྲིད་པ།
མི་རིགས།
རྒྱ་རིགས།
མཐར་ཕྱིན་སློབ་གྲྭ།
ཧུའུ་ནན་སྐམ་དམག་དམག་རྩལ་སློབ་གྲྭ།
སྐྱེས་ཡུལ།
ཧུའུ་ནན་ཞིང་ཆེན་ཤང་ཐན་རྫོང་ཧྲི་ཐན་གྲོང་རྡལ་ཝུའུ་ཧྲི་ཀྲའེ་གྲོང་ཚོ།
དད་མོས།
གུང་ཁྲན་རིང་ལུགས།
བརྩམས་ཆོས་གཙོ་བོ།
《ཕེང་ཏུ་ཧོའེ་རང་བཤད》དང《ཕེང་ཏུ་ཧོའེ་དམག་དོན་བདམས་བསྒྲིགས》སོགས་ཡོད།
1 ​ངོ་སྤྲོད་མདོར་བསྡུས། 

ཕེང་ཏུ་ཧོའེ(1898-1974)ལགས་ནི་ཀྲུང་གོའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་དང་། དམག་དོན་པ། ཆབ་སྲིད་པ། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་འགོ་ཁྲིད་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་སྤྱི་བཅས་ཡིན། མཚན་དངོས་ལ་ཏེ་ཧྭ་སོགས་གསོལ་ཞིང་། ཧུའུ་ནན་ཞིང་ཆེན་ཤང་ཐན་གྱི་མི་རེད། སྤྱི་ལོ1898ལོའི་ཟླ10པའི་ཚེས24ཉིན་ཧུའུ་ནན་ཞིང་ཆེན་ཤང་ཐན་རྫོང་གི་ཕེང་ཅ་ཅོན་ཙི་ནས་སྐྱེས། ཆུང་མ་ཕུའུ་ཨན་ཤིའུ་ཡིན། 

2 མི་ཚེ་བརྒྱུད་རིམ། 

ཆུང་དུས་སུ་ལོ་གཉིས་ལ་སློབ་སྦྱོང་བྱས་མྱོང་ཞིང་། ཁྱིམ་ཚང་དབུལ་བས་ཞིང་ལས་གཉེར་བ་དང་། རྡོ་སོལ་རྐོ་སར་ཕྱིན་ནས་ལས་ཀ་གཉེར། བཀྲེས་ལྟོགས་ཀྱིས་མནར་བའི་མི་དམངས་ཀྱིས་ཟིང་ཆ་སློང་བར་ཞུགས་པས། དཔོན་གཞུང་གིས་འཛིན་བཟུང་བྱས་ཏེ་ཏུང་ཐིང་ཧུའུ་རུ་བྲོས་ནས་ཆུ་རགས་གསར་བཟོ་བྱས། སྤྱི་ལོ1916ལོར་ཞང་དམག་ལ་ཞུགས་པ་དང་། བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་དམག་ཤེད་ཅན་གྱི་མུན་ནག་དབང་སྒྱུར་ལ་བརྟེན་ནས་རྒྱལ་ཕྱུག་དམག་སྟོབས་ཀྱི་བསམ་བློ་སྐྱེས། སྤྱི་ལོ1919ལོར་ལེན་ཏུའེ་རུ“དབུལ་སྐྱོབ་ཚོགས་པ”རྩ་འཛུགས་བྱས། རྗེས་སུ་ཚོགས་མི་མངགས་ནས་ཡུལ་གྱི་གཤེད་མ་གཅིག་བསད་དེ་འཛིན་བཟུང་བྱས། སྤྱི་ལོ1922ལོར་ཧུའུ་ནན་སྐམ་དམག་དམག་དཔོན་དམག་རྩལ་ཁང་དུ་རྒྱུགས་འཕྲོད། སློབ་མཐར་ཕྱིན་རྗེས་ཞང་དམག་གི་ལྡིང་དཔོན་དང་། དམག་དཔོན། རུ་དཔོན་བཅས་ཀྱི་འགན་བཞེས།     སྤྱི་ལོ1926ལོར་དམག་དཔུང་དང་མཉམ་དུ་རྒྱལ་དམངས་གསར་བརྗེ་དམག་དང་། བྱང་འདུལ་དམག་ཏུ་ཞུགས་ཤིང་། གུང་ཁྲན་ཏང་མི་ཏོན་ཏེ་ཁྲང་ངོ་ཤེས་ནས་གུང་ཁྲན་རིང་ལུགས་ཀྱི་བསམ་བློ་དང་ལེན་བྱེད་འགོ་བརྩམས། སྤྱི་ལོ1927ལོའི་ཟླ1པོར་དམག་སྒར་དུ་དམག་མིའི་ཨུ་ཡོན་ལྷན་ཁང་བཙུགས་ནས་བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་དམག་ཤེད་ཅན་ལ་ངོ་རྒོལ་གྱིས་དམག་མིའི་ཁེ་དབང་སྲུང་སྐྱོང་བྱེད་པའི་ཚོགས་རྟགས་བཀོད། སྤྱི་ལོ1928ལོའི་ཟླ1པོར་ཐོན་ཀྲང་གི་འགན་བཞེས། ཟླ4པར་གསར་བརྗེ་ཆེན་པོ་ཕམ་པའི་གསར་བརྗེའི་རླབས་རྒྱུན་འཇགས་སྐབས་སུ་ཀྲུང་གོ་གུང་ཁྲན་ཏང་དུ་ཞུགས། ལོ་དེའི་ཟླ7པའི་ཚེས22ཉིན་ཅིན་ཀུང་ལུའེ་སོགས་དང་མཉམ་དུ་ཕིང་ཅང་འོས་ལངས་ལ་འགོ་ཁྲིད་བྱས་ཤིང་། ཀྲུང་གོའི་བཟོ་ཞིང་དམར་དམག་ཨང་ལྔ་པ་བཙུགས། དམག་དཔུང་ཁྲིད་དེ་ཧུའུ་ནན་དང་ཧུའུ་པེ། ཅང་ཞི་བཅས་ཀྱི་མཐའ་མཚམས་ནས་ཟླ་འགའ་ལ་དམག་འཐབ་བྱས་ཤིང་། སྤྱི་ལོ1929ལོའི་ཟླ1པར་དམག་དཔུང་ཨང་བཞི་པའི་གཙོ་ཤུགས་ལ་གཞོགས་འདེགས་བྱས་ཏེ་ཀན་ནན་དང་ཧྥུ་ཅན་ནུབ་ཕྱོགས་སུ་དཔུང་འཇུག་བྱས་ནས། ཅིན་ཀང་རི་བོ་གཞིས་སྲུང་དང་། ཧུའུ་ནན། ཅང་ཞིའི་དགྲ་དམག་བཀག་སྐྱིལ་བྱེད་པའི་དཀའ་ཚེགས་ཆེ་བའི་ལས་འགན་ཁུར། སྤྱི་ལོ1930ལོའི་ཟླ6པར་དམག་དཔུང་ཨང་གསུམ་པའི་འགན་ཁུར་ནས་དམག་དཔུང་ཁྲིད་དེ་ཕིང་ཅང་ནས་གོ་མིན་ཏང་དམག་གི་ཚུར་རྒོལ་ཕམ་པར་བརྒྱབ་ཅིང་། རྒྱལ་ཁ་ཐོབ་པའི་སྐབས་དང་བསྟུན་ནས་ཁྲང་ཧྲ་ལ་དཔུང་འཇུག་བྱས་ཏེ་ཉིན་བཅུར་བླངས། སྤྱི་ལོ1931ལོའི་ཟླ11པར་ཀྲུང་ཧྭ་སུའུ་ཝེ་ཨེད་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་དབྱང་གསར་བརྗེའི་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པའི་འགན་བཞེས།  སྤྱི་ལོ1934ལོའི་ཟླ1པོར་ཀྲུང་གུང་སྐབས་དྲུག་པའི་ཀྲུང་དབྱང་ཨུ་ཡོན་དུ་གསབ་འདེམས་བྱས། ཀྲུང་དབྱང་སུའུ་ཁུལ་གྱིས“སྐོར་བཅོམ”ལ་ངོ་རྒོལ་བྱེད་པའི་སྐབས་སུ། ཁོ་ནི་གཡུལ་སའི་བཀོད་འདོམས་པ་གཙོ་བོ་ཞིག་ཡིན། “བསྐོར་བཅོམ་”ཐེངས་ལྔ་པར་ངོ་རྒོལ་བྱེད་སྐབས“གཡོན”ལྷུང་རིང་ལུགས་ཀྱི་གནོད་སྐྱོན་ངོས་ཟིན་པ་དང་། ནོར་འཁྲུལ་གྱི་དམག་དོན་བཀོད་འདོམས་ལ་སྐྱོན་བརྗོད་ནན་པོ་གནང་མྱོང་།     སྤྱི་ལོ1934ལོའི་ཟླ10པར་དམག་དཔུང་ཁྲིད་དེ་རྒྱང་སྐྱོད་ལ་ཞུགས། ཙུན་དབྱིའི་གྲོས་ཚོགས་འཚོགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱས་འཛོམས་གྲོས་ཚོགས་ཐོག་ཏུ། མའོ་ཙེ་ཏུང་གི་དགོངས་ཚུལ་ལ་རྒྱབ་སྐྱོར་བྱས་ཤིང་། ཚོགས་འདུ་གྲོལ་རྗེས་དཔུང་ཚོགས3པའི་སྣེ་ཁྲིད་དེ་དམག་འཐབ་བྱེད་ཕྱོགས་གསར་པ་ལག་བསྟར་ཧུར་ཐག་བྱས་ཤིང་། བྱང་ནས་ཁྲི་ཧྲུའེ་ལ་བརྒལ་བ་དང་། ཕྱིར་ལོག་དམག་དཔུང་གིས་ལུའུ་ཧྲན་ཀོན་བཟུང་བ་དང་། དེ་ནས་ཙུན་དབྱི་ཁྲེང་བླངས་ཤིང་། དཔུང་སྡེ1པ་དང་མཉམ་དུ་དཔུང་རོགས་བྱས་ཏེ་དཔུང་ཕྱོགས་སྒར་ཆེན་དང་པོའི་རྒྱང་སྐྱོད་བྱས་རྗེས་ཀྱི་རྒྱལ་ཁ་དང་པོ་བླངས། སྤྱི་ལོ1935ལོའི་ཟླ6པར་ངོས་ཕྱོགས་དཔུང་ཚོགས་དང་པོས་ངོས་ཕྱོགས་དཔུང་ཚོགས་བཞི་པ་དང་མཉམ་དུ་དཔུང་འཇུག་བྱས་རྗེས། ཁོས་བློ་ཐག་རྦད་ཆོད་ཀྱིས་བྱེད་ཕྱོགས་ལ་བརྩི་བཀུར་དང་ཀྲང་གོ་ཐའོ་ཡི་ཁ་བྲལ་བྱ་སྤྱོད་ལ་ངོ་རྒོལ་བྱས། ཟླ9བར། ཅུན1པོ་དང3པ་མཉམ་སྒྲིག་བྱས་ཏེ་དམག་སྤྱིའི་འགན་བཞེས། ཟླ10པར་ཆབ་སྲིད་ཨུ་ཡོན་མའོ་ཙེ་ཏུང་དང་མཉམ་དུ་དམག་དཔུང་གི་སྣེ་ཁྲིད་དེ་ཧྲན་ཞིའི་བྱང་རྒྱུད་དུ་སླེབས། ཁོང་གིས་དམར་དམག་གི་སྣེ་ཁྲིད་དེ་དཔའ་ངར་ཆེན་པོས་དགྲ་དམག་གི་འདེད་རྡུང་ཕྱིར་བསློགས་རྗེས། མའོ་ཙེ་ཏུང་གིས་སྙན་ངག་ཅིག་བྲིས་ཏེ། “རི་མཐོ་ལ་ལམ་ཐག་རིང་ཞིང་གཏིང་ཟབ་ཡང་། དམག་དཔུང་ཆེན་པོ་འཕྲེད་གཞུང་དུ་རྒྱུག་ཅིང་། སུ་ཞིག་གིས་རྟ་འཕྲེད་གཅོད་ཕོད་པ་ནི། རང་རེའི་དམག་དཔོན་ཆེན་མོ་ཕེང་ཏ་ཁོ་ན་ཡིན།”  ལོ་དེའི་ཟླ11པར་ནུབ་བྱང་གསར་བརྗེའི་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་། ངོས་ཕྱོགས་དཔུང་ཚོགས་དང་པོའི་དམག་སྤྱིའི་འགན་བཞེས་ནས་ཀྲི་ལུའོ་གྲོང་རྡལ་གྱི་གཡུལ་འགྱེད་ལ་བཀོད་འདོམས་བྱེད་པར་ཞུགས། ཁོང་གིས་ཟླ་དང་པོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ལ་གསབ་འདེམས་བྱས་པ་དང་། ཟླ2པར་ཀྲུང་གོ་མི་དམངས་དམར་དམག་གི་རི་འགོག་གདོང་ལེན་དམག་གི་དམག་སྤྱིའི་འགན་བཞེས་ཤིང་། མའོ་ཙེ་ཏུང་སོགས་བཀོད་འདོམས་དམག་དཔུང་དང་མཉམ་དུ་རྨ་ཆུ་བརྒལ་ནས་ཧྲན་ཞི་རུ་དཔུང་འཇུག་བྱས་ཏེ་རི་འགོག་དྲིལ་བསྒྲགས་དང་དམར་དམག་རྒྱ་བསྐྱེད་བྱས། ཟླ5པར་ནུབ་ཕྱོགས་བྱེད་འཐབ་དམག་སྡེ་ཡི་དམག་སྤྱི་དང་ཆབ་སྲིད་ཨུ་ཡོན་གྱི་འགན་གཅིག་ལྕོགས་སུ་ཁུར་ནས་ནུབ་ཏུ་ཉིང་ཞ་དང་ལུང་ཏུང་དུ་དཔུང་འཇུག་བྱས་ཏེ། དཔུང་ཕྱོགས་སྒར་ཆེན་གཉིས་པ་དང་བཞི་པའི་དམག་དཔུང་མཉམ་འཛོམས་ལ་བསུ་བ་བྱས། ཟླ10པའི་ཟླ་མཇུག་ཏུ་དམར་དམག་གི་གཡུལ་སའི་སྤྱི་ཁྱབ་བཀོད་འདོམས་པུའུ་ཡི་འགན་ཁུར་ནས་ཧྲན་ཁྲེང་མཁར་རྫོང་དམག་འཐབ་ལ་བཀོད་འདོམས་བྱེད་པར་ཞུགས།     རི་འགོག་དམག་འཁྲུག་ལངས་རྗེས་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་པོ་ལུའུ་ཅུན་གྱི་འགོ་འཛིན་གཞོན་པ(སྤྱི་ཁྱབ་དམག་སྤྱི་གཞོན་པ18པ)གནང་། སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་མཉམ་དུ་པ་ལུའུ་ཅུན་ལ་བཀོད་འདོམས་བྱས་ཏེ་ཧྭ་བྱང་གཡུལ་སར་བསྐྱོད་ནས། གོ་མིན་ཏང་གི་དམག་ལ་གཞོགས་འདེགས་ཀྱིས་དམག་འཐབ་བྱས་ཏེ། ཕིན་ཞིན་ཀོན་སོགས་འཐབ་འཛིང་ལ་རྒྱལ་ཁ་བླངས། དེའི་རྗེས་སུ་ཧྭ་པེ་དགྲ་བོའི་རྒྱབ་ཕྱོགས་སུ་མང་ཚོགས་སྐུལ་སློང་དང་རི་འགོག་དྲག་དཔུང་རྒྱ་བསྐྱེད་ཅིང་། རི་འགོག་གནས་གཞིའི་ས་ཁུལ་འཛུགས། དམག་དཔུང་ལ་བཀོད་འདོམས་བྱས་ཏེ་རང་བཙན་རང་བདག་གི་ངེས་མེད་རྒོལ་རྡུང་དམག་འཁྲུག་སྤེལ། འཇར་དམག་དང་འཐབ་འཛིང་ཐེངས་མང་བྱས་པ་དང་མཉམ་དུ། འགལ་རྐྱེན་བཟོ་མཁན་གོ་མིན་ཏང་ངན་རེངས་པར་མཐའ་གཅིག་ཏུ་འཐབ་རྩོད་བྱས། སྤྱི་ལོ1940ལོར། ཧྭ་པེ་རུ་གཞི་རྒྱ་ཆེ་བའི་འགྲིམ་འགྲུལ་གཏོར་རྒོལ་དམག་འཐབ་བསླངས་ཏེ། འཇར་དམག་དང་རྫུན་དམག་ལ་རྡུང་རྡེག་དྲག་པོ་བཏང་བས། རྒྱལ་ཡོངས་ཀྱི་དམག་དམངས་ལ་སྐུལ་མ་ཐེབས། སྤྱི་ལོ1942ལོའི་ཟླ8པར་ཀྲུང་གུང་ཀྲུང་དབྱང་ཅུས་ཀྱི་ཧྲུའུ་ཅིའི་ཚབ་བྱས་ཏེ། འཐབ་རྩོད་དང་། ཀུན་སྤྱོད་དག་ཐེར་གྱི་སློབ་སྦྱོང་། ཐོན་སྐྱེད་ཆེན་པོ། ལས་འགུལ་བཅས་ལ་གཅིག་གྱུར་གྱིས་འགོ་ཁྲིད་དང་། དམག་དཔུང་ཧྲག་སྒྲིག་དང་ལས་ཁུངས་གཅིག་བསྡུ་བྱས་ཏེ། ཧྭ་པེ་དམག་དམངས་ཀྱི་འགོ་ཁྲིད་དེ་འཇར་འགོག་དམག་འཁྲུག་གི་ཆེས་དཀའ་ཚེགས་ཆེ་བའི་དུས་རིམ་ལས་བརྒལ། སྤྱི་ལོ1943ལོའི་ཟླ9པར་ཡན་ཨན་དུ་ལོག་ནས་ཀུན་སྤྱོད་དག་ཐེར་གྱི་ལས་འགུལ་ལ་ཞུགས། སྤྱི་ལོ1945ལོའི་ཟླ6པར་ཀྲུང་གུང་སྐབས་བདུན་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ལ་བདམས་ཐོན་བྱུང་བར་མ་ཟད། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་དང་སྤྱི་ཁྱབ་དྲག་ཇུས་དམག་དཔོན་གྱི་འགན་གཅིག་ལྕོགས་སུ་བཞེས། མའོ་ཙེ་ཏུང་དང་ཀྲུའུ་ཏེ་གཉིས་ཀྱིས་འཇར་དམག་ལ་ཕར་རྒོལ་ཆེན་པོ་བྱེད་པར་བཀོད་འདོམས་བྱེད་པར་རམ་འདེགས་བྱས།     བཅིངས་འགྲོལ་དམག་འཁྲུག་གི་སྐབས་སུ་ནུབ་བྱང་བྱེད་འཐབ་དམག་སྡེའི(རྗེས་སུ་བྱེས་འཐབ་དམག་སྡེ་དང་པོའི)དམག་སྤྱི་དང་ཆབ་སྲིད་ཨུ་ཡོན་གྱི་འགན་གཅིག་ལྕོགས་སུ་བཞེས། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་དམག་སྤྱི་གཞོན་པ་བཅས་ཀྱི་འགན་བཞེས། ཟླ3པའི་ཟླ་འགོར། གོ་མིན་ཏང་གི་དམག་དཔུང་ཧུའུ་ཙུང་ནན་སོགས་ཀྱི་མི་ཁྲི20ལྷག་གིས་ཧྲན་ཀན་ཉིང་བཅིངས་འགྲོལ་ས་ཁུལ་ལ་ཕར་རྒོལ་བྱེད་སྐབས། མི་ཁྲི2ལྷག་ཙམ་ལས་མེད་པའི་ཧྲན་ཞིའི་བྱང་རྒྱུད་ཀྱི་དམག་དཔུང་དང་རྒྱབ་ཕྱོགས་མཁོ་སྒྲུབ་ལས་ཁུངས་ལ་བཀོད་འདོམས་བྱས་ཏེ། རང་ཉིད་ལས་ལྡབ་བཅུའི་མང་བའི་དགྲ་དམག་དང་དམག་འཐབ་བྱས། ཀྲུང་གུང་ཀྲུང་དབྱང་དང་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་རང་འགུལ་ངང་ཡན་ཨན་དུ་བསྐྱོད་རྗེས། མའོ་ཙེ་ཏུང་གིས་བཏོན་པའི་དམག་འཐབ་བྱེད་ཕྱོགས་ལྟར། ཐང་ཆད་པའི་དགྲ་བོའི“ཤ་མོའི་འཐབ་རྩལ”སྤྱད་དེ། གོ་སྐབས་དང་བསྟུན་ནས་སྟོབས་ཤུགས་ཆེ་བའི་དམག་ཤུགས་གཅིག་ཏུ་བསྡུས་ཏེ་དགྲ་བོ་རེ་རེ་བཞིན་ཚར་གཅོད་བྱས་ཤིང་། དེའི་ནང་དུ་ཆིང་ཧྭ་ཧོ་དང་། དབྱང་མ་ཧོ། ཕའེ་ལུང་གྲོང་རྡལ་བཅས་དམག་འཐབ་གསུམ་ལས་བསྟུད་མར་རྒྱལ་ཁ་ཐོབ་པ་དང་། རྗེས་སུ་ཧྲ་ཅ་ཏེན་ནས་ལུའི་ཤོག་གཉིས་ཁྲིད་དེ། གོ་མིན་ཏང་དམག་གིས་ཧྲན་པེ་ལ་གཙོ་གནད་དུ་ཕར་རྒོལ་བྱས་པ་ཕམ་པར་བཟོས་ཤིང་། ནུབ་བྱང་དམག་འཐབ་ཅུས་བསྒྱུར་ནས། མི་དམངས་བཅིངས་འགྲོལ་དམག་གི་གཡུལ་ས་གཞན་པའི་དམག་འཐབ་ལ་གཞོགས་འདེགས་བྱས། ལོ་དེའི་ཟླ2པ་དང3པའི་བར་དམག་དཔུང་ཁྲིད་དེ་དབྱི་ཁྲོན་དང་ཝ་ཙི་ཅེ་ཡི་ལུའི་ལྔ་རུ་དགྲ་བོ་འཛོམས་པར་བྱས། ཟླ4པའི་ཚེས22ཉིན་ཡན་ཨན་དུ་བསྡད། དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་། དམག་ཤུགས་ཞན་པས་དམག་ཤུགས་ཆེ་བའི་བཀོད་འདོམས་སྒྱུ་རྩལ་ལས་རྣམ་པར་རྒྱལ་བས། མའོ་ཙེ་ཏུང་གི་དམག་དོན་བསམ་བློ་ཕུན་སུམ་ཇེ་ཚོགས་སུ་བཏང་། སྤྱི་ལོ1949ལོར་བཅིངས་འགྲོལ་དམག་གིས་རྒྱལ་ཡོངས་སུ་དཔུང་འཇུག་བྱེད་པའི་གནས་བབ་འོགདམག་དོན་ཚུར་རྒོལ་དང་ཐབས་ལ་བརྟེན་ནས་ནུབ་བྱང་གི་ཞིང་ཆེན་ལྔ་བཅིངས་འགྲོལ་བྱས། ཀྲུང་གུང་ཀྲུང་དབྱང་ནུབ་བྱང་ཅུས་ཀྱི་ཧྲུའུ་ཅི་དང་པོ། ནུབ་བྱང་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ནུབ་བྱང་དམག་ཁུལ་ཁང་གི་དམག་སྤྱི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་མི་དམངས་གསར་བརྗེའི་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་བཅས་ཀྱི་འགན་བཞེས་པ་རེད།     སྤྱི་ལོ1950ལོའི་ཟླ10པར། ཨ་རི་བཙན་རྒྱལ་རིང་ལུགས་ཀྱིས་ཁྲའོ་ཞན་ལ་བཙན་འཛུལ་བྱས་པ་དང་། ཀྲུང་གོའི་མཐའ་མཚམས་ཀྱི་བདེ་འཇགས་ལ་འཇིགས་སྐུལ་ཚབས་ཆེན་ཐེབས་སྐབས། ཁོང་གིས་བློ་ཐག་རྦད་ཆོད་ཀྱིས་ཡུས་རྒྱལ་རབས་ཀྱི་ཐབས་ཇུས་ལ་བརྩི་བཀུར་དང་། ཀྲུང་གོ་མི་དམངས་དམག་གི་དམག་སྤྱི་དང་ཆབ་སྲིད་ཨུ་ཡོན་བཅས་ཀྱི་འགན་བཞེས། ཀྲུང་གོ་མི་དམངས་དམག་ལ་བཀོད་འདོམས་བཅས་བྱས། ཟླ་བདུན་གྱི་རིང་ལ་བསྟུད་མར་གཡུལ་འགྱེད་ཐེངས་ལྔ་བྱས་ཏེ། ཨ་མེ་རི་ཁ་གཙོ་བྱས་པའི“མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམག”དེད་དེ“གསུམ་བརྒྱད”ལམ་ཐིག་ཏུ་ལོག་ནས། དེ་འཐབ་ཇུས་ཐོག་གི་འགོག་སྲུང་དུ་བསྒྱུར་ཏེ་གྲོས་མོལ་དང་ལེན་མི་བྱེད་ཐབས་མེད་བྱུང་། ལོ་གཉིས་ལ་འཐབ་ཞོར་བཤད་ཞོར་བྱས་པ་བརྒྱུད། ཁྲའོ་ཞན་དམངས་གཙོ་རིང་ལུགས་ཀྱི་ཆེས་མཐོའི་མི་དམངས་ཚོགས་འདུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁོང་ལ“ཁྲའོ་ཞན་དམངས་གཙོ་རིང་ལུགས་ཀྱི་དཔའ་བོ”ཞེས་པའི་མཚན་སྙན་གནང་བ་རེད།     སྤྱི་ལོ1952ལོའི་ཟླ4པར་རྒྱལ་ནང་དུ་ལོག་ནས་ཀྲུང་གུང་ཀྲུང་དབྱང་དམག་ཨུའི་རྒྱུན་ལྡན་གྱི་བྱ་བ་གཙོ་སྐྱོང་བྱས། ཁོང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་དང་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པའི་འགན་བཞེས། ཁོང་གིས་སྤོབས་པ་ཆེར་བསྐྱེད་ཀྱིས་དམག་དཔུང་གི་རྩ་འཛུགས་སྒྲིག་གཞི་དང་ལམ་ལུགས་གལ་ཆེན་བཅོས་བསྒྱུར་བྱེད་པའི་འགོ་ཁྲིད་དེ། གོ་མཚོན་སྒྲིག་ཆས་ལེགས་བཅོས་དང་། ལག་རྩལ་དམག་རིགས་འཛུགས་པ། དམག་དོན་སློབ་གྲྭ་དང་ཞིབ་འཇུག་ལས་ཁུངས་སྣ་ཚོགས་བཙུགས། ཚད་ལྡན་གྱི་དམག་སྲིད་སྦྱོང་བརྡར་ལག་བསྟར་གྱིས། འཐབ་ཕྱོགས་དང་པོའི་རྒྱལ་སྲུང་མཁར་གྲོང་མ་ལག་འཛུགས་པ་བཅས་བྱས་ཏེ། མི་དམངས་བཅིངས་འགྲོལ་དམག་གིས་སྲོལ་རྒྱུན་བཟང་བོ་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་སྟེང་དམག་རིགས་སྣ་གཅིག་ནས་འདྲེས་གྲུབ་དམག་དཔུང་གི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་མངོན་འགྱུར་བྱེད་པར་སྐུལ་འདེད་བྱས།     སྤྱི་ལོ1955ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་སྤྱིའི་གོ་རྟགས་དང་། རིམ་པ་དང་པོའི་བྱས་རྗེས་གཟེངས་རྟགས། རིམ་པ་དང་པོའི་རང་བཙན་དང་རང་དབང་གི་བྱས་རྗེས་གཟེངས་རྟགས། རིམ་པ་དང་པོའི་བཅིངས་འགྲོལ་གྱི་བྱས་རྗེས་གཟེངས་རྟགས་བཅས་གནང་བ་རེད། སྤྱི་ལོ1956ལོར་ཀྲུང་གུང་སྐབས་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དུ་བདམས། སྤྱི་ལོ1959ལོའི་ཟླ7པར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱས་འཛོམས་གྲོས་ཚོགས(ལུའུ་ཧྲན་གྲོས་ཚོགས)ཀྱི་སྐབས་སུ་དྲང་གཏམ་བཤད་ཕོད་པ་དང་། ཀྲུའུ་ཞི་མའོ་ཙེ་ཏུང་ལ་འཕྲིན་ཡིག་བསྐུར་ནས། “མཆོངས་སྐྱོད་ཆེན་པོ”དང་མི་དམངས་ཀུང་ཧྲེ་ཅན་གྱི་ལས་འགུལ་ཁྲོད་ཀྱི་ནོར་འཁྲུལ་ལ་ནོར་འཁྲུལ་གྱི་དགག་པ་བརྒྱབ་པར་མ་ཟད། ཀྲུང་གུང་ཅུས་ཀྱི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐོག“གཡས་ལྷུང་སྐབས་འཚོལ་རིང་ལུགས་ཀྱི་ཏང་རྒོལ་ཚོགས་པའི”འགོ་གཙོར་ནོར་ནས་རྒྱལ་སྲུང་པུའུ་ཀྲང་གི་གོ་གནས་ཕྱིར་འཐེན་བྱས། ལོ་དེའི་ཟླ6པར། ཁོང་གིས་ཀྲུང་གུང་ཀྲུང་དབྱང་དང་མའོ་ཙེ་ཏུང་ལ་འཕྲིན་ཡིག་བྲིས་ཏེ། ལུའུ་ཧྲན་གྲོས་ཚོགས་ཀྱིས་ཁོ་ལ་བཙན་འགེལ་བྱས་པའི་དྲང་གཏམ་ལ་དགག་པ་བརྒྱབ་ནས་ཡང་བསྐྱར་ནོར་འཁྲུལ་གྱི་དགག་པ་དང་ཞིབ་བཤེར་བྱས། སྤྱི་ལོ1965ལོའི་ཟླ9པར་སི་ཁྲོན་དུ་མངགས་ནས་ཀྲུང་གུང་ཀྲུང་དབྱང་ལྷོ་ནུབ་ཅུས་ཀྱི“ཐིག་གསུམ”འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་གསུམ་པ་བྱས། “རིག་གནས་གསར་བརྗེ་ཆེན་པོའི”སྐབས་སུ“མི་བཞི་ཤོག་ཁག”གིས་གནོད་འཚེ་ཚབས་ཆེན་བཏང་ཞིང་། ཁོས་གནས་ལུགས་ལ་གཞིགས་ནས་འཐབ་རྩོད་བྱས་པ་དང་། དཔའ་ངར་ཞུམ་མེད་བྱས་ཏེ། ཡུན་རིང་མནར་གཅོད་དང་མནར་གཅོད་བཏང་བའི་རྐྱེན་གྱིས། སྤྱི་ལོ1978ལོའི་ཟླ12པར་ཀྲུང་གུང་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་དཀར་འདོན་བྱས་ཏེ་མཚན་སྙན་སླར་གསོ་བྱས། 

3 བརྩམས་ཆོས་གཙོ་བོ།  

《ཕེང་ཏུ་ཧོའེ་རང་བཤད》དང《ཕེང་ཏུ་ཧོའེ་དམག་དོན་བདམས་བསྒྲིགས》སོགས་ཡོད། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་སྣ། སྲིད་འཛིན་མི་སྣ། རྒྱལ་ནང་།