འོད་དཔག་མེད།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2019-10-24 11:00ལ་འགྲུབ།

འོད་དཔག་མེད།

འོད་དཔག་མེད།
བདེ་ལྡན་ཞིང་གི་མགོན་པོ་སངས་རྒྱས་འོད་དཔག་མེད་ནི་སྐུ་མདོག་དམར་པོ་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ན་བཟའ་ཆོས་གོས་རྣམ་གསུམ་གསོལ་བ། ཚངས་པར་སྤྱོད་པའི་ཆ་ལུགས་ཅན། མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པའོ༎
གཞི་རྩའི་གནས་ཚུལ།

ལྷ་ཚོགས།
རིན་འབྱུང་ལྷ་ཚོགས།
སྐུ་མདོག
དམར་པོ།
1 ལོ་ཙཱ།

རྒྱ་ཡིག 阿弥陀佛,无量光佛

དབྱིན་ཡིག Amitabha Buddha, Buddha of Infinite Light

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ①འོད་ཚད་མེད་པ། ②སངས་རྒྱས་ཤིག

2.བརྡ་དག་མིང་ཚིག་གསལ་བ་ལས།  སངས་རྒྱས་ཤིག  阿弥陀佛。【增】西方极乐世界的无量光佛。﹝达﹞

3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  〔ཨམིཏཱབྷཿ  〕 བདེ་ལྡན་ཞིང་གི་མགོན་པོ་སངས་རྒྱས་འོད་དཔག་མེད། 无量光佛,阿弥陀佛。极乐世界怙主。

4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིགཆོས་ལུགས། འོད་དཔག་མེད་པའི་ཞིང་གི་བཀོད་པ་བསྟན་པའི་མདོ་སོགས་ནས་བསྟན་པའི་བདེ་བ་ཅན་གྱི་ཞིང་ཁམས་ན་བཞུགས་པའི་སངས་རྒྱས། ཆགས་བྲལ་སྤྲུལ་བའི་སྐུའི་རྣམ་པར་པར་བཞུགས་པ། སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཅན། ཕྱག་མཉམ་བཞག་གི་སྟེང་ལ་ལྷུང་བཟེད་བསྣམས་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་པ་ཞིག ②འོད་ཚད་མེད་པའམ་འོད་ཧ་ཅང་མང་པོ།

3 བཟླ་བྱའི་སྔགས། 

ཨོཾ་ཨ་མྲྀ་ཏ་པྲ་བྷེ་ཨ་མྲྀ་ཏ་ཧཱུཾ།  ཨོཾ་ཨ་མྲྀ་ཏ་པྲ་བྷེ་ཨ་མྲྀ་ཏ་ཧཱུཾ༎


དཔྱད་གཞིའི་ཡིག་ཆ།