འཇམ་དཔལ་ན་ག་རཀྵ།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2019-10-24 11:42ལ་འགྲུབ།

འཇམ་དཔལ་ན་ག་རཀྵ།

འཇམ་དཔལ་ན་ག་རཀྵ།
འཇམ་དཔལ་ན་ག་རཀྵ་ནི་རིན་པོ་ཆེ་བཀྲམས་པའི་རྒྱ་མཚོ་སྦྲུལ་ལས་བྱས་པའི་གཞལ་ཡས་ཁང་གི་ནང་དུ་བདག་ཀླུ་གཉན་སྟན་དུ་བཏིང་བའི་སྟེང་དུ་རིག་པའི་རྒྱལ་པོ་ནཱ་ག་རཀྵ་སྐུ་མདོག་ནག་པོ་དབུ་བཅུ་ཕྱག་བཅོ་བརྒྱད་པ། རྩ་ཞལ་སྲིན་པོའི་གདོང་ཤིན་ཏུ་ཁྲོས་པའམ། ཡང་ན་དབུ་དགུ་ཁྲོ་ཞལ་དུ་བྱས་ཀྱང་ལེགས། གང་ལྟར་ཡང་སྦྲུལ་མགོ་དགུ་བར་སྣང་ཁམས་སུ་འཕྱོ་བ༎ སྦྲུལ་མགོ་དབུ་མའི་སྤྱི་བོར་རྒྱལ་བ་མི་བསྐྱོད་པ་བཞུགས་པ། ཕྱག་གཡས་བརྒྱད་གྲི་གུག་གམ་རལ་གྲི། གཡོན་བརྒྱད་སྦྲུལ་ཞགས་འཛིན་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

ལྷ་ཚོགས།
རིན་འབྱུང་ལྷ་ཚོགས།
སྐུ་མདོག
ནག་པོ།
1 ངོ་སྤྲོད།

འཇམ་དཔལ་ན་ག་རཀྵ་ནི་རིན་པོ་ཆེ་བཀྲམས་པའི་རྒྱ་མཚོ་སྦྲུལ་ལས་བྱས་པའི་གཞལ་ཡས་ཁང་གི་ནང་དུ་བདག་ཀླུ་གཉན་སྟན་དུ་བཏིང་བའི་སྟེང་དུ་རིག་པའི་རྒྱལ་པོ་ནཱ་ག་རཀྵ་སྐུ་མདོག་ནག་པོ་དབུ་བཅུ་ཕྱག་བཅོ་བརྒྱད་པ། རྩ་ཞལ་སྲིན་པོའི་གདོང་ཤིན་ཏུ་ཁྲོས་པའམ། ཡང་ན་དབུ་དགུ་ཁྲོ་ཞལ་དུ་བྱས་ཀྱང་ལེགས། གང་ལྟར་ཡང་སྦྲུལ་མགོ་དགུ་བར་སྣང་ཁམས་སུ་འཕྱོ་བ༎ སྦྲུལ་མགོ་དབུ་མའི་སྤྱི་བོར་རྒྱལ་བ་མི་བསྐྱོད་པ་བཞུགས་པ། ཕྱག་གཡས་བརྒྱད་གྲི་གུག་གམ་རལ་གྲི། གཡོན་བརྒྱད་སྦྲུལ་ཞགས་འཛིན་པ། དང་པོ་གཉིས་ཐུགས་ཀར་བསྣོལ་བར་བྱས་པའང་ཡོད། སྐུ་སྟོད་སྲིན་པོའི་ལུས་རི་རབ་ལ་རྒྱབ་བརྟེན་པ། སྐུ་སྨད་སྦྲུལ་མཇུག་རྒྱ་མཚོའི་གཏིང་དུ་འཁྱིལ་བ། ཞལ་ཐམས་ཅད་ནས་ཨིག་ཤའི་སྒྲ་སྒྲོག་པ། རལ་པ་སྤྲུགས་པ་ལས་སྲོག་ཆགས་གདུག་པའི་ཚ་ཚ་འཕྲོ་བ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ༎ སྙིང་གར་ཡེ་ཤེས་སེམས་དཔའ་སྦྲུལ་དཀར་པོ་འཁྱིལ་ཞིང་གདེངས་ཀ་བྱས་པའི་སྙིང་གར་ཏིང་ངེ་འཛིན་སེམས་དཔའ་ཉི་མ་གནས་པའི་ཕེ་ནག་པོ་སྔགས་ཀྱིས་བསྐོར་བའོ༎

2 བཟླ་བྱའི་སྔགས། 

ཨོཾ་ཕེ་ལཾ་ཧཱུཾ། ནག་པོ་ཏི་པ་ཙ་ནཱ་རཀྵ་ཨོཾ་ཕེ་ལཾ་ཧཱུཾ༎