སེང་གདོང་མ་དམར་མོ།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2019-10-24 10:34ལ་འགྲུབ།

སེང་གདོང་མ་དམར་མོ།

སེང་གདོང་མ་དམར་མོ།
སེང་གདོང་མ་དམར་མོ་ནི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས། གཡས་གྲི་གུག་གསེར་མདོག་ནམ་མཁའ་ལ་འཕྱར་བ། གཡོན་ཐོད་ཁྲག་ཐུགས་དཀར་འཛིན་པ། གྲུ་མོ་ན་ཁ་ཊྭཱཾ་ག་དང་བཅས་པ། སྤྱན་གསུམ། སྐྲ་སེར་གྱེན་དུ་བརྫེས་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

ལྷ་ཚོགས།
རིན་འབྱུང་ལྷ་ཚོགས།
སྐུ་མདོག
དམར་མོ།
1 ངོ་སྤྲོད།

སེང་གདོང་མ་དམར་མོ་ནི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས། གཡས་གྲི་གུག་གསེར་མདོག་ནམ་མཁའ་ལ་འཕྱར་བ། གཡོན་ཐོད་ཁྲག་ཐུགས་དཀར་འཛིན་པ། གྲུ་མོ་ན་ཁ་ཊྭཱཾ་ག་དང་བཅས་པ། སྤྱན་གསུམ། སྐྲ་སེར་གྱེན་དུ་བརྫེས་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་བྱས་པ༎ སྟག་ལྤགས་ཀྱ་ཤམ་ཐབས་དང་། ཕྱག་རྒྱ་ལྔས་བརྒྱན་པ། པད་ཉི་རུ་ཊ་ཕོ་མོ་གན་རྐྱལ་དུ་བསྣོལ་བའི་སྟེང་དུ་ཞབས་གཡས་བསྐུམ་གཡོན་བརྐྱང་པའི་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་སོ༎ 

2 བསྟོད་པ། 

སྐུ་མདོག་དམར་མོ་དགྱེས་པའི་ཉམས་ལྡན་པ༎ བདེ་བའི་ཉམས་ལྡན་དགྱེས་པའི་འཛུམ་ལྡན་མ༎ ཐར་བའི་ལམ་སྟོན་མཆོག་གི་དངོས་གྲུབ་སྟེར༎ མུ་སྟེགས་ཚར་གཅོད་དྲག་སྔགས་འབྲུག་ལྟར་སྒྲོག། སྔགས་ཀྱི་ཡིག་འབྲུས་མཁའ་འགྲོ་དབང་དུ་སྡུད༎ སངས་རྒྱས་བསྟན་སྲུང་དྲག་པོའི་སྤྱོད་པ་མཛད༎ རྣལ་འབྱོར་བར་ཆད་བཟློག་ལ་རབ་བརྩོན་མ༎ ཡེ་ཤེས་མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད༎

3 བཟླ་བྱའི་སྔགས། 

ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ༎