སེང་གདོང་མ་སྔོན་མོ།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2019-10-24 10:33ལ་འགྲུབ།

སེང་གདོང་མ་སྔོན་མོ།

སེང་གདོང་མ་སྔོན་མོ།
སེང་གདོང་མ་སྔོན་མོ་ནི་ཆོས་འབྱུང་གྲུ་གསུམ་མཐིང་ནག་རྒྱ་ཆེ་ཞིང་གཏིང་ཟབ་པ། འབར་བའི་འཕྲེང་བ་འཁྲུག་པ། དེའི་དབུས་སུ་པདྨ་ཆེན་པོ་དང་། ཉི་མ་གནས་པའི་མི་རོའི་སྙིང་གར་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་སྐུ་མདོག་མཐིང་ནག སྐུ་བོང་ཆེ་བས་སྲིད་གསུམ་ཁྱབ་པ་ཡན་ལག་དང་ཉིང་ལག་མཁྲང་ཞིང་ཧྲགས་པ། རབ་ཁྲོས་སེང་གེའི་ཞལ་གདངས་ཤིང་། ལྗགས་འདྲིལ་ལ་མཆེ་བ་གཙིགས་པ། དུག་གི་ཁ་རླངས་ན་བུན་ལྟར་འཐིབས་ཤིང་། དམར་ལ་ཟླུམ་པའི་སྤྱན་རས་གསུམ་པ། སྨ་ར་སྨིན་མ་དབུ་སྐྲ་དམར་སེར་མེ་ལྟར་འབར་ཞིང་ལ་ལ་འཐུར་དུ་འཕྱང་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

ལྷ་ཚོགས།
རིན་འབྱུང་ལྷ་ཚོགས།
སྐུ་མདོག
མཐིང་ནག
1 ངོ་སྤྲོད།

སེང་གདོང་མ་སྔོན་མོ་ནི་ཆོས་འབྱུང་གྲུ་གསུམ་མཐིང་ནག་རྒྱ་ཆེ་ཞིང་གཏིང་ཟབ་པ། འབར་བའི་འཕྲེང་བ་འཁྲུག་པ། དེའི་དབུས་སུ་པདྨ་ཆེན་པོ་དང་། ཉི་མ་གནས་པའི་མི་རོའི་སྙིང་གར་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་སྐུ་མདོག་མཐིང་ནག སྐུ་བོང་ཆེ་བས་སྲིད་གསུམ་ཁྱབ་པ་ཡན་ལག་དང་ཉིང་ལག་མཁྲང་ཞིང་ཧྲགས་པ། རབ་ཁྲོས་སེང་གེའི་ཞལ་གདངས་ཤིང་། ལྗགས་འདྲིལ་ལ་མཆེ་བ་གཙིགས་པ། དུག་གི་ཁ་རླངས་ན་བུན་ལྟར་འཐིབས་ཤིང་། དམར་ལ་ཟླུམ་པའི་སྤྱན་རས་གསུམ་པ། སྨ་ར་སྨིན་མ་དབུ་སྐྲ་དམར་སེར་མེ་ལྟར་འབར་ཞིང་ལ་ལ་འཐུར་དུ་འཕྱང་བ། ཕྱག་གཡས་རྡོ་རྗེ་གྲི་གུག་ནམ་མཁའ་ལ་འཕྱར་ཞིང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། གྲུ་མོ་ན་ཁ་ཊྭཱཾ་ག་ལ་ཌཱ་མ་རུ་དང་འཕན་རྩེ་གསུམ་པ་འཕྱར་བ། ཞབས་གཡོན་བརྐྱང་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟངས་ཅན། སྟགས་ལྤགས་ཀྱི་ཤམ་ཐབས་དང་། མི་ལྤགས་དང་གླ་ལྤགས་སྦྱར་བའི་སྟོད་གཡོགས་གསོལ་བ། ཐོད་པ་སྐམ་པོས་དབུ་བརྒྱན་ཅིང་། སྦྲུལ་དང་རུས་རྒྱན་དང་། མི་མགོའི་དོ་ཤལ་ཅན། ཁྲག་གི་ཐིག་ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུས་བརྒྱན་པ། ཡེ་ཤེས་འོད་འབར་བའི་དབུས་སུ་བཞུགས་ཤིང་། མཁའ་འགྲོའི་མ་བྱེ་བ་འབུམ་སྡེའི་ཚོགསཐམས་ཅད་ཀྱང་ཕྱག་གཡས་པ་རྣམས་ན་སྣ་ཚོགས་པའི་མཚོན་ཆ་འཛིན་ཅིང་།གཡོན་གཙོ་བོ་དང་མཚུངས་པ། སེང་གེའི་ཞལ་ནས་དྲག་སྔགས་ཀྱི་འུར་རུ་རུ་སྒྲོག་པའོ༎

2 བསྟོད་པ། 

དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ༎ མཁའ་འགྲོ་མ་ཡི་འཁོར་ལོས་བསྒྱུར༎ ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད༎ འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ༎ བཅོམ་ལྡན་ཡེ་ཤེས་མཁའ་འགྲོ་མ༎ འཇིགས་གཟུགས་དཔའ་བོའི་ཆེན་མོ་ནི༎ སེང་གེའི་གཟུགས་ཀྱིས་གདུག་པ་འདུལ༎ རྔམ་པའི་ཞལ་ལ་ཕྱག་འཚལ་བསྟོད༎ ཕྱག་གཡས་གྲི་གུག་བསྣམས་པ་ཡིས༎ དགྲ་བགེགས་མ་ལུས་སྲོག་རྩ་གཅོད༎ མི་མཐུན་བར་ཆད་སེལ་མཛད་མ༎ མཐུ་སྟོབས་དྲག་མོ་ཕྱག་འཚལ་བསྟོད༎ གཡོན་པ་ཐོད་ཁྲག་བསྣམས་པ་ཡིས༎ བདུད་བཞི་ཞིང་བཅུའི་སྙིང་ཁྲག་གསོལ༎ འཁོར་བའི་ཁྲག་རྒྱུན་རྩད་ནས་གཅོད༎ བྱང་མ་སྒྲོལ་མ་ཕྱག་འཚལ་བསྟོད༎ དུག་གསུམ་སྒྲོལ་མཛད་ཁ་ཊྭཱཾ་བསྣམས༎ འཇིགས་པའི་སྐུ་ལ་ཐོད་འཕྲེང་ཅན༎ ཞབས་གཉིས་ཉི་ཟླ་པད་སྟེང་དབུས༎ མེ་དཔུང་ཀློང་བཞུགས་ཕྱག་འཚལ་བསྟོད༎ དུག་གསུམ་རྣམ་དག་ཆོས་འབྱུང་ནི༎ རྣམ་ཐར་སྒོ་གསུམ་ཡོངས་རྫོགས་པ༎ མཐིང་ནག་གྲུ་གསུམ་མེ་རི་འབར༎ ཨེ་ལས་དྲག་བྱེད་ཕྱག་འཚལ་བསྟོད༎ བསྙེན་སྒྲུབ་མཆོད་བསྟོད་བགྱིས་པ་ཡིས༎ ས་ལམ་བར་ཆད་ཞི་བ་དང་༎ ཚེ་དང་ལོངས་སྤྱོད་རྒྱས་པ་དང་༎ རྣམ་མཁྱེན་སངས་རྒྱས་མྱུར་ཐོབ་ཤོག ། 

3 བཟླ་བྱའི་སྔགས།

ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ༎

དེ་ལྟ་བུའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་འདི་ཉིད་ལས་བཞིའི་འཕྲིན་ལས་ཀྱི་སྒོ་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་སྩོལ་བ་ལ་བྱིན་རླབས་གཞན་ལས་ཆེས་ཁྱད་པར་དུ་འཕགས་ཤིང་། ཁྱད་པར་མི་དང་མ་ཡིན་པའི་བྱད་ཁ་རྦོད་གཏོང་སོགས་བཟློག་པ་ལ་མཆོག་ཏུ་བསྔགས་སོ༎ ཞེས་སྒྲུབ་ཐབས་རིན་འབྱུང་ལས་གསུངས་སོ༎

ཡེ་དྷརྨ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་ད་ཏ།  ཏེ་ཥཱ་ཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མཧཱ་ཤྲ་མ་ཎཿ༎