ལྷ་མོ་ཤྲ་མ་ཎ།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2019-10-24 10:26ལ་འགྲུབ།

ལྷ་མོ་ཤྲ་མ་ཎ།

ལྷ་མོ་ཤྲ་མ་ཎ།
ལྷ་མོ་ཤྲ་མ་ཎ་ནི་བུམ་པ་རི་རབ་ལྷུན་པོར་གྱུར་པའི་རྩེ་མོར་ཁ་རྒྱན་དཔག་བསམ་གྱི་ཤིང་ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་རྒྱས་པ། རི་རབ་ཀྱི་སྟེང་དུ་པད་ཟླའི་གདན་ལ་ལྷ་མོ་ཤྲ་མ་ཎ་སྐུ་མདོག་སྔོན་མོ་ཞི་ཞིང་སྒེག་པ། རི་རབ་ལ་ཁྱེལ་བཞུགས་ཀྱི་ཚུལ་ཅན། དར་དང་རིན་པོ་ཆེས་བརྒྱན་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

ལྷ་ཚོགས།
རིན་འབྱུང་ལྷ་ཚོགས།
སྐུ་མདོག
སྔོན་པོ།
1 ངོ་སྤྲོད།

ལྷ་མོ་ཤྲ་མ་ཎ་ནི་བུམ་པ་རི་རབ་ལྷུན་པོར་གྱུར་པའི་རྩེ་མོར་ཁ་རྒྱན་དཔག་བསམ་གྱི་ཤིང་ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་རྒྱས་པ། རི་རབ་ཀྱི་སྟེང་དུ་པད་ཟླའི་གདན་ལ་ལྷ་མོ་ཤྲ་མ་ཎ་སྐུ་མདོག་སྔོན་མོ་ཞི་ཞིང་སྒེག་པ། རི་རབ་ལ་ཁྱེལ་བཞུགས་ཀྱི་ཚུལ་ཅན། དར་དང་རིན་པོ་ཆེས་བརྒྱན་པ། ཕྱག་གཡས་ལོང་ངམ་རྔ་ཡབ། གཡོན་དཔག་བསམ་ཤིང་གི་ཡལ་ག་འཛིན་པའོ༎

2 བཟླ་བྱའི་སྔགས། 

ཨོཾ་ཤྲ་མ་ཎ་པི་ཤ་ཙི་ནི་མུཎྜེ་སྭཱ་ཧཱ། ཨོཾ་ཤྲ་མ་ཎ་པི་ཤ་ཙི་ནི་མུཎྜེ་སྭཱ་ཧཱ༎