ཁྱུང་སེར།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2019-10-28 09:46ལ་འགྲུབ།

ཁྱུང་སེར།

ཁྱུང་སེར།
ཁྱུང་སེར་ནི་མཁའ་ལྡིང་གི་རྒྱལ་པོ་གསེར་གྱི་གཤོག་པ་དང་རྡོ་རྗེའི་མཆུ་ཅན། ལུས་རྡོ་རྗེའི་རང་བཞིན་མེ་འབར་བ། ཕྱག་གཡོན་ན་ནོར་བུ་རིན་པོ་ཆེ་དང་། གཡས་ན་ཀླུ་མགོ་བོ་གསུམ་པ་འཛིན་པ། རིན་པོ་ཆེ་དང་མུ་ཏིག་དང་གསེར་གྱི་དབུ་རྒྱན་ཅན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

ལྷ་ཚོགས།
རིན་འབྱུང་ལྷ་ཚོགས།
1 ​ངོ་སྤྲོད།

ཁྱུང་སེར་ནི་མཁའ་ལྡིང་གི་རྒྱལ་པོ་གསེར་གྱི་གཤོག་པ་དང་རྡོ་རྗེའི་མཆུ་ཅན། ལུས་རྡོ་རྗེའི་རང་བཞིན་མེ་འབར་བ། ཕྱག་གཡོན་ན་ནོར་བུ་རིན་པོ་ཆེ་དང་། གཡས་ན་ཀླུ་མགོ་བོ་གསུམ་པ་འཛིན་པ། རིན་པོ་ཆེ་དང་མུ་ཏིག་དང་གསེར་གྱི་དབུ་རྒྱན་ཅན། སྤྲུལ་མགོ་དགུ་པས་རྒྱན་དུ་བྱས་པ། ཀླུ་བརྒྱད་ཞབས་འོག་ཏུ་མནན་པ། འཁོར་མཁའ་ལྡིང་གི་ཚོགས་ཐམས་ཅད་ཀྱིས་བསྐོར་བ། མཁའ་ལྡིང་གི་ཕྱག་རྒྱ་བཅས་པའོ༎

2 བསྟོད་པ། 

དམིགས་མེད་ཐུགས་རྗེ་ཆེན་པོའི་ངང་ཉིད་ནས༎ ཐབས་ལ་མཁས་པས་གདུག་པ་འདུལ་བའི་ཕྱིར༎ ཕྱག་ན་རྡོ་རྗེའི་ལས་ཀྱི་ཕོ་ཉར་སྤྲུལ༎ བདེ་གཤེགས་མཁའ་ལྡིང་ཚོགས་ལ་ཕྱག་འཚལ་ལོ༎

3 བཟླ་བྱའི་སྔགས། 

ཨོཾ་བཛྲ་བ་ཏི་ག་རུ་ཌ་བེ་གེ་ཏ་ཧཱུཾ་ཧཱུཾ་ཛ་ཛ་རི་ཛ་བྲི་ཛ་ཧཱུཾ་ཕཊ༎


བརྡ་འགྲེལ་གདོང་འཛར།

རིག་གནས། ལྷ་ཚོགས། ཁྱུང་སེར།