ཁྱུང་ཁྲ་མན་ངག་ལུགས།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2019-10-24 08:58ལ་འགྲུབ།

ཁྱུང་ཁྲ་མན་ངག་ལུགས།

ཁྱུང་ཁྲ་མན་ངག་ལུགས།
ཁྱུང་ཁྲ་མན་ངག་ལུགས་ནི་པད་ཉིའི་སྟེང་དུ་ཀླུ་རྒྱལ་སོག་མ་མེད་ཉལ་སྟབས་སུ་གནས་པའི་སྟེང་དུ་ཡེ་ཤེས་ཁྱང་ཁྲ་ཙོག་པུའི་ཚུལ་གྱིས་བཞུགས་པ། བརླ་མན་ཆད་སའི་རང་བཞིན་སེར་པོ། ལྟོ་བ་ཆུའི་ཤེས་ཀྱི་རང་བཞིན་སྔོན་པོ་ཅན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

ལྷ་ཚོགས།
རིན་འབྱུང་ལྷ་ཚོགས།
1 ངོ་སྤྲོད།

ཁྱུང་ཁྲ་མན་ངག་ལུགས་ནི་པད་ཉིའི་སྟེང་དུ་ཀླུ་རྒྱལ་སོག་མ་མེད་ཉལ་སྟབས་སུ་གནས་པའི་སྟེང་དུ་ཡེ་ཤེས་ཁྱང་ཁྲ་ཙོག་པུའི་ཚུལ་གྱིས་བཞུགས་པ། བརླ་མན་ཆད་སའི་རང་བཞིན་སེར་པོ། ལྟོ་བ་ཆུའི་ཤེས་ཀྱི་རང་བཞིན་སྔོན་པོ། གཤོག་པ་ནམ་མཁའི་རང་བཞིན་ཁ་དོག་སྣ་ཚོགས་པ། སྤྲིན་སྣ་ལྔ་ལ་རྒྱབ་བརྟེན་པ། ཕྱག་གཡས་སྐྱབས་སྦྱིན་དང་། གཡོན་སྡིགས་མཛུབ་མཛད་པ། གནམ་ལྕགས་ཀྱི་རྭ་གཉིས་ཀྱི་དབུས་ན་ཀླུའི་པོའི་གཙུག་གི་ནོར་བུ་ཕྲོགས་པ་རྒྱན་དུ་མཛད་པ། མེ་དཔུང་དྲག་ལ་རྩུབ་པའི་དབུས་ན་བཞུགས་པའོ༎

2 བསྟོད་པ། 

བརྟན་དང་གཡོ་བའི་གདུག་རྣམས་ཀུན༎ མེ་དང་ཆུ་བཞིན་འཇོམས་མཛད་པའི༎ ཡེ་ཤེས་ལྔ་ཡི་ངོ་བོ་ཉིད༎ མཁའ་ལྡིང་ཁྱོད་ལ་ཕྱག་འཚལ་ལོ༎ འབྱུང་བ་ལྔ་དང་དུག་ལྔ་འཇོམས༎ རིག་ལྔ་ཁྱོད་ལ་ཕྱག་འཚལ་ལོ༎ བརྟན་གཡོ་དུག་རྣམས་རབ་ཞི་ནས༎ དུག་ལྔ་ཡེ་ཤེས་མངོན་འགྱུར་ཤོག །

3 བཟླ་བྱའི་སྔགས། 

ཨོཾ་པཀྵིཾ་སྭཱ་ཧཱ། ཨོཾ་པཀྵིཾ་སྭཱ་ཧཱ། ཨོཾ་པཀྵིཾ་སྭཱ་ཧཱ། ཨོཾ་པཀྵིཾ་སྭཱ་ཧཱ། ཨོཾ་པཀྵིཾ་སྭཱ་ཧཱ༎