རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས།སྔ་མའི་པར་གཞི་དེ རྩེ་ཉི་མ་ཚེ་རིང་།  ནས 2019-10-28 16:54ལ་འགྲུབ།

རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས།

རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས།
རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས་ཚེས་བཅོ་བརྒྱད་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་རིམ་ཁག་ཏང་ཨུད་དང་རྩ་འཛུགས་སྡེ་ཚན་གྱིས་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་བ། ལྔ་བ། དྲུག་པ་བཅས་དང་དེ་བཞིན་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་བཏང་། སྒྱུར་བཅོས་གསར་གཏོད་དང་། དམ་པ་དོན་གཉེར། རྩ་འཛུགས་ཀྱི་ལས་དོན་མཐའ་འཁྱོངས་བཅས་བྱས་ཏེ་ཏང་འཛུགས་སྐྱོང་དང་རྩ་འཛུགས་ཀྱི་ལས་དོན་དེ་བས་ཏན་ཏིག་དང་དེ་བས་ལེགས་པ་ཧུར་ཐག་གིས་བསྒྲུབས་ཏེ་དཔལ་འབྱོར་ལས་དོན་བརྟན་པོའི་ངང་འཕེལ་རྒྱས་ཡོང་བ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ལ་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།
གཞི་རྩའི་གནས་ཚུལ།

མིང་།
རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས།
རྒྱ་ཡིག་གི་མིང་།
全国组织部长会议
དུས་ཚོད།
སྤྱི་ལོ2012ལོ།
ས་གནས།
པེ་ཅིང་།
རིགས།
གྲོས་ཚོགས།
1 ངོ་སྤྲོད།

རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས་ཚེས་བཅོ་བརྒྱད་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་རིམ་ཁག་ཏང་ཨུད་དང་རྩ་འཛུགས་སྡེ་ཚན་གྱིས་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་བ། ལྔ་བ། དྲུག་པ་བཅས་དང་དེ་བཞིན་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་བཏང་། སྒྱུར་བཅོས་གསར་གཏོད་དང་། དམ་པ་དོན་གཉེར། རྩ་འཛུགས་ཀྱི་ལས་དོན་མཐའ་འཁྱོངས་བཅས་བྱས་ཏེ་ཏང་འཛུགས་སྐྱོང་དང་རྩ་འཛུགས་ཀྱི་ལས་དོན་དེ་བས་ཏན་ཏིག་དང་དེ་བས་ལེགས་པ་ཧུར་ཐག་གིས་བསྒྲུབས་ཏེ་དཔལ་འབྱོར་ལས་དོན་བརྟན་པོའི་ངང་འཕེལ་རྒྱས་ཡོང་བ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ལ་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

2 གྲོས་ཚོགས་ཀྱི་ནང་དོན།   
2_1  སྤྱི་ལོ2012ལོའི་གྲོས་ཚོགས་ཐོག    

ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པ་འཚོགས་ཚུན་དུ། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་སྟོབས་ལྡན་འོག་དང་། ཏང་ཨུ་དང་རྩ་འཛུགས་སྡེ་ཁག་རིམ་པ་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པར་བརྟེན། ཏང་ལེགས་སྐྱོང་དང་རྩ་འཛུགས་ལས་དོན་གྱིས་ལྟེ་བར་དམིགས་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། བསྒྱུར་བཅོས་ཁྲོད་སྐུལ་འདེད་དང་རྒྱུན་འཛིན་ཁྲོད་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། ཁྱད་ཆོས་མངོན་གསལ་ལྡན་པ་དང་། ཉམས་མྱོང་གསར་པ་གསོག་འཇོག་བྱས་པས། གྲུབ་འབྲས་མངོན་གསལ་ཐོབ་ཡོད། ལོ་བཞིའི་རིང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་མུ་མཐུད་དུ་ལེགས་ལ་མྱུར་བའི་སྒོ་ནས་མདུན་ཕྱོགས་བྱེད་པར་སྐུལ་འདེད་བཏང་བ་དེ་ནི་ཤུགས་སྣོན་བརྒྱབ་པའི་ཏང་གི་འཛུགས་སྐྲུན་དང་ལེགས་ཐོན་འབྲས་བུ་ཡོད་པའི་རྩ་འཛུགས་ཀྱི་བྱ་བར་ཁ་འབྲལ་ཐབས་མེད་པ་ཞིག་རེད།    

སྤྱི་ལོ2012ལོར་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ཏང་ཨུ་ཁ་ཤས་སྐབས་བརྗེ་དང་། ས་གནས་མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་སྐབས་བརྗེའི་ལས་དོན་ཡང་ཕྱོགས་ཡོངས་ནས་སྤེལ་བ་རེད། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གིས་མུ་མཐུད་ནས་ཀྲུང་དབྱང་གི་བཀོད་སྒྲིག་ལག་བསྟར་ནན་ཏན་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལས་དོན་སྔར་བས་ཞིབ་ཚགས་ངང་དམ་འཛིན་བྱས། སྤྱོད་ཡོན་གཉིས་ལྡན་གྱི་མི་སྔོན་ལ་བཀོལ་སྤྱོད་བྱེད་པའི་ཚད་གཞི་མཐའ་འཁྱོངས་དང་། ས་ཕྱོགས་ཀུན་ནས་འོང་བའི་སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས། ཆབ་སྲིད་བརྟན་པོ་དང་། གྲུབ་འབྲས་མངོན་གསལ་དོད་པ། སྤྱོད་ཚུལ་ཉམས་སད་ཐེག་པ། མང་ཚོགས་ཀུན་གྱིས་ཁས་ལེན་པ་བཅས་ཀྱི་ལས་བྱེད་པ་གདམ་གསེས་ཏན་ཏིག་བྱ་དགོས་པ། ལྷག་པར་དུ་རྩ་དོན་རང་བཞིན་ཆེ་བ་དང་། མང་ཚོགས་ལ་བརྩེ་དུང་ཟབ་མོ་འཆང་བ། སྤྱོད་པ་ཚུལ་མཐུན་ཡིན་པ། དམ་འཛིན་བྱེད་ཕོད་པ་དང་དོ་དམ་བྱེད་མཁས་པ། ལས་ཀའི་ཁྲོད་དུ་བསམ་ཕྱོགས་ཡོད་པ་དང་། ངར་སེམས་ཡོད་པ། སེམས་ཤུགས་ཡོད་པ། བྱས་རྗེས་ཆེན་པོ་འཇོག་པ་བཅས་ཀྱི་ལས་བྱེད་པ་གདམ་གསེས་བྱེད་པར་དོ་སྣང་བྱས་ཏེ། མི་སྣ་བཀོལ་སྤྱོད་ཀྱི་ཁྲིད་ཕྱོགས་ཡང་དག་པ་སྔར་ལས་ལྷག་པར་འཛུགས་དགོས་པ། སྐབས་བརྗེའི་རྟོག་ཞིབ་ཁྲོད། དམངས་གཙོ་དར་སྤེལ་གང་ལེགས་དང་། མང་ཚོགས་ཀྱིས་ལས་བྱེད་པ་འདེམས་སྤྱོད་ཐད་ཤེས་རྟོགས་བྱེད་དབང་དང་། གདམ་གསེས་བྱེད་དབང་། ལྟ་སྐུལ་བྱེད་དབང་བཅས་དོན་འཁྱོལ་ནན་ཏན་བྱས་ཏེ། དམངས་ཀྱི་འདོད་བློར་བརྩི་འཇོག་དང་ཡང་དག་པའི་གཅིག་སྡུད་གཅིག་གྱུར་ཡོང་བ་བྱ་དགོས་པ། ལས་བྱེད་པའི་ཀུན་སྤྱོད་ལ་རྟོག་ཞིབ་བྱེད་པར་མི་སྒེར་དང་། དམངས་གཙོའི་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས། རེ་ཟུང་དང་གླེང་མོལ། དམངས་འདོད་བརྟག་དཔྱད། གྲུབ་འབྲས་དངོས་ལ་དབྱེ་ཞིབ། ལོ་འཁོར་གྱི་དཔྱད་ཞིབ། སྐོར་གཟིགས་ལྟ་སྐུལ། འགག་རྩའི་དུས་སྐབས་ཀྱི་ཉམས་སད་སོགས་ཕྱོགས་མང་པོ་དང་ཐབས་ལམ་མང་པོའི་ཐོག་ནས་རྟོག་ཞིབ་བྱ་རྒྱུ་ཟུང་འབྲེལ་དམ་ཚགས་བྱས་ཏེ། ཁྱོན་ཡོངས་དང་། ལོ་རྒྱུས། རྩོད་སྒྲུབ་བཅས་ཀྱི་སྒོ་ནས་ལས་བྱེད་པའི་ཀུན་སྤྱོད་ལ་གདེང་འཇོག་བྱ་དགོས་པ། ལས་བྱེད་པར་རྟོག་ཞིབ་བྱེད་པའི་ཤེས་ལྡན་མི་སྣས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་དང་སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་གཏོང་བའི་ནུས་པར་རྟོག་ཞིབ་བྱེད་པར་དོ་སྣང་ཆེན་པོ་བྱས་ཏེ། དཔལ་འབྱོར་བསྡོམས་འབོར་དང་འཕེལ་རྒྱས་ཀྱི་མྱུར་ཚད་སོགས་སྟབས་བདེའི་སྒོ་ནས་ལས་བྱེད་པའི་སྲིད་སྐྱོང་བྱས་རྗེས་ལ་གདེང་འཇོག་བྱེད་པའི་གཞི་འཛིན་ས་གཙོ་བོར་བརྩི་བར་སྔོན་འགོག་བྱ་དགོས་པར་བྱས།

ས་གནས་ཀྱི་འགོ་ཁྲིད་ཚན་པ་རིམ་པ་ཁག་སྐབས་བརྗེ་བ་དང་བསྟུན་ནས་ལས་བྱེད་པ་དང་ལྷག་པར་དུ་ན་གཞོན་ལས་བྱེད་པ་འབོར་ཆེན་ཞིག་གིས་འགོ་ཁྲིད་ཚན་པ་གསར་པ་ཞིག་ཏུ་འགྱུར་བར་བྱ་དགོས། ས་གནས་ཁག་གིས་གོ་སྐབས་དེ་དམ་འཛིན་དང་བེད་སྤྱོད་ཡག་པོ་བྱས་ཏེ་འགོ་ཁྲིད་ཚན་ཁག་གི་བསམ་བློ་དང་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་བརྒྱབ་ནས་འགོ་ཁྲིད་ལས་བྱེད་པར་ལྟ་སྟངས་ཡང་དག་འཛིན་པ་དང་། སྤྱི་དང་སྒེར་དང་། བདེན་པ་དང་རྫུན་མ། བདེན་པ་དང་བཅོས་མ་བཅས་ཀྱི་ཐད་གནས་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ་དང་། ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས། སྡུག་འབྱུང་གི་འདུ་ཤེས་བཅས་འཛིན་ཤུགས་ཆེ་རུ་གཏོང་བ། སྲིད་སྐྱོང་གི་ཉམས་སད་དང་། བསྒྱུར་བཅོས་སྒོ་དབྱེའི་ཉམས་སད། ཚོང་རའི་དཔལ་འབྱོར་གྱི་ཉམས་སད། ཕྱི་རོལ་ཁོར་ཡུག་གི་ཉམས་སད་ཐེག་པ། བསམ་བློ་སྒྱིད་ལུག་གི་ཉེན་ཁ། མང་ཚོགས་དང་ཁ་བྲལ་བའི་ཉེན་ཁ། སྒྱིད་ལུག་རུལ་སུངས་ཀྱི་ཉེན་ཁ་བཅས་སྔོན་འགོག་བྱེད་པ། བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་གཏོང་དགོས། འགོ་ཁྲིད་ཚན་པ་ཚང་མས་དམངས་གཙོ་གཅིག་སྡུད་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་པ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་ལམ་ལུགས་དང་བྱེད་ཐབས་ཞིབ་ཕྲ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། རང་རྟོགས་ངང་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ། སྤྱོད་བཟང་དར་སྤེལ་ཧུར་ཐག་གཏོང་བ། སྤྱོད་ངན་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ། འགོ་ཁྲིད་ཚན་ཁག་མཐུན་སྒྲིལ་རོགས་ལས་དང་། འཁོར་སྐྱོད་ཆོད་ཆེ། དུས་ཐོག་ཏུ་རང་ངོས་ཀྱི་གནད་དོན་དང་འགལ་བ་ཐག་གཅོད་བྱེད་པའི་ལས་ཀའི་ནང་རྐྱེན་དང་དོ་དམ་ནང་རྐྱེན་བཅས་ཆགས་པར་བྱ་དགོས་པ་དེའོ།།

ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་དང་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་ཏང་གི་རྩ་འཛུགས་ལས་དོན་ཧྲིལ་པོའི་ཁྲོད་གནས་བབ་ཧ་ཅང་གལ་ཆེན་ལྡན་ཡོད་པས་དུས་དང་རྣམ་པ་ཀུན་ཏུ་ངེས་པར་དུ་ཚད་མཐོའི་མཐོང་ཆེན་དང་རང་རྟོགས་ངང་དམ་འཛིན་བྱེད་དགོས། ཏང་རྩ་འཛུགས་རིམ་པ་ཁག་གིས་གཞི་རིམ་ཏང་སྐྱོང་ལས་ཀའི་འགན་འཁྲིའི་ལམ་ལུགས་ལག་བསྟར་ནན་ཏན་དང་། གྲོང་གསེབ། སྡེ་ཁུལ། ལས་ཁུངས། རྒྱལ་ཁབ་ལ་དབང་བའི་ཁེ་ལས། མཐོ་རིམ་སློབ་གྲྭ། ཚན་རིག་ཞིབ་འཇུག་ཁང་། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས། སྤྱི་ཚོགས་ཀྱི་རྩ་འཛུགས་གསར་པ་སོགས་ཁྱབ་ཁོངས་ཀྱི་ཏང་སྐྱོང་ལས་ཀར་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། གཞི་རིམ་ཏང་རྩ་འཛུགས་ཀྱི་ལས་ཀའི་གཙོ་གནད་དེ་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། དམངས་འཚོར་ཞབས་འདེགས་ཞུ་བ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཐོག་ཏུ་སྤོ་སྒྱུར་ཏན་ཏིག་བྱ་དགོས། ན་གཞོན་བཟོ་པ་དང་། ན་གཞོན་ཞིང་པའི་ཁྲོད་དུ་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་ཀ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྱབ་ཁོངས་གཞན་དག་ཏུ་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་ཀ་གཅིག་གྱུར་གྱིས་ལེགས་པར་བསྒྲུབ་པ། ཏང་ཡོན་ལ་སློབ་གསོ་དང་། དོ་དམ། ཞབས་ཞུ་བཅས་བྱེད་པའི་ལས་ཀར་ཤུགས་སྣོན་རྒྱག་པ། ཏང་ཡོན་དཔུང་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱ་དགོས་པ་བཅས་སོ།།

ད་དུང་རྩ་འཛུགས་སྡེ་ཁག་གིས་རང་ངོས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་བླང་བྱ་གསལ་པོ་བཏོན་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་ལི་ཡོན་ཁྲའོ་ཡིས་ཚོགས་འདུ་ལ་འགོ་འཛིན་གནང་བ་རེད།

2_2 སྤྱི་ལོ2016ལོའི་གྲོས་ཚོགས།

རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་ཚོགས་འདུ་ཚེས15ཉིན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་ཚོགས་འདུར་ཕེབས་པ་དང་གསུང་བཤད་གནང་། ཏང་ཀྲུང་དབྱང་གི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་འཛུགས་པ་དང་ལག་བསྟར་བྱ་རྒྱུར་དམིགས་པ། ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། རྩ་འཛུགས་ལས་དོན་དང་ལས་བྱེད་པའི་ལས་ཀའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་འགོ་ཡག་པོ་ཚུགས་རྒྱུར་རྩ་འཛུགས་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ལིའུ་ཡུན་ཧྲན་གྱིས་དུས་བབ་གསར་པའི་འོག་གི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཏང་ནང་ཁུལ་གྱི་རྒྱུན་གཏན་རང་བཞིན་གྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་བའི་འགག་རྩ་ནི་ཏང་གི་སྒྲིག་ཡིག ཏང་གི་སྒྲིག་སྲོལ་སློབ་སྦྱོང་གཏིང་ཟབ་ཀྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་། རྒྱ་ཆེའི་ཏང་ཡོན་གྱིས་རང་རྟོགས་ངང་ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་གཏམ་སྤྱོད་ཚད་ལྡན་དུ་གཏོང་བ། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་བ་དང་། དགོངས་པ་གསར་བ། འཐབ་ཇུས་གསར་པ་བཅས་ལ་གོ་བ་གཏིང་ཟབ་ལེན་རྒྱུར་ཁྲིད་སྟོན་བྱེད་དགོས། སློབ་སྦྱོང་བྱས་པ་བརྒྱུད་ཕུགས་བསམ་དང་དད་སེམས་སྔར་བས་བརྟན་དུ་གཏོང་བ་དང་། མིག་ལྟོས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ནས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་བ་བཅས་བྱས་ནས“ནན་གསུམ་དྲང་གསུམ”གྱི་བླང་བྱ་དེ་རང་གཅུན་རང་གཅུན་དང་ལས་སྒྲུབ་ལས་གཏོད་ཀྱི་ཕྱོགས་ཁག་ཏུ་མཚོན་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ལིའུ་ཡུན་ཧྲན་གྱིས་ཞིང་ཆེན་དང་། སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་གཏོང་བ། ཉེན་ཟོན་སློབ་གསོར་ཤུགས་སྣོན་རྒྱག་པ། འདེམས་ཤོག་འཕེན་སྐུལ་དང་གསུག་བྱིན་ངོ་བརྒྱུད་ཀྱིས་འདེམས་བསྐོ་བྱེད་པ། དཔོན་གནས་སློང་བ། དཔོན་གནས་ཉོ་འཚོང་བྱེད་པ་སོགས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་ནས་སྐབས་བརྗེའི་གཞུང་དྲང་འགན་ལེན་བྱེད་དགོས། ལས་བྱེད་པར་རྟོག་ཞིབ་དང་འདེམས་སྒྲུག་བསྐོ་སྤྱོད་བྱེད་སྟངས་གསར་གཏོད་བྱེད་པ། ཕྱོགས་ཡོངས་ནས་ལོ་རྒྱུས་དང་རྩོད་སྒྲུབ་ཀྱི་སྒོ་ནས་ལས་བྱེད་པར་རྟོག་ཞིབ་དང་དབྱེ་འབྱེད་བྱེད་པ། དམངས་གཙོས་འོས་སྦྱོར་བྱེད་པའི་གོ་རིམ་དང་བྱེད་ཐབས་ལེགས་བཅོས་བཅས་བྱས་ཏེ། སྟབས་བདེའི་འདེམས་ཤོག་ལ་བརྟེན་ནས་མི་འདེམས་པར་སྔོན་འགོག་བྱ་དགོས། སྒྲིག་ལམ་གསལ་པོ་བཟོ་བ་དང་གཏིང་སྲོལ་གཏོར་ནས་འགོ་ཁྲིད་ལས་བྱེད་པའི་གོ་གནས་སྤོར་གཅོག་གང་རུང་གི་གཏན་འབེབས་འགའ་ཞིག་དོན་འཁྱོལ་ནན་ཏན་བྱེད་པ་དང་། ལས་བྱེད་པ་གདམ་གསེས་བསྐོ་སྤྱོད་ཀྱི་འགན་འདྲིའི་ལམ་ལུགས་བཙུགས་ནས་འཇོན་ཐང་ཡོད་མཁན་དང་། འཇོན་མེད་ཅན། ཞན་གྲས་བཅས་དོར་རྒྱུར་སྐུལ་འདེད་བཏང་སྟེ་སྐྱོན་ཡོད་བཞིན་དུ་གནས་སྤར་བྱེད་རིགས་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས།

ལིའུ་ཡུན་ཧྲན་གྱིས་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་ནས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་འགན་འཁུར་བ་དང་པོའི་འགན་འཁྲི་ཡག་པོ་བསྒྲུབས་ཏེ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ་དང་སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། ལས་བྱེད་པར་དུས་རྒྱུན་གྱི་དོ་དམ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཧུར་ཐག་གིས་ལས་ཀ་སྒྲུབ་པ། རྩ་འཛུགས་སྡེ་ཁག་གིས་ལས་ཀ་མང་ཙམ་སྒྲུབ་པ། ཏང་ཨུའི་ཧྲུའུ་ཅི་དང་རྩ་འཛུགས་པུའུ་ཀྲང་གིས་ལས་ཀ་མང་ཙམ་སྒྲུབ་པ། རྐྱེན་ངན་མ་བྱུང་གོང་ལ་སྔོན་འགོག་བཅས་བྱ་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་ཞབས་ཞུའི་ནུས་པ་ཕན་ཚུན་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱས་ཏེ་ཏང་ནན་སྐྱོང་གི་བླང་བྱ་གཞི་རིམ་དུ་སྣུར་སྲིང་བྱས་ནས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་ཀྲའོ་ལི་ཅིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ལས་དོན་སྙན་སྒྲོན་གནང་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ལས་རིགས་གཙོ་བོར་དམིགས་པ། སྒྱུར་བཅོས་གསར་གཏོད་དང་གནད་སྨིན་གནད་སྨིན་ཡོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དོན་འཁྱོལ་བྱ་རྒྱུ་གཙོ་རྐང་དུ་བྱེད་པ་དང“ནན་གསུམ་དྲང་གསུམ”གྱི་སྤྱོད་ཚུལ་ལ་བརྟེན་ནས་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད། རྒྱ་ཆེའི་ཏང་ཡོན་ལ་ཆབ་སྲིད་ཀྱི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཆེད་བྱས་རྗེས་འཇོག་དགོས་པ། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱས་ཏེ་ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཞང་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པ། འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་སློབ་སྦྱོང་དང་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ལས་བྱེད་པ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་འཚམ་པ་དང་། ཁོང་དུ་ཆུད་པ། སྣེ་ཁྲིད་བཅས་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས་པ། ཏང་འཛུགས་སྐྱོང་གི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ལམ་ལུགས་མཐོ་རུ་གཏོང་བ། ལས་བྱེད་པར་དོ་དམ་དང་ལྟ་སྐུལ་ནན་པོ་བྱ་རྒྱུའི་བླང་བྱ་དོན་འཁྱོལ་བྱས་ཏེ། ལས་བྱེད་པ་འདེམས་སྒྲུག་དང་འགོ་ཁྲིད་ཚན་པ་བཀོད་སྒྲིག་བྱ་རྒྱུ་དེ་བསམ་བློ་དོ་དམ་དང་། སྤྱོད་ཚུལ་དོ་དམ་དང་སྒྲིག་ལམ་དོ་དམ་བྱ་རྒྱུ་ཟུང་འབྲེལ་བྱ་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་སྤྱི་ཡོངས་ཀྱི་ནུས་པ་ཆེ་རུ་བཏང་ནས་ཏང་འཛུགས་སྐྱོང་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུ་དམ་འཛིན་ཡག་པོ་བྱེད་དགོས་པ། ཤེས་ལྡན་མི་སྣ་དང་མི་སྣ་བཀོལ་སྤྱོད་ཀྱི་བྱེད་པོའི་ཧུར་སེམས་སྐུལ་སློང་གང་ལེགས་བྱས་ཏེ་ཤེས་ལྡན་མི་སྣ་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་ཆགས་པར་སྐུལ་འདེད་གཏོང་དགོས།


དཔྱད་གཞིའི་ཡིག་ཆ།