དུས་འཁོར་ཁྱུང་ཁྲ་རྒྱུད་ལུགས།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2019-10-24 08:59ལ་འགྲུབ།

དུས་འཁོར་ཁྱུང་ཁྲ་རྒྱུད་ལུགས།

དུས་འཁོར་ཁྱུང་ཁྲ་རྒྱུད་ལུགས།
དུས་འཁོར་ཁྱུང་ཁྲ་རྒྱུད་ལུགས་ནི་པདྨ་ཟླ་བ་ཉི་མ་བརྩེགས་པའི་གདན་ལ་འདབ་ཆགས་ཀྱི་མགོན་པོ་ཞལ་གཅིག་ཕྱག་གཉིས་པ། རྐང་མཐིལ་ནས་དཔྱིའི་བར་སེར་པོ། དེ་ལྟེ་བའི་བར་དཀར་བ། དེ་ནས་མགྲིན་པའི་བར་དམར་བ། དེ་ནས་སྨིན་མའི་བར་ནག་པ། དེ་ཡན་ཆད་ལྗང་ཁུ་སྤྱན་གསུམ་དང་ལྡན་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

ལྷ་ཚོགས།
རིན་འབྱུང་ལྷ་ཚོགས།
1 ངོ་སྤྲོད།

དུས་འཁོར་ཁྱུང་ཁྲ་རྒྱུད་ལུགས་ནི་པདྨ་ཟླ་བ་ཉི་མ་བརྩེགས་པའི་གདན་ལ་འདབ་ཆགས་ཀྱི་མགོན་པོ་ཞལ་གཅིག་ཕྱག་གཉིས་པ། རྐང་མཐིལ་ནས་དཔྱིའི་བར་སེར་པོ། དེ་ལྟེ་བའི་བར་དཀར་བ། དེ་ནས་མགྲིན་པའི་བར་དམར་བ། དེ་ནས་སྨིན་མའི་བར་ནག་པ། དེ་ཡན་ཆད་ལྗང་ཁུ་སྤྱན་གསུམ་དང་ལྡན་པ། རྒྱལ་བ་ལྗང་ཁུ་དང་རྣམ་རྒྱལ་སྔོན་པོས་དབུ་སྐྲ་བཅིངས་པ། སྟོབས་རྒྱུ་དང་པདྨ་ནག་པོས་སྙན་ཆ། ནོར་རྒྱས་དང་དུང་སྐྱོང་དམར་པོས་ཕྱག་གདུབ། འཇོག་པོ་དང་བང་ཆེན་སེར་པོས་ཞབས་གདུབ། མཐའ་ཡས་དང་རིགས་ལྡན་དཀར་པོས་འོག་པགས་དང་མགུལ་རྒྱན་བྱས་པ། གཤོག་པ་ཁ་དོག་སྣ་ཚོགས་པ་འོད་ཟེར་སྣ་ཚོགས་འཕྲོ་བ། རིགས་ལྔས་དབུ་བརྒྱན་པ། ཀླུ་རྒྱལ་གདུག་པ་ཅན་སྦྲུལ་གྱི་རྣམ་པ་སྐེད་པ་ནས་ཕྱག་གཉིས་ཀྱིས་བཟུང་ཞིང་མགོ་བོ་ཞལ་དུ་གསོལ་བ། མཇུག་མ་ཞབས་འོག་ཏུ་མནན་པའོ༎

རྒྱུད་འགྲེལ་གྱི་དངོས་བསྟན་འདི་ལྟར་ནམ་མཁའ་ལྡིང་ལ་རྭ་མི་དགོས་ཤིང་། ནམ་མཁའ་ལྡིང་གི་ཆ་ལུགས་གཞན་རྣམས་རིན་འབྱུང་གི་ལྷན་ཐབས་ལས་གསུངས་སོ༎

2 ​བཟླ་བྱའི་སྔགས།

ཨོཾ་པཀྵིཾ་སྭཱ་ཧཱ། ཨོཾ་པཀྵིཾ་སྭཱ་ཧཱ། ཨོཾ་པཀྵིཾ་སྭཱ་ཧཱ། ཨོཾ་པཀྵིཾ་སྭཱ་ཧཱ། ཨོཾ་པཀྵིཾ་སྭཱ་ཧཱ༎