རྒྱལ་རྟགས།སྔ་མའི་པར་གཞི་དེ ལ་ཁ་གནམ་ལྷ་ཚེ་རིང  ནས 2019-10-31 14:31ལ་འགྲུབ།

རྒྱལ་རྟགས།

རྒྱལ་རྟགས།
རྒྱལ་རྟགས་ནི་རྒྱལ་ཁབ་ཀྱི་ཚབ་བྱེད་པའི་མཚོན་རྟགས་ཤིག་ཡིན་ལ། མི་རིགས་ཀྱི་མཚོན་རྟགས་ཤིག་ཀྱང་ཡིན། རྒྱལ་ཁབ་ཀྱི་དམིགས་བསལ་གཏན་འཁེལ་བའི་གལ་ཆེའི་ཡིག་ཆ་ལ་རྒྱལ་རྟགས་ཅན་གྱི་ཐམ་ག་བརྒྱབ་ན་ད་གཟོད་ནུས་པ་ཆེན་པོ་ཐོན་གྱིན་ཡོད། རྒྱལ་རྟགས་སྟེང་རྒྱུན་དུ་རང་བྱུང་གི་གཞི་རྒྱུ་སྟེ། དཔེར་ན། སྲོག་ཆགས་ཡོད་ལ་རྩི་ཤིང་ཡང་ཡོད། དེ་བཞིན་དུ་བྱ་དངོས་གཞན་པ་ཀྱང་ཡོད་སྲིད་པས། རྒྱལ་ཁབ་གང་དེའི་ཡུལ་སྲོལ་གོམས་གཤིས་དང་ལོ་རྒྱུས་རིག་གནས་སམ་འདུ་ཤེས་འཛིན་སྟངས་སོགས་མངོན་ཐུབ་ལ། འཛམ་གླིང་སྟེང་གི་རྒྱལ་ཁབ་མང་ཆེ་བའི་རྒྱལ་རྟགས་ནི་ཕུབ་ཀྱི་དབྱིབས་ཅན་གྱི་རྟགས་སུ་གཏོགས་སོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国徽
ཕྱི་ཡིག་གི་མིང་།
national emblem
མིང་ཆ་ཚང་ལ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས།
1 ​ཀྲུང་གོའི་རྒྱལ་རྟགས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་ཀྱི་ནང་དོན་ནི་རྒྱལ་དར་དང་གནམ་བདེ་སྒོ་མོ་ཆེ། འཁོར་ལོ་སོ་ཅན། འབྲུ་ཡི་སྙེ་མ་བཅས་ཡིན། དེས་ཀྲུང་གོའི་མི་དམངས་ཀྱིས“ལྔ་བཞིའི”ལས་འགུལ་ནས་བཟུང་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེའི་འཐབ་རྩོད་དང་བཟོ་བ་གྲལ་རིམ་གྱིས་འགོ་ཁྲིད་བྱེད་པ་དང་བཟོ་ཞིང་མནའ་འབྲེལ་རྨང་གཞི་བྱས་པའི་མི་དམངས་དམངས་གཙོ་སྲིད་དབང་སྒེར་འཛིན་གྱི་ཀྲུང་གོ་གསར་པ་དབུ་བརྙེས་པ་མཚོན་ཡོད། སྤྱི་ལོ1950ལོའི་ཟླ6པའི་ཚེས18ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དང་པོའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་ཀྱི་རི་མོ་དང་རི་མོའི་གསལ་བཤད་ལ་གྲོས་འཆམ་བྱུང་། ལོ་དེའི་ཟླ9ཚེས20ཉིན་ཀྲུའུ་ཞི་མའོ་ཙེ་ཏུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་ཁྱབ་བསྒྲགས་བྱེད་དགོས་པའི་བཀའ་ཕབ། སྤྱི་ལོ1954ལོའི་ཟླ9བར། སྐབས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་སྟེང་རྒྱལ་རྟགས་རེ་རེ་བཞིན་གཏན་འཁེལ་བྱས་པ་གྲོས་འཆམ་བྱུང་། སྤྱི་ལོ1991ལོའི་ཟླ3ཚེས2ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པའི་ཐོག་ཏུ《རྒྱལ་རྟགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ལ་གྲོས་འཆམ་བྱུང་བ་དང་འབྲེལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་ལྟར་སྤྱི་ལོ1991ལོའི་ཟླ10ཚེས1ཉིན་དངོས་སུ་ལག་ལེན་དུ་བསྟར་རོ། །

2 ཀྲུང་གོའི་རྒྱལ་རྟགས་ཀྱི་གོ་དོན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་ནི་དཀྱིལ་ན་སྐར་ལྔའི་འོད་ཟེར་འཕྲོ་བའི་འོག་གནམ་བདེ་སྒོ་མོ་ཆེ་ཡོད་པ་དང་། མཐའ་འཁོར་དུ་འབྲུ་སྙེ་དང་འཁོར་ལོ་སོ་ཅན་ཡོད། འབྲས་སྙེ་མ་དང་། སྐར་མ་ལྔ། གནམ་བདེ་སྒོ་མོ། འཁོར་ལོ་སོ་ཅན་བཅས་ནི་གསེར་མདོག་ཅན་ཡིན་པ་དང་། སྒོར་དབྱིབས་ནང་གི་མཐིལ་དང་དཔྱང་དར་གྱི་ཁ་དོག་ནི་དམར་པོ་ཡིན་ལ། གསེར་དང་དམར་པོ་གཉིས་ཀྱིས་བཀྲ་ཤིས་རྟེན་འབྲེལ་གྱི་ཀྲུང་གོའི་སྲོལ་རྒྱུན་གྱི་རྣམ་པ་མཚོན། གནམ་བདེ་སྒོ་མོ་ཆེ་ཡིས་ཀྲུང་གོ་མི་དམངས་ཀྱིས་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ཞུམ་པ་མེད་པའི་མི་རིགས་ཀྱི་སྙིང་སྟོབས་མཚོན་པ་དང་། འཁོར་ལོ་སོ་ཅན་དང་གྲོ་སྙེ་གཉིས་ཀྱིས་བཟོ་བ་གྲལ་རིམ་དང་ཞིང་བ་གྲལ་རིམ་མཚོན་གྱི་ཡོད། སྐར་མ་ལྔ་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མི་དམངས་ཡར་ལངས་ཐུབ་པ་བྱུང་བ་མཚོན་ནོ། །

3 རྒྱལ་རྟགས་ཀྱི་རིགས། 
3_1 གཅིག  ཆེས་སྣ་མང་གི་རྒྱལ་རྟགས། 

ཨའོ་སི་མན་བཙན་རྒྱལ་གྱི་གོང་མ་ཚང་མར་ཁོང་རང་ཉིད་ཀྱི་མཚན་རྟགས་རེ་ཡོད་པས་དེར་མེ་ཏོག་ཕྲེང་བ་ཞེས་བརྗོད་ཀྱིན་ཡོད་པར་མ་ཟད། རྒྱལ་རྟགས་ལ་ཡང་བརྩི་བཞིན་ཡོད། རིམ་གྱིས་དུས་རབས19པའི་མཇུག་ཏུ་ཡོ་རོབ་ཀྱི་རི་མོའི་ཇུས་འགོད་ལྟར་གྱི་དེང་རབས་ཀྱི་རྒྱལ་རྟགས་བྱུང་ཡོད་པ་དང་། མཐར་སྤྱི་ལོ1882ལོའི་ཟླ4ཚེས17ཉིན་སུའུ་ཏན་གྱི་ཨ་པུའུ་ཏུའུ་ལེ.ཧ་སྨི་ཏེ་སྐུ་ཕྲེང་གཉིས་པས་གྲོས་འཆམ་བྱུང་བ་བརྒྱུད་དེ། སྐར་མ་དམར་པོའི་ཟླ་དར་ནི་ཨའོ་སི་མན་རྒྱལ་རབས་ཀྱི་དར་ཆ་ལ་གཏན་འཁེལ་བྱས་ཤིང་། དེའི་མཐིལ་ནི་ལྗང་གུ་ཡིན་ཞིང་། དེའི་སྟེང་ན་ཡོད་པའི་ཟླ་བ་གསུམ་གྱི་དར་ཆ་ནི་ཧ་ལི་ཧྥ་ཡི་དར་ཆ་ཡིན། དེ་མིན་ད་དུང་ཨའོ་སི་མན་རྒྱལ་རྟགས་ཁྲོད་དེང་སྐབས་ཀྱི་ཐུར་ཁེ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་ཁྲོད་ཀྱི་དབྱིབས་རྩིས་གཞི་རྒྱུ་ཁ་ཤས་ཡོད་ལ། དཔེར་ན། དཀྱིལ་གྱི་འཇོང་དབྱིབས་དང་དྲང་འཕྱང་དུ་བཞག་པའི་སྐར་མའི་གོ་ལ་དང་ཟླ་བ་ལྟ་བུ་ཡིན་ནོ། །

3_2 གཉིས། ཆེས་སྟབས་བདེ་བའི་རྒྱལ་རྟགས། 

འཇར་པན་དུ་བཅའ་ཁྲིམས་ཀྱིས་རྒྱལ་རྟགས་དངོས་སུ་གཏན་འཁེལ་བྱས་མེད་མོད། གོམས་སྲོལ་གྱི་སྟེང་དུ་འཇར་པན་གྱི་གོང་མའི་ཁྱིམ་རྟགས“འདབ་མ་བཅུ་དྲུག་དང་འདབ་མ་བརྒྱད་ཅན་གྱི་ལུག་མིག་མེ་ཏོག་གི་རི་མོ”སྟེ། རི་མོ་དེ་ནི་འཇར་པན་གྱི་མཚོན་བྱེད་རང་བཞིན་ཅན་གྱི་རྒྱལ་ཁབ་ཀྱི་མཚོན་རྟགས་བྱས་ནས་རྒྱ་ཆེར་བཀོལ་བཞིན་ཡོད་ལ། འཇའ་པན་གྱི་གནམ་བསྐོས་གོང་མའི་ཁྱིམ་ནས་བཀོལ་བའི་ཡོ་བྱད་སྟེང་དུ་ནམ་རྒྱུན་རྟགས་འདི་བྲིས་ཡོད། འདབ་མ་མང་བོས་གྲུབ་པའི་གསེར་མདོག་གི་ལུག་མིག་མེ་ཏོག་དེའི་སྟེང་དུ་བབ་ཆགས་ལ་ཞི་འཇམ་ཆེ་བའི་ཤར་ཕྱོགས་སྲོལ་རྒྱུན་རིག་གནས་ཀྱི་སྙིང་སྟོབས་འདུས་ཡོད་ལ། གཞན་ཡང་འཇར་པན་རྒྱལ་སྲིད་ལས་ཁུངས་ཀྱིས་བེད་སྤྱོད་བྱེད་པའི་འཐུས་ཚབ་མཚོན་རྟགས་ནི“ཤིང་ཝུའུ་ཐུང་ལྔ་བདུན་ཅན་གྱི་རི་མོ”ཡིན་པ་དང་རྒྱུན་དུ་རྒྱལ་སྤྱིའི་སྟེང་དང་སྲིད་གཞུང་གི་ཡིག་ཆ་ཀུན་ཏུ་རྟགས་འདི་ནི་རྒྱལ་ཁབ་ཀྱི་མཚོན་རྟགས་ལ་བརྩིས་ནས་སྤྱོད་ཀྱི་ཡོད། དཔེར་ན། འཇར་པན་ས་ཁོངས་ནང་ཡོང་ཆོག་པའི་ཤོག་སྦྱར་གྱི་གཞི་རིས་ལྟ་བུ་ཡིན་ནོ། །

དཔྱད་གཞིའི་ཡིག་ཆ།