རྒྱལ་དར།སྔ་མའི་པར་གཞི་དེ ལ་ཁ་གནམ་ལྷ་ཚེ་རིང  ནས 2019-10-28 17:23ལ་འགྲུབ།

རྒྱལ་དར།

རྒྱལ་དར།
རྒྱལ་དར་ནི་རྒྱལ་ཁབ་ཅིག་གི་མཚོན་རྟགས་རང་བཞིན་གྱི་དར་ཆ་ཡིན་ལ། དེའི་རྣམ་པ་དང་ཁ་དོག རྒྱན་རིས་སོགས་བརྒྱུད་དེ་རྒྱལ་ཁབ་ཅིག་གི་ཆབ་སྲིད་ཀྱི་ཁྱད་ཆོས་དང་སྲོལ་རྒྱུན་རིག་གནས་གཏན་འཁེལ་བྱས་ཡོད་དོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国旗
ཕྱི་ཡིག་གི་མིང་།
National Flag
དོན་སྙིང་།
རྒྱལ་ཁབ་ཀྱི་མཚོན་རྟགས།
འབྱུང་ཡུལ།
ཏེན་མག་རྒྱལ་ཁབ།
1 ​རྒྱལ་དར་གྱི་བྱུང་ཁུངས།

རྒྱལ་དར་ནི་རྒྱལ་ཁབ་ཅིག་གི་བདག་དབང་གི་འདུ་ཤེས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་ཏེ་བྱུང་བའི་ཐོན་དངོས་ཡིན་པ་དང་། འཛམ་གླིང་སྟེང་གི་རྒྱལ་དར་ནི་ཆེས་སྔ་བ་ནི་ཏེན་མག་རྒྱལ་ཁབ་ཀྱི་རྒྱལ་དར་ཡིན་ལ། དེར“ཏེན་མག་མི་དམངས་ཀྱི་སྟོབས་ཤུགས”ཞེས་ཀྱང་འབོད། རྒྱལ་དར་དེའི་མདོག་ནི་དམར་པོ་ཡིན་པ་དང་། སྟེང་དུ་རྒྱལ་གྲམ་དཀར་པོ་ཞིག་ཅུང་གཡོན་ལ་ཕྱོགས་ནས་བྲིས་ཡོད།  ཏེན་མག་ལོ་རྒྱུས་ཡིག་ཚང་ནང་དུ། སྤྱི་ལོ1219ལོར་ཏེན་མག་གི་གོང་མ་ཝར་ཏེ་མ.ཝེ་ཁེ་ཐུའུ་ལི་སིས་དམག་དཔུང་གི་སྣེ་ཁྲིད་དེ་ཨེ་སོ་ནི་ཡའི་ཆོས་དད་སློབ་མར་གཡུལ་འགྱེད་བྱེད་སྐབས། ལོ་དེའི་ཟླ6པའི་ཚེས15ཉིན་ལུང་ཏ་ཉི་སི་དམག་འཐབ་ཁྲོད་དུ་ཏེན་དམག་ནི་དཀའ་ངལ་གྱི་གནས་སུ་གྱར་བས། སྐབས་དེར་གློ་བུར་དུ་ངོས་སུ་རྒྱ་གྲམ་དཀར་པོ་བྲིས་ཡོད་པའི་དར་དམར་ཞིག་ནམ་མཁའ་ནས་ལྷུང་ཞོར“དར་ཆ་འདི་བཟུང་ན་རྒྱལ་ཁ་ཐོབ”ཞེས་སྒྲ་གྲགས་པས། དེ་ལྟ་བུའི་དར་ཆ་ཞིག་གི་སྐུལ་འདེད་འོག་ཏེན་དམག་གིས་དཔའ་ངར་ཆེར་བསྐྱེད་ཀྱིས་དམག་འཐབ་བྱས་ཏེ་ཕམ་ཁ་ནི་རྒྱལ་ཁར་བསྒྱུར་ཐུབ་པ་བྱུང་བས། དུས་དེ་ནས་བཟུང་ངོས་ན་རྒྱ་གྲམ་དཀར་པོ་ཡོད་པའི་དར་ཆ་དེ་ནི་ཏན་མག་རྒྱལ་ཁབ་ཀྱི་རྒྱལ་དར་དུ་གྱུར་ཞིང་། ལོ་རེ་རེ་ཡི་ཟླ6པའི་ཚེས15ནི་ཏེན་མག་རྒྱལ་ཁབ་ཀྱི་རྒྱལ་སྟོན་དུས་ཆེན་དང་གོང་མ་ཝར་ཏེ་མ.ཝེ་ཁེ་ཐུའུ་ལི་སི་ལ་རྗེས་དྲན་བྱེད་པའི་ཉིན་མོ་ཡིན་ནོ། །

2 འཕེལ་རྒྱས།

དུས་རབས20པར་ནས་བཟུང་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁ་སོགས་ཀྱི་རྒྱལ་ཁབ་དག་ལ་རང་བཙན་གྱི་མཐོ་རླབས་འཕྱུར་བ་དང་བསྟུན་ནས་རྒྱལ་དར་འབོར་ཆེན་མང་བོ་རང་བཙན་གྱི་རྒྱལ་ཁབ་གསར་པ་དག་ནས་བྱུང་ཞིང་། ད་ལྟའི་བར་དུ་འཛམ་གླིང་སྟེང་རྒྱལ་དར་མི་འདྲ་བ199ལྷག་ཡོད་དོ། །

3 གྲུབ་ཆ་དང་དེ་དག་གི་མཚོན་དོན།
3_1 གཅིག   ཁ་དོག

འཛམ་གླིང་སྟེང་གི་རྒྱལ་དར་མང་ཆེ་ཤོས་རྩ་བའི་ཁ་དོག་ནི་དམར་པོ་དང་དཀར་པོ། ལྗང་ཁུ། སྔོན་པོ། སེར་པོ། ནག་པོ་བཅས་ཡིན་ལ།  དེ་དག་རེ་རེ་མཚོན་བྱ་ནི།

1)དམར་པོ་ཡིས་རྒྱལ་ཁབ་ཀྱིས་རང་བཙན་དང་བཅིངས་འགྲོལ་གྱི་ཆེད་དུ་འཐབ་རྩོད་བྱེད་པའི་སྙིང་སྟོབས་མཚོན་ལ། སྔོན་བྱོན་དཔའ་བོ་རྣམས་ཀྱི་ཁྲག་དྲོན་དང་དཔའ་ངར། ཟོལ་མེད། ལྷག་བསམ་བཅས་མཚོན། དེ་བཞིན་དུ་རྒྱལ་ཁབ་ཀྱི་དར་རྒྱས་གོང་འཕེལ་ཡང་མཚོན་པར་སྐད། 

2)དཀར་པོ་ཡིས་དྭངས་གཙང་དང་དྲང་བདེན་མཚོན་ལ། མཚར་སྡུག་གི་མ་འོངས་པར་བཅངས་པའི་རེ་སྙེག་མཚོན།  

3)ལྗང་ཁུ་ཡིས་བཀྲ་ཤིས་པ་མཚོན་ཏེ། དབྱི་སི་ལན་གྱི་རྒྱལ་ཁབ་མང་ཤོས་ཀྱི་རྒྱལ་དར་ནི་མདོག་ལྗང་གུ་ཡིན་ཞིང་།  དེ་ནི་དབྱི་སི་ལན་གྱི་ཆོས་ལུགས་ཁྲོད་དུ་ལྗང་གུ་ནི་བཀྲ་ཤིས་པའི་མཚོན་བྱེད་ཡིན།

4)སྔོན་པོ་ཡིས་རྒྱ་མཚོ་དང་གཙང་བོ། ནམ་མཁའ་བཅས་མཚོན།

5)སེར་པོ་ཡིས་ཉི་འོད་དང་གསེར། ཐོན་ཁུངས། རྒྱུ་ནོར་བཅས་མཚོན།

3_2 གཉིས། རྒྱན་རིས།

རྒྱལ་ཁབ་རེ་རེ་ཡི་རྒྱན་རིས་ལ་རང་རང་གི་གོ་དོན་རེ་ཡོད་པ་དང་། དཔེར་ན། ཨ་རིའི་རྒྱལ་དར་སྟེང་དུ་འཕྲེད་ཐིག་དཀར་དམར་བཅུ་གསུམ་ཡོད་པ་དང་དེས་ཐོག་མར་ཨ་རིའི་ཀྲོའུ་བཅུ་གསུམ་མཚོན་པ་དང་། རིམ་གྱིས་ཀྲོའུ་ཇེ་མང་ལ་སོང་བ་དང་བསྟུན་ནས་གོ་དོན་བསྒྱུར་ཏེ། སྐར་མ་ལྔ་བཅུ་ཡོད་པ་དེས་ཨ་རིའི་ད་ལྟའི་ཀྲོའུ་ལྔ་བཅུ་ཡོད་པ་དེ་མཚོན། དེ་བཞིན་དུ་ཨེ་ཅིབ་དང་ཙན་པི་ཡ། ཨའར་པ་ཉི་ཡ། པོ་ལི་ཝེ་ཡ། ཨེ་ཁྭ་ཏོར་སོགས་རྒྱལ་ཁབ་ཀྱི་རྒྱལ་དར་སྟེང་དུ་གླག་རྒོད་བྲིས་ཡོད་པ་དང་། སི་རི་ལན་ཁ་སོགས་ཀྱི་རྒྱལ་དར་སྟེང་དུ་སེང་གེ་བྲིས་ཡོད་པས། དེ་ཡིས་དཔའ་ངར་དང་སྟོབས་ཤུགས་མཚོན། གཞན་དུང་འབྲུག་རྒྱལ་ཁབ་ཀྱི་རྒྱལ་དར་སྟེང་དུ་འབྲུག་རིས་བྲིས་ཡོད་དེ། དེས“ལྷ་འབྲུག་གི་རྒྱལ་ཁབ”ཅེས་རྒྱལ་ཁབ་ཀྱི་དབང་ཆ་དང་མིང་མཚོན་ནོ། །

3_3 གསུམ། གཟུགས་དབྱིབས།

རྒྱལ་དར་མང་ཆེ་ཤོས་ནི་གྲུ་བཞི་ནར་གཟུགས་ཡིན་མོད། འོན་ཀྱང་སུ་ཙེར་གྱི་རྒྱལ་དར་ནི་གྲུ་བཞི་ཁ་གང་མ་ཡིན་ལ། དཀྱིལ་རྒྱ་དུ་གྲམ་དཀར་པོ་ཞིག་ཡོད་པ་དང་དེས་རྒྱལ་ཁབ་གཅིག་གྱུར་དང་སྤྱི་བའི་ཆེད་དུ་ཁེ་ཕན་འབུལ་བའི་སྙིང་སྟོབས་མཚོན། བལ་པོའི་རྒྱལ་དར་གྱི་དབྱིབས་ནི་ཟུར་གསུམ་ཉིས་བརྩེགས་ཅན་ཞིག་ཡིན་ཏེ། ཟུར་གཉིས་ནི་ཟུར་གཡས་ལ་ཕྱོགས་པ་ཞིག་ཡིན་ཞིང་། དེས་རི་བོ་ཧི་མ་ལ་ཡའི་རྩེ་གཉིས་མཚོན་གྱི་ཡོད།

3_4 བཞི། ངོ་བོ།

རྒྱལ་ཁབ་ཁ་ཤས་ཀྱིས་རྒྱལ་དར་ནི་གནས་ཡུལ་ཚང་མར་སྤྱོད་མི་ཆོག་ལ། ཁ་ཤས་ཀྱིས་དམག་དར་བྱེད་མི་ཆོག ཡང་ཁ་ཤས་ཀྱི་རྒྱལ་དར་མཚོ་ཐོག་ནས་བཀོལ་སྤྱོད་བྱེད་མི་ཆོག་པས། བཀོལ་སྤྱོད་སྒྲིག་སྲོལ་ནི་ཁོངས་སུ་གཏོགས་པའི་རྒྱལ་ཁབ་དེའི་བཅའ་ཁྲིམས་ལྟར་གཏན་འཁེལ་དང་ཡང་ནFISམཚོན་རྟགས་ཀྱི་ཤེས་བྱའི་གནས་ཚུལ་དཔྱད་གཞི་བྱས་ཆོག་གོ །


དཔྱད་གཞིའི་ཡིག་ཆ།