ཏང་གི་དར་ཆ།སྔ་མའི་པར་གཞི་དེ ལ་ཁ་གནམ་ལྷ་ཚེ་རིང  ནས 2019-10-31 10:53ལ་འགྲུབ།

ཏང་གི་དར་ཆ།

ཏང་གི་དར་ཆ།
ཏང་གི་དར་ཆ་ནི་ཏང་ཞིག་གི་མཚོན་བྱེད་དང་རྟགས་མཚན་ཡིན་ལ། ཀྲུང་གོའི་གུང་ཁྲན་ཏང་གི་དར་ཆ་ནི་ངོས་སུ་ཏང་རྟགས་ཀྱི་རི་མོ་གསེར་མདོག་གིས་གྲུབ་པའི་དར་དམར་ཞིག་ཡིན་པར་མ་ཟད། རྟགས་ནི་ཟོར་བ་དང་ཐོ་བས་གྲུབ་པ་ཞིག་ཡིན་ནོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
党旗
ཕྱི་ཡིག་གི་མིང་།
A Party's flag
1 ​ཀྲུང་གོའི་གུང་ཁྲན་ཏང་གི་དར་དམར།

ཀྲུང་གོའི་གུང་ཁྲན་ཏང་གི་དར་ཆ་ནི་ངོས་སུ་ཏང་རྟགས་ཀྱི་རི་མོ་གསེར་མདོག་གིས་གྲུབ་པའི་དར་དམར་ཞིག་ཡིན་ལ། དེ་ནི་ཏང་ཞིག་གི་མཚོན་བྱེད་དང་རྟགས་མཚན་ཡིན་པས། ཏང་གི་རིམ་པ་སོ་སོའི་རྩ་འཛུགས་དང་ཏང་ཡོན་རྣམས་ཀྱིས་ཏང་རྟགས་དང་ཏང་གི་དར་ཆ་ལ་བཀུར་བརྩི་དང་སྲུང་སྐྱོབ་བྱེད་དགོས་པར་མ་ཟད། སྒྲིག་ལམ་ལྟར་ཏང་རྟགས་དང་ཏང་གི་དར་ཆ་སྒྲིག་བཟོ་དང་བཀོད་སྤྱོད་བྱེད་དགོས་སོ། །

2 གུང་ཁྲན་ཏང་གིས་ཏང་གི་དར་ཆ་ཐོག་མར་གཏན་ལ་ཕབ་དུས།

1942ལོའི་ཟླ4པའི་ཚེས28ཉིན། ཀྲུང་གུང་དབྱང་ཆབ་སྲིད་ཅུའུ་ཡིས་གུང་ཁྲན་ཏང་གི་དར་ཆའི་རྣམ་པའི་སྐོར་གྱི་གྲོས་ཆོད་བཞག་པ་དང་། གྲོས་ཆོད་ནང་དུ“ཀྲུང་གུང་ཏང་གི་དར་ཆའི་བཟོ་ལྟ་ནི་དར་ཆའི་གསུམ་ཆ་གཉིས་ཙམ་གྱི་གཡོན་ཟུར་གྱི་སྟོད་དུ་ཟོར་བ་དང་ཐོ་བ་ལས། སྐར་མ་ཟུར་ལྔ་མེད”ཅེས་བྲིས་ཡོད། 

3 གུང་ཁྲན་ཏང་གི་དར་ཆའི་གོ་དོན།

གུང་ཁྲན་ཏང་གི་དར་ཆའི་ངོས་ནི་དམར་པོ་ཡིན་པ་དང་དེའི་སྟེང་དུ་གསེར་མདོག་གིས་གྲུབ་པའི་ཏང་རྟགས་རི་མོ་ཡོད། གུང་ཁྲན་ཏང་གི་ཏང་རྟགས་ནི་དམར་པོ་ཡིན་པ་དང་དེས་གསར་བརྗེ་མཚོན། གསེར་མདོག་གི་ཐོ་བ་དང་ཟོར་བ་ནི་བཟོ་བ་དང་ཞིང་བས་ལག་ཆ་ཡིན་པས། དེའི་ཀྲུང་གོའི་གུང་ཁྲན་ཏང་གི་བཟོ་བ་གྲལ་རིམ་གྱིས་སྣེ་ཁྲིད་པ་དང་བཟོ་ཞིང་མནའ་འབྲེལ་བྱས་པ་མཚོན་ལ། བཟོ་བ་གྲལ་རིམ་དང་རྒྱ་ཆེའི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་མཚོན་ནོ། །


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཏང་། དར་ཆ། གསར་བརྗེ། སྟ་རེ། ཟོར་བ།