ཐུན་མོང་ཕྱུག་འགྱུར།སྔ་མའི་པར་གཞི་དེ ལ་ཁ་གནམ་ལྷ་ཚེ་རིང  ནས 2019-10-28 14:53ལ་འགྲུབ།

ཐུན་མོང་ཕྱུག་འགྱུར།

ཐུན་མོང་ཕྱུག་འགྱུར།
ཐུན་མོང་ཕྱུག་འགྱུར་ནི་མི་དམངས་ཡོངས་ཀྱིས་དཀའ་སྤྱད་ངལ་རྩོལ་དང་ཕན་ཚུན་རོགས་རམ་བྱེད་པར་བརྟེན་ནས་མཐར་ཟས་གོས་གཉིས་འཛོམ་གྱི་འཚོ་བའི་ཆུ་ཚད་དུ་སླེབས་པ་བྱ་རྒྱུ་དེ་ཡིན་ཞིང་། གསལ་པོར་བཤད་ན་མཐའ་གཉིས་སུ་གྱེས་པའི་གནས་ཚུལ་དང་དབུལ་ཕོངས་ཀྱི་གནས་ཚུལ་སེལ་ཐབས་བྱེད་པའི་རྨང་གཞིའི་ཐོག་ཡོངས་ཁྱབ་ཏུ་ཕྱུག་པོར་འགྱུར་བ་བྱ་རྒྱུ་དེ་ཡིན་ནོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
共同富裕
ཕྱི་ཡིག་གི་མིང་།
Common Prosperity
ཁོང་གཏོགས།
དཔལ་འབྱོར་རིག་པ།
དམིགས་འབེན།
དབུལ་ཕོངས་ཀྱི་གནས་ཚུལ་སེལ་ཐབས་བྱེད་པའི་རྨང་གཞིའི་ཐོག་ཡོངས་ཁྱབ་ཏུ་ཕྱུག་པོར་འགྱུར་བར་བྱ་རྒྱུ།
1 ​ངོ་སྤྲོད་མདོར་བསྡུས།

ཐུན་མོང་ཕྱུག་འགྱུར་ནི་མི་དམངས་ཡོངས་ཀྱིས་དཀའ་སྤྱད་ངལ་རྩོལ་དང་ཕན་ཚུན་རོགས་རམ་བྱེད་པར་བརྟེན་ནས་མཐར་ཟས་གོས་གཉིས་འཛོམ་གྱི་འཚོ་བའི་ཆུ་ཚད་དུ་སླེབས་པ་བྱ་རྒྱུ་དེ་ཡིན་ཞིང་། གསལ་པོར་བཤད་ན་མཐའ་གཉིས་སུ་གྱེས་པའི་གནས་ཚུལ་དང་དབུལ་ཕོངས་ཀྱི་གནས་ཚུལ་སེལ་ཐབས་བྱེད་པའི་རྨང་གཞིའི་ཐོག་ཡོངས་ཁྱབ་ཏུ་ཕྱུག་པོར་འགྱུར་བ་བྱ་རྒྱུ་དེ་ཡིན། དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་ཀྱི་ནང་དོན་གལ་ཆེན་ཞིག་ཡིན། ཀྲུང་གོ་ནི་ས་རྒྱ་ཆེ་བ་དང་ཐུན་མོང་དུ་ཕྱུག་པོར་ཆགས་པ་ནི་དུས་གཅིག་ཏུ་མངོན་འགྱུར་བྱེད་ཐུབ་པ་ཞིག་མིན་པར། མི་ཁ་ཤས་དང་ས་ཁུལ་ཁ་ཤས་སྔོན་ལ་ཕྱུག་པོར་འགྱུར་བ་དང་། སྔོན་ལ་ཕྱུག་པོར་གྱུར་མཁན་གྱིས་རྗེས་སུ་ཕྱུག་པོར་འགྱུར་མཁན་ལ་རོགས་རམ་བྱས་ཏེ་རིམ་བཞིན་ཐུན་མོང་དུ་ཕྱུག་པོར་འགྱུར་བར་བྱ་དགོས། ཐུན་མོང་དུ་ཕྱུག་པོར་འགྱུར་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་གཏན་འབེབས་དང་འབད་འཐབ་བྱ་རྒྱུའི་དམིགས་འབེན་ཡིན་ལ། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་རྩ་དོན་ཡང་ཡིན་ནོ། །

2  གཞི་རྩའི་མཚན་ཉིད།

ཐུན་མོང་ཕྱུག་འགྱུར་ནི་དཔལ་འབྱོར་རིག་པའི་ཁྱབ་ཁོངས་ཀྱི་གོ་དོན་ཡིན་པས། དེ་ལ་དཔལ་འབྱོར་རིག་པའི་ཕྱོགས་ཀྱི་ཤེས་བྱའི་མཚན་ཉིད་འཇོག་དགོས་ཏེ། ཕྱུག་པོ་ཞེས་པ་ནི་རྒྱུ་ནོར་མང་པོ་ཡོད་པ་མཚོན་ལ། ཕྱུག་པོས་རང་ལ་དབང་བའི་རྒྱུ་ནོར་དང་དངོས་རྫས། ཁང་པ། ས་ཞིང་སོགས་ཀྱི་གྲངས་འབོར་མང་པོས་མཚོན་གྱི་ཡོད་པ་དང་། དབུལ་ཕོངས་ནི་རྒྱུ་ནོར་དང་དངོས་རྫས། ཁང་པ། ས་ཞིང་ལ་སོགས་པའི་གྲངས་འབོར་ཉུང་བས་མཚོན། “ཐུན་མོང་ཕྱུག་འགྱུར”ནི་མི་དམངས་མང་ཚོགས་མཐར་ཐུག་ཕྱུག་པོར་འགྱུར་བ་བྱ་རྒྱུ་དེ་ཡིན་མོད། འོན་ཀྱང“དུས་གཅིག་ཕྱུག་འགྱུར་དང་། དུས་མཉམ་ཕྱུག་འགྱུར། གཅིག་མཚུངས་ཕྱུག་འགྱུར”བཅས་གཏན་ནས་མིན། ང་ཚོས་མི་ཁག་ཅིག་དང་ས་ཁུལ་ཁག་ཅིག་སྔོན་ལ་ཕྱུག་པོར་འགྱུར་དུ་བཅུག་ནས་སྔོན་ལ་ཕྱུག་པོར་གྱུར་མཁན་གྱིས་རྗེས་སུ་ཕྱུག་པོར་འགྱུར་མཁན་ལ་རོགས་རམ་བྱས་ཏེ་རིམ་བཞིན་ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་བྱ་དགོས། དེར་བརྟེན་ཐུན་མོང་ཕྱུག་འགྱུར་ཞེས་པ་ནི་གོམ་སྟབས་གཅིག་མཚུངས་ཀྱི་ཕྱུག་པོར་འགྱུར་བ་དང་ཆ་སྙོམ་ཁོ་ནའི་རིང་ལུགས་རེད་ཅེས་པའི་བཤད་སྟངས་དེ་ནི་ནོར་འཁྲུལ་ཡིན་ཞིང་ཕྱོགས་རེ་བའི་བཤད་སྟངས་ཤིག་ཡིན་ནོ། །

3 གཞི་རྩའི་གོ་དོན།

གཅིག  ཐུན་མོང་ཕྱུག་འགྱུར་ནི་དངོས་པོའི་འཚོ་བ་དང་བསམ་པའི་འཚོ་བ་ཁྱོན་ཡོངས་ནས་ཕྱུག་པ།

གཉིས།  ཐུན་མོང་ཕྱུག་འགྱུར་ནི་ཆ་ཤས་ནས་ཆ་ཚང་བར་རིམ་གྱིས་ཕྱུག་པོར་འགྱུར་བ།

གསུམ། ཐུན་མོང་ཕྱུག་འགྱུར་ནི་དམའ་རིམ་ནས་མཐོ་རིམ་དུ་འགྲོ་བའི་ཕྱུག་འགྱུར་གྱི་བརྒྱུད་རིམ།


དཔྱད་གཞིའི་ཡིག་ཆ།