སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན།སྔ་མའི་པར་གཞི་དེ ལ་ཁ་གནམ་ལྷ་ཚེ་རིང  ནས 2019-10-29 09:27ལ་འགྲུབ།

སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན།

སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན།
སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་ནི་བཟོ་ལས་དཔལ་ཡོན་རྗེས་ཀྱི་དཔལ་ཡོན་གྱི་རྣམ་པ་གསར་བ་ཞིག་ཡིན་ལ། དེ་ནི་མིའི་རིགས་ཀྱི་དཔལ་ཡོན་གྱི་འཕེལ་རྒྱས་དེ་དུས་རིམ་ངེས་ཅན་ཞིག་ལ་ཐོན་པའི་ལྡོག་མེད་ཀྱི་ཐོན་དངོས་ཡིན་ནོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
社会主义生态文明
ཕྱི་ཡིག་གི་མིང་།
Socialist ecological civilization
གོ་དོན།
སྐྱེ་ཁམས་ཁོར་ཡུག་ལ་བརྩི་འཇོག་དང་སྲུང་སྐྱོང་བྱ་རྒྱུ་གཙོ་བོར་འཛིན་པ།
ངོ་བོ།
དཔལ་ཡོན་གྱི་རྣམ་པ་གསར་བ།
1 ​གོ་དོན།

སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་ནི་བཟོ་ལས་དཔལ་ཡོན་རྗེས་ཀྱི་དཔལ་ཡོན་གྱི་རྣམ་པ་གསར་བ་ཞིག་ཡིན་ལ། དེ་ནི་མིའི་རིགས་ཀྱི་དཔལ་ཡོན་གྱི་འཕེལ་རྒྱས་དེ་དུས་རིམ་ངེས་ཅན་ཞིག་ལ་ཐོན་པའི་ལྡོག་མེད་ཀྱི་ཐོན་དངོས་ཡིན། འཛམ་གླིང་གི་ཁོར་ཡུག་ཚོགས་ཆེན་སྟེང་གཏན་ལ་ཕབ་པའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནང་དོན་ཆེན་པོ་ལྔ་ཡི་ཁྲོད་དུ། ཁོར་ཡུག་སྲུང་སྐྱོབ་དང་བསྐྱར་སྐྱེས་ཐུབ་པའི་ཐོན་ཁུངས་ཀྱི་བེད་སྤྱོད་ཆེ་རུ་གཏོང་བ། ཆུ་བེད་གྲོན་ཆུང་སོགས་གང་བྱས་ནའང་འདྲ་ལ། ཡང་ན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རོགས་སྐྱོར་དང་ལྗང་མདོག་གི་ཉོ་ཚོང་ཡིན་ནའང་འདྲ། དོན་ཚན་རེ་རེ་ན་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དམིགས་འབེན་མངོན་ཡོད་ལ། ཁྱད་པར་དུ་འཐབ་ཇུས་འདི་ཡི་བསམ་བློའི་མཛུབ་སྟོན་གྱིས་སྤྱི་ཚོགས་རིང་ལུགས་སྐྱེ་ཁམས་འཛུགས་སྐྲུན་གྱི་གཞུང་ལུགས་སྲ་བརྟན་གཏན་འཁེལ་བྱས་ཡོད་དོ། ། 

2 རྩ་བའི་བླང་བྱ།

ཏང་གི་ཚོགས་ཆེན་བརྒྱད་པའི་སྟེང་གཏན་ལ་ཕབ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་གཞི་རྩའི་བླང་བྱ་ནི།  རང་བྱུང་ལ་བརྩི་བཀུར་བྱེད་པ་དང་། རང་བྱུང་ལ་མཐུན་པ། རང་བྱུང་གི་སྐྱེ་ཁམས་དཔལ་ཡོན་སྲུང་སྐྱོབ་སོགས་ཀྱི་འདུ་ཤེས་འཛུགས་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་གནད་འགག་གི་གནས་སུ་བཞག་སྟེ།  དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་ལེགས་སྐྱོང་། རིག་གནས་དར་སྤེལ། སྤྱི་ཚོགས་ལེགས་བཅོས་བཅས་སོགས་གང་ཅིའི་ཐད་ནས་བརྒྱུད་རིམ་ཧྲིལ་པོ་དང་འདྲེས་པར་བྱ་དགོས་པས།  འདི་ཡི་གཞི་རྩའི་བླང་བྱ་ཡི་དོན་སྙིང་དང་ངོ་བོ་ནི“ཐོན་ཁུངས་གྲོན་ཆུང་གི་ཐེག་ཚད་རྨང་གཞི་བྱེད་པ་དང་རང་བྱུང་གི་ཆོས་ཉིད་ཚད་གཞིར་འཛིན་པ། རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་རྒྱུ་དམིགས་འབེན་དུ་འཛིན་པའི་ཐོན་ཁུངས་གྲོན་ཆུང་ཅན་དང་། ཁོར་ཡུག་འཆམ་མཐུན་ཅན་གྱི་སྤྱི་ཚོགས་སོགས་འཛུགས་སྐྲུན་བྱས་ཏེ། ” སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་དེ་དུས་རབས་གསར་བར་ཕྱོགས་པར་ཧུར་ཐག་བྱེད་དགོས་སོ། །

3 ལོ་རྒྱུས་ཀྱི་དོན་སྙིང་།

གཅིག  སྤྱི་ཚོགས་རིང་ལུགས་སྐྱེ་ཁམས་དཔལ་ཡོན་བཏོན་པ་དེ་ནི་ཀྲུང་གོའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་གི་འགུལ་སྐྱོད་ཆེན་པོ་ཞིག་ཡིན་ཏེ། འཛམ་གླིང་སྟེང་གི་ཀྲུང་གོའི་གོ་གནས་ཆེས་ཆེར་བཏང་ངོ་། །

གཉིས།  སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་བཏོན་པ་དེ་ནི་ཀྲུང་གོའི་མ་འོངས་པའི་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་རྨང་གཞི་ཡིན།

གསུམ། སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་བཏོན་པ་དེ་ནི་ཀྲུང་གོའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་ལས་འཕྲད་པའི་མངོན་གསལ་གྱི་གནད་དོན་ཁག་ཅིག་ལ་མཛུབ་ཁྲིད་དང་ཐག་གཅོད་བྱ་རྒྱུར་ཕན་ཐོགས་ཡོད་དོ། །

4 འཛུགས་སྐྲུན་གྱི་བརྒྱུད་ལམ།

གཅིག  སྐྱེ་ཁམས་སློབ་གསོ་ཤུགས་སྣོན་བྱས་ཏེ། མི་རིགས་ཡོངས་ཀྱི་སྐྱེ་ཁམས་ཀྱི་གོ་རྟོགས་སྤུས་ཚད་མཐོར་འདེགས་གཏོང་དགོས།

གཉིས། ཐོན་སྐྱེད་རྣམ་པ་བཅོས་བསྒྱུར་བྱས་ཏེ། སྐྱེ་ཁམས་ཐོན་ལས་ཤུགས་དྲག་གཏོང་བ།

གསུམ། སྐྱེ་ཁམས་བཟོ་སྐྲུན་ལག་བསྟར་བྱས་ཏེ། ཁྱོན་ཡོངས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བཅོས་སྐྱོང་སྐུལ་འདེད་བྱེད་དགོས།

བཞི། སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྲིད་ཇུས་མ་ལག་དང་ཁྲིམས་ལུགས་མ་ལག་མཐུས་ཚང་གཏོང་དགོས།


དཔྱད་གཞིའི་ཡིག་ཆ།