སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས།སྔ་མའི་པར་གཞི་དེ ལ་ཁ་གནམ་ལྷ་ཚེ་རིང  ནས 2019-10-29 09:53ལ་འགྲུབ།

སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས།

སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས།
སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་ནི་མིའི་རིགས་ཀྱིས་ཧུར་ཐག་འབད་ཐག་གིས་དོན་གཉེར་བྱེད་པའི་མཛེས་སྡུག་ལྡན་པའི་སྤྱི་ཚོགས་ཤིག་དང་དམངས་གཙོ་རིང་ལུགས་ཀྱི་སྲིད་ཏང་གིས་འབད་བརྩོན་ལྷོད་མེད་བྱེད་པའི་སྤྱི་ཚོགས་ཀྱི་ཕུགས་བསམ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
社会主义和谐社会
ཕྱི་ཡིག་གི་མིང་།
harmonious socialist society
དུས་ཚོད།
སྤྱི་ལོ2004ལོ།
རིགས།
སྤྱི་ཚོགས།
1 གཞི་རྩའི་ཁྱད་ཆོས།

དམངས་གཙོའི་ཁྲིམས་སྐྱོང་དང་དྲང་བཞག་དྲང་བདེན། ཟོལ་མེད་མཛའ་མཐུན། གསོན་ཤུགས་ཀྱིས་ཁེངས་པ། བདེ་འཇགས་རིམ་ལྡན། མི་དང་རང་བྱུང་འཆམ་མཐུན་མཉམ་གནས།  སྤྱི་ཚོགས་འཆམ་མཐུན་གྱི་བསམ་བློ་འཛུགས་སྐྲུན་བྱེད་པ་བཅས་སོ། །

2 གཞི་རྩའི་རྩ་དོན།

གཅིག  མི་ནི་གཞི་རྩར་འཛིན་པ་ངེས་པར་དུ་རྒྱུན་འཁྱོངས་བྱེད་པ།

གཉིས། ཚན་རིག་འཕེལ་རྒྱས་ཀྱི་ལྟ་བ་ངེས་པར་དུ་རྒྱུན་འཁྱོངས་བྱེད་པ།

གསུམ། བཅོས་བསྒྱུར་སྒོ་འབྱེད་ངེས་པར་དུ་རྒྱུན་འཁྱོངས་བྱེད་པ།

བཞི། དམངས་གཙོའི་ཁྲིམས་སྐྱོང་ངེས་པར་དུ་རྒྱུན་འཁྱོངས་བྱེད་པ།

ལྔ། བཅོས་བསྒྱུར་སྒོ་འབྱེད་ཀྱི་འཕེལ་རྒྱས་བརྟན་བརླིང་གི་འབྲེལ་བ་ངེས་པར་དུ་ཡང་དག་པར་ཐག་གཅོད་བྱེད་པ།

དྲུག  ཏང་གི་འགོ་ཁྲིད་འོག་སྤྱི་ཚོགས་ཁྱོན་ཡོངས་ནས་ཐུན་མོང་གིས་འཛུགས་སྐྲུན་བྱེད་པ་ངེས་པར་དུ་རྒྱུན་འཁྱོངས་བྱེད་པ།

3 གལ་ཆེའི་དོན་སྙིང་།

གཅིག  སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱ་རྒྱུ་བཏོན་པ་དེ་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་བྱས་པ་ཡིན་ལ། མར་ཁེ་སི་རིང་ལུགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གཞུང་འཛུགས་སྐྲུན་ཕུན་སུམ་ཚོགས་པ་དང་འཕེལ་རྒྱས་བཏང་བ་ཡིན་ནོ། །

གཉིས། སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱ་རྒྱུ་བཏོན་པ་དེ་ནི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་བྱས་པ་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་དང་ཕུན་སུམ་ཚོགས་པར་བཏང་བ་ཡིན་ནོ། །

གསུམ། སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱ་རྒྱུ་བཏོན་པ་དེ་ནི་གུང་ཁྲན་ཏང་གིས་སྲིད་འཛིན་གྱི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་བྱས་པ་ཡིན་ལ། ཏང་གི་སྲིད་འཛིན་འདུ་ཤེས་འཕེལ་རྒྱས་བཏང་བ་ཡིན་ནོ། །

4 གལ་ཆེའི་ལས་འགན།

དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར། མཐུན་འགྲིག སྐྱོན་བྲལ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཡོང་བར་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ནན་ཏན་གྱིས་འཕེལ་རྒྱས་གཏོང་དགོས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་ཇུས་གཞི་ཆེན་པོ་ནན་ཏན་གྱིས་དོན་འཁྱོལ་བྱ་དགོས། བསམ་བློ་དང་ཀུན་སྤྱོད་ལེགས་སྐྱོང་བྱེད་ཤུགས་ནན་ཏན་གྱིས་ཆེ་རུ་གཏོང་དགོས། སྤྱི་ཚོགས་དྲང་གཞག་དང་དྲང་བདེན་ཡོང་བར་ནན་ཏན་གྱིས་སྲུང་སྐྱོབ་བྱ་དགོས། སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་བྱེད་ནུས་ནན་ཏན་གྱིས་ཆེ་རུ་གཏོང་དགོས། སྤྱི་ཚོགས་འཛུགས་སྐྲུན་དང་དོ་དམ་བྱེད་པར་ནན་ཏན་གྱིས་ཤུགས་སྣོན་རྒྱག་དགོས། གནས་བབས་གསར་བའི་འོག་གི་མི་དམངས་ནང་ཁུལ་གྱི་འགལ་བ་གཟབ་ནན་གྱིས་ཐག་གཅོད་བྱ་དགོས། སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་དང་བཅོས་སྐྱོང་གི་ལས་ཀར་ནན་ཏན་གྱིས་ཤུགས་སྣོན་རྒྱག་དགོས། སྤྱི་ཚོགས་བརྟན་བརླིང་ཡོང་བའི་ལས་དོན་ནི་ནན་ཏན་གྱིས་ལེགས་པར་བསྒྲུབ་དགོས་སོ། །


དཔྱད་གཞིའི་ཡིག་ཆ།