སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས།སྔ་མའི་པར་གཞི་དེ ལ་ཁ་གནམ་ལྷ་ཚེ་རིང  ནས 2019-10-28 15:14ལ་འགྲུབ།

སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས།

སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས།
སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ནི་མར་ཁེ་སི་རིང་ལུགས་སློབ་སྟོན་དུ་འཛིན་པ་དང་། ཕུགས་བསམ་ལྡན་པ། ཀུན་སྤྱོད་བཟང་བ། རིག་གནས་ཡོད་པ། སྒྲིག་ཁྲིམས་སྲུང་བ་བཅས་ལྡན་པ་བཞི་ཡི་སྤྱི་དམངས་དམིགས་འབེན་དུ་བཟུང་ནས་དེང་རབས་ཅན་དང་འཛམ་གླིང་། འབྱུང་འགྱུར་བཅས་ལ་ཁ་ཕྱོགས་པ་གསོ་སྐྱོང་བྱས་ཏེ། མི་རིགས་ཀྱི་སྤྱི་ཚོགས་དང་ཚན་རིག་གི་སྤྱི་ཚོགས། མང་ཚོགས་ཀྱི་སྤྱི་ཚོགས་བཅས་ནི་སྐྱོན་བྲལ་ངང་ཧུར་བརྩོན་ཡར་སྐྱེད་བྱེད་པའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
社会主义先进文化
ཁོང་གཏོགས།
ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས།
བསམ་བློའི་སློབ་སྟོན།
མར་ཁེ་སིའི་རིང་ལུགས།
1 གོ་དོན།

སྔོན་ཐོན་རིག་གནས་ནི་དེང་རབས་ཅན་ལ་ཁ་ཕྱོགས་པ་དང་འཛམ་གླིང་ལ་ཁ་ཕྱོགས་པ། འབྱུང་འགྱུར་བཅས་ལ་ཁ་ཕྱོགས་པའི་མི་རིགས་མིའི་རིགས་ཀྱི་སྤྱི་ཚོགས་དང་། ཚན་རིག་གི་སྤྱི་ཚོགས། མང་ཚོགས་ཀྱི་སྤྱི་ཚོགས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ལ་ཟེར། དེའི་རིན་ཐང་གི་ལྟ་བ་ནི་མི་སྒེར་དང་ཁྱིམ་ཚང་། རྒྱལ་ཁབ། མིའི་རིགས་བཅས་ཀྱི་འཆམ་མཐུན་སོགས་ཁྱོན་ཡོངས་ནས་མཐུན་སྦྱོར་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་ཕན་ལ། མི་རྣམས་ཀྱི་སེམས་ཁམས་རང་དབང་དང་ལུས་ཕུང་བདེ་ཐང་། རྒྱུ་ནོར་རང་དབང་སོགས་ཀྱི་ཐད་ལ་ཡིད་ཚིམ་ནས་འཛམ་གླིང་ཧྲིལ་བོ་དང་གཅིག་ཏུ་གྱུར་ཏེ། མཐར་མི་རིགས་མང་པོ་དང་རིག་གནས་མང་པོ་དང་ལྷན་དུ་ཕན་ཚུན་བརྩི་འཇོག་དང་འགྲན་རྩོད་མཉམ་གནས། མཉམ་དར་མཉམ་སྤེལ་བཅས་བྱས་ནས།  གུང་ཁྲན་རིང་ལུགས་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་རེད།

2 གཞི་རྩའི་ཁྱད་ཆོས།

གཅིག སྔོན་ཐོན་རིག་གནས་ཀྱི་འཕེལ་རྒྱས་ནི་རྒྱུན་ལྡན་ཀྱི་གནས་ཚུལ་འོག་སྔོན་ཐོན་ཐོན་སྐྱེད་ནུས་ཤུགས་དང་ཁ་བྲལ་མི་རུང་བ།

གཉིས། ཚན་རིག་རང་བཞིན་དང་ལག་ལེན་རང་བཞིན་གྱི་ཁྱད་ཆོས་ལྡན་པའི་སྔོན་ཐོན་རིག་གནས་མཐའ་དག་ནི་ཚན་རིག་རིག་གནས་ཡིན་ཏེ། དེ་དག་ཚང་མར་ཚན་རིག་སྙིང་སྟོབས་དང་ཚན་རིག་གོ་དོན། ཚན་རིག་བྱེད་ཐབས་སོགས་ཀྱི་རང་བཞིན་ཟབ་མོ་ཡོད་ལ། དེ་དག་ཚང་མས་ལོ་རྒྱུས་ལ་བརྡར་གཅོད་དང་ལག་ལེན་གྱི་ཞིབ་བཤེར་ཐེག་ཐུབ།

གསུམ། དུས་རབས་ཀྱི་རང་བཞིན་མངོན་གསལ་ཆེ་བ་དང་རྒྱང་ལྟའི་རང་བཞིན་གྱི་ཁྱད་ཆོས་ལྡན་པའི་སྔོན་ཐོན་རིག་གནས་ལ་སྔར་ཡོད་ཀྱི་རིག་གནས་སྙིགས་རོ་དང་ཕྱི་ནས་ཡོང་བའི་འགལ་རྐྱེན་གྱི་ཤུགས་རྐྱེན་ཐེབས་མི་རུང་ལ།  དེ་ནི་འཕེལ་རྒྱས་གཏོང་བའི་གོ་རིམ་ཁྲོད་དུ་རྒྱུན་མི་ཆད་པར་རང་ཉིད་དག་བཅོས་དང་རང་ཉིད་གསར་བཅོས། རང་ཉིད་འཐུས་སྒོ་ཇེ་ཚང་དུ་གཏོང་བ་བཅས་བྱས་ཏེ། བརྗིད་ཉམས་ཆེ་བའི་བློ་སྟོབས་ལ་བརྟེན་ནས་མི་རྣམས་འོད་སྟོང་རབ་ཏུ་འཕྲོ་བའི་འབྱུང་འགྱུར་གྱི་ཕྱོགས་སུ་ཁྲིད་སྟོན་བཅས་བྱ་དགོས།

བཞི། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པའི་ཁྱད་ཆོས་ལྡན་པའི་མི་དམངས་མང་ཚོགས་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་ཡིན་ལ། དངོས་པོའི་རྒྱུ་ནོར་དང་བསམ་པའི་རྒྱུ་ནོར་གསར་གཏོད་བྱེད་མཁན་ཡིན།

ལྔ། གནའ་རབས་དང་དེང་རབས། རང་རྒྱལ་དང་ཕྱི་རྒྱལ་ཀུན་ལ་ཁྱབ་པའི་ཁྱད་ཆོས་ལྡན་པའི་སྔོན་ཐོན་རིག་གནས་ལ་བློ་རྒྱ་ཆེན་པོ་ཡོད་ལ། དེ་ནི་གནའ་དེང་ཕྱི་ནང་སོགས་རི་ཀླུང་ཀུན་ལ་ཁྱབ་པའི་ཕྱོགས་བསྡུས་ཀྱི་རིག་གནས་ཤིག་ཡིན།

3 གཞི་རྩའི་འགན་འཁྲི།

མི་ནི་རིག་གནས་གསར་གཏོད་བྱེད་མཁན་དང་རིག་གནས་ལོངས་སྤྱོད་བྱེད་མཁན། རྒྱུན་འཛིན་བྱེད་མཁན་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྤེལ་བྱ་རྒྱུ་དེ་མཐར་གཏུགས་ན་ཉིན་བཞིན་ཇེ་ཆེར་འགྲོ་བའི་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་ཆེད་དང་། མི་རྣམས་ཀྱི་བསམ་པའི་འཇིག་རྟེན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མི་རྣམས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་བ། མི་ཡི་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་ཡིན།

4 གལ་ཆེའི་དོན་སྙིང་།

སྔོན་ཐོན་རིག་གནས་ཀྱིས་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་མི་རིགས་གོང་བུ་ཆགས་པར་བསྔགས་བརྗོད་དང་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་གྱིན་ཡོད། འཛམ་གླིང་ཐོག་གི་དར་ཆེ་བའི་མི་རིགས་ཚང་མར་རང་ཉིད་ལ་དམིགས་བསལ་དུ་ཡོད་པའི་རིག་གནས་ཀྱི་རྣམ་པ་དང་རིག་གནས་ཀྱི་ཁྱད་ཆོས་རེ་ཡོད་ཅིང་། དམིགས་བསལ་དུ་ཡོད་པའི་རིག་གནས་དེ་མི་རིགས་མཉམ་འདྲེས་ཀྱི་སྟོབས་ཤུགས་དང་གོང་བུར་ཆགས་པའི་འབྱུང་ཁུངས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཀྲུང་གོའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱིས་དཀའ་སྤྱད་ཀྱི་སྙིང་རུས་དང་བརྩོན་སེམས་ཀྱིས་ཁྱིམ་སྐྱོང་། གཏུམ་བཙན་ལ་མི་སྐྲག་པ་སོགས་ཀྱི་མི་རིགས་ཀྱི་གཤིས་ཀ་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་གསོ་སྐྱོང་བྱས་ཡོད་པས། ལོ་རྒྱུས་ཐོག་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་དང་ཡར་ཐོན། བརྟན་བརླིང་། གཅིག་གྱུར་བཅས་ཡོང་བར་ནུས་པ་གལ་ཆེན་ཐོན་ཡོད། ད་ལྟ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱ་དགོས་ན།  སྔོན་ཐོན་རིག་གནས་གཅིག་གྱུར་ཆགས་པ་དང་སྐུལ་མ་གཏོང་བའི་ནུས་པ་དང་ཁ་འབྲལ་ཐབས་མེད། 

སྔོན་ཐོན་རིག་གནས་ཀྱིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཁྱོན་ཡོངས་ནས་ཡར་ཐོན་ཡོང་བར་བསམ་པའི་སྒུལ་ཤུགས་འདོན་སྤྲོད་བྱ་དགོས། སྔོན་ཐོན་རིག་གནས་ཀྱིས་སྤྱི་ཚོགས་ཡོངས་ལ་ཐུན་མོང་གི་ཕུགས་བསམ་དང་བསམ་པའི་སྲོག་ཤིང་ཆགས་སུ་འཇུག་ཐུབ་པ་དང་། མི་རྣམས་ལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་ངལ་ཁྱད་བསད།  བྱ་གཞག་ཁག་ལ་རྒྱལ་ཁ་སྔར་ལས་ཆེ་བ་འཐོབ་པའི་བརྩོན་ལེན་བཅས་བྱེད་པར་སྐུལ་མ་གཏོང་ཐུབ། 

སྔོན་ཐོན་རིག་གནས་ནི་ཀྲུང་གོའི་ཕྱོགས་བསྡུས་རྒྱལ་སྟོབས་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་པའི་འདེགས་སྐྱོར་ཡིན་ལ། ཀྲུང་གོའི་གུང་ཁྲན་ཏང་གིས་སྲིད་འཛིན་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་སྲིད་འཛིན་གནས་བབ་སྲ་བརྟན་དུ་གཏོང་བའི་ནང་དོན་གཙོ་བོ་ཞིག་ཀྱང་ཡིན། སྔོན་ཐོན་རིག་གནས་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་སྐྱོན་མེད་ཁོང་དུ་ཆུད་པ་དང་། སྲིད་སྐྱོང་གི་ལག་ལེན་དངོས་ཀྱི་ཁྲོད་དུ་སྔོན་ཐོན་རིག་གནས་གོང་དུ་སྤེལ་བའི་འཇོན་ཐང་དང་འཇོན་ནུས་རྒྱུན་མི་ཆད་པར་ཆེ་རུ་བཏང་ན། ད་གཟོད་ཕྱོགས་བསྡུས་ཀྱི་རྒྱལ་སྟོབས་ཆེ་རུ་གཏོང་ཐུབ་པ་དང་། རྒྱལ་སྤྱིའི་ཐོག་གི་འགྲན་རྩོད་བྱེད་ནུས་ཆེ་རུ་གཏོང་ཐུབ་པ་དང་། མི་དམངས་མང་ཚོགས་ཀྱི་སྔོན་ཐོན་རིག་གནས་ཀྱི་དགོས་མཁོ་སྐོང་ཐུབ་ལ། སྲིད་སྐྱོང་གི་རིག་གནས་ཀྱི་རྨང་གཞི་བརྟན་དུ་གཏོང་ཐུབ་བོ། །


དཔྱད་གཞིའི་ཡིག་ཆ།