སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད།སྔ་མའི་པར་གཞི་དེ ལ་ཁ་གནམ་ལྷ་ཚེ་རིང  ནས 2019-10-30 10:56ལ་འགྲུབ།

སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད།

སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད།
སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་ཡོན་གཅིག་བསྡུས་བྱས་པ་མཚོན། མི་དམངས་དམངས་གཙོ་ནི་སྤྱི་ཚོགས་ཀྱི་ཚེ་སྲོག་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་འཕེལ་རྒྱས་གཏོང་བ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་གྱི་འགྱུར་བ་མེད་པའི་འབད་འཐབ་ཀྱི་དམིགས་འབེན་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
社会主义民主政治
ཕྱི་ཡིག་གི་མིང་།
Socialist Democratic Politics
རྒྱལ་ཁབ།
ཀྲུང་གོ
1 ​ངོ་སྤྲོད། 

སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་ཡོན་གཅིག་བསྡུས་བྱས་པ་མཚོན། མི་དམངས་དམངས་གཙོ་ནི་སྤྱི་ཚོགས་ཀྱི་ཚེ་སྲོག་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་འཕེལ་རྒྱས་གཏོང་བ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་གྱི་འགྱུར་བ་མེད་པའི་འབད་འཐབ་ཀྱི་དམིགས་འབེན་ཡིན། ཀྲུང་གོའི་གསར་བརྗེ་དམག་འཁྲུག་གི་སྐབས་སུ་མའོ་ཙེ་ཏུང་གིས་ཀྲུང་གོའི་གུང་ཁྲན་ཏང་མིའི་ཚབ་བྱས་ཏེ་མི་དམངས་སྲིད་དབང་གསར་འཛུགས་དང་དམངས་གཙོའི་ཆབ་སྲིད་ཀྱི་གོང་དུ་སྤེལ་བའི་ཐད་གྲུབ་འབྲས་གཟེངས་སུ་ཐོན་པའི་འཚོལ་ཞིབ་བྱས་ཏེ། ཧུར་ཐག་གིས་ཉམས་མྱོང་ཕུན་སུམ་ཚོགས་པ་བསགས་ཡོད།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། རང་རྒྱལ་གྱིས་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་སྒྲིག་གཞི་དང་མི་དམངས་མཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ཀྱི་ཆབ་སྲིད་སྒྲིག་གཞི་མངོན་འགྱུར་བྱས་པ་དང་།  ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ཀྱི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོལ་མོལ་ལམ་ལུགས། མི་རིགས་ས་ཁུལ་གྱི་རང་སྐྱོང་ལམ་ལུགས་མངོན་འགྱུར་བྱས་པ་སོགས་ནི་རང་རྒྱལ་གྱི་ཆབ་སྲིད་འཛུགས་སྐྲུན་དང་དཔལ་ཡོན་ཆབ་སྲིད་འཕེལ་རྒྱས་ཀྱི་རྨང་གཞི་རླབས་ཆེན་ངང་ལག་བསྟར་གཏན་འབེབས་བྱས་པ་ཡིན་ནོ། །

2 འཕེལ་རིམ།

1949—1954ལོར། ཐོག་མར་གསར་དུ་བཏོན་པའི་དུས་རིམ། 

1954—1966ལོར། གསར་འཛུགས་ཀྱི་དུས་རིམ། 

1966—1976ལོར། གཏོར་སྐྱོན་ཆེན་པོའི་དུས་རིམ།

1976—1997ལོར། བསྐྱར་འཛུགས་ཀྱི་དུས་རིམ།

ཏང་གི་ཚོགས་ཆེན་བཅུ་དྲུག་པ་ནས་ད་ལྟའི་བར།  འཕེལ་རྒྱས་ཀྱི་དུས་རིམ།

3 ལྡོག་མེད་རང་བཞིན།

སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལམ་ལུགས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཡིན། དེ་ནི་ཀྲུང་གོས་ཉེ་རབས་ནས་བཟུང་དུས་ཡུན་རིང་པོར་འབད་འཐབ་བྱས་པའི་ལོ་རྒྱུས་ཀྱི་གཏན་ཚིགས་དང་གཞུང་ལུགས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་བཅས་ལས་བྱུང་བའི་ལྡོག་མེད་ཀྱི་འབྲས་བུ་ཡིན་ལ། ཏང་གི་ངོ་བོའི་རང་བཞིན་རྒྱུན་འཁྱོངས་དང་ཏང་གི་གཞིའི་རྩའི་མཛུབ་སྟོན་ལག་བསྟར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན། འཛམ་གླིང་ཐོག་རྩ་བ་ནས་གཅིག་མཚུངས་ཡིན་པའི་ཆབ་སྲིད་ལམ་ལུགས་ཀྱི་མ་དཔེ་ཞིག་མེད་པས། ཆབ་སྲིད་ལམ་ལུགས་དེ་དམིགས་བསལ་གྱི་སྤྱི་ཚོགས་ཀྱི་ཆབ་སྲིད་ཆ་རྐྱེན་དང་། རིག་གནས་ལོ་རྒྱུས་ཀྱི་སྲོལ་རྒྱུན་དང་བྲལ་ནས་སྤྱི་མཚན་དུ་ཤན་འབྱེད་བྱེད་མི་རུང་བ་དང་། གཅིག་གིས་གཅིག་ལ་བརྩི་མི་རུང་བ། ཕྱི་རྒྱལ་གྱི་ཆབ་སྲིད་ལམ་ལུགས་ཀྱི་མ་དཔེ་འདྲ་བཤུས་བྱེད་མི་རུང་བ་བཅས་བྱེད་དགོས། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཡུན་རིང་མཐའ་འཁྱོངས་དང་རྒྱུན་ཆད་མེད་པར་འཕེལ་རྒྱས་བཏང་ནས། ཆབ་སྲིད་སྒྲིག་སྲོལ་བསྒྱུར་བཅོས་བརྟན་པོའི་ངང་ཧུར་ཐག་གིས་སྤེལ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་འགྱུར་བར་སྐུལ་འདེད་བཏང་ན། ད་གཟོད་མི་དམངས་ཀྱིས་བཅའ་ཁྲིམས་ལྟར་ཐབས་ལམ་དང་རྣམ་པ་འདྲ་མིན་སྣ་ཚོགས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ལས་དོན་དོ་དམ་དང་།  དཔལ་འབྱོར་རིག་གནས་བྱ་གཞག་དོ་དམ། སྤྱི་ཚོགས་ཀྱི་ལས་དོན་དོ་དམ་བཅས་ཁག་ཐེག་བྱེད་ཐུབ་པ་དང་། སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་ལྷིང་འཇགས་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་སྲ་བརྟན་དང་འཕེལ་རྒྱས་གཏོང་ཐུབ་བོ། །

4 གཞི་རྩའི་གྲོས་དོན།

སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་གལ་ཆེའི་དམིགས་འབེན་ཡིན།  དམིགས་འབེན་འདི་མངོན་འགྱུར་བྱ་ཆེད་ཏང་གི་འགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཅིག་གྱུར་བཅས་ངེས་པར་དུ་རྒྱུན་འཁྱོངས་བྱ་དགོས།

མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་རྩ་ཡིན། ཆབ་སྲིད་སྒྲིག་སྲོལ་བསྒྱུར་བཅོས་དེ་རང་རྒྱལ་གྱི་ཁྱོན་ཡོངས་བསྒྱུར་བཅོས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་རྒྱུན་མི་ཆད་པར་ཇེ་ཟབ་ཏུ་གཏོང་དགོས་པ་དང་། མི་དམངས་རྣམས་ཆབ་སྲིད་ནང་ཞུགས་པའི་བརྩོན་སེམས་རྒྱུན་ཆད་མེད་པར་ཚད་མཐོ་རུ་གཏོང་དགོས། ཆབ་སྲིད་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་བྱེད་པར་ངེས་པར་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་ལེན་བྱ་རྒྱུ་རྩ་བར་འཛིན་པ། ཏང་དང་རྒྱལ་ཁབ་ཀྱི་གསོན་ཤུགས་ཆེ་རུ་གཏོང་བ། མི་དམངས་ཀྱི་བརྩོན་སེམས་སྐུལ་སློང་བྱ་རྒྱུ་དམིགས་ཡུལ་དུ་འཛིན་པ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་རྒྱ་སྐྱེད་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་དཔལ་ཡོན་གོང་དུ་སྤེལ་བ་བཅས་བྱས་ཏེ་ཏང་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་བར་ལམ་ལུགས་རང་བཞིན་གྱིས་འགན་སྲུང་འདོན་སྤྲོད་བྱེད་དགོས་སོ། །

དཔྱད་གཞིའི་ཡིག་ཆ།