སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར།སྔ་མའི་པར་གཞི་དེ ལ་ཁ་གནམ་ལྷ་ཚེ་རིང  ནས 2019-10-30 10:58ལ་འགྲུབ།

སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར།

སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར།
སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ནི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་སྤྱི་ཚོགས་ལམ་ལུགས་དང་ཟུང་དུ་སྦྲེལ་བའི་ཁྲོམ་རའི་དཔལ་འབྱོར་ཡིན་ཞིང་། དེས་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་ངོ་བོ་མཚོན་ཡོད། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱིས་སྤྱི་ཁོག་སྙོམ་སྒྲིག་བྱེད་པའི་ཁྲོད་ཐོན་ཁུངས་བཀོད་སྒྲིག་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་པའི་དཔལ་འབྱོར་གྱི་སྒྲིག་སྲོལ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
社会主义市场经济
ངོ་བོ།
དཔལ་འབྱོར་གྱི་གཞུང་ཕྱོགས་ཐ་སྙད།
ཁྱབ་ཁོངས།
དཔལ་འབྱོར།
ཁྱད་ཆོས།
སྤྱི་ཚོགས་རིང་ལུགས་དང་ཟུང་འབྲེལ་བྱས་ཡོད་པ།
1 ​ངོ་སྤྲོད། 

སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ནི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་སྤྱི་ཚོགས་ལམ་ལུགས་དང་ཟུང་དུ་སྦྲེལ་བའི་ཁྲོམ་རའི་དཔལ་འབྱོར་ཡིན་ཞིང་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་ངོ་བོ་མཚོན་ཡོད། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱིས་སྤྱི་ཁོག་སྙོམས་སྒྲིག་བྱེད་པའི་ཁྲོད་ཐོན་ཁུངས་བཀོད་སྒྲིག་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་པའི་དཔལ་འབྱོར་སྒྲིག་སྲོལ་ཞིག་ཡིན། དེས་དཔལ་འབྱོར་བྱེད་སྒོ་དེ་རིན་ཐང་གི་ཆོས་ཉིད་ཀྱི་བླང་བྱ་ལྟར་འདོན་སྤྲོད་བར་གྱི་འབྲེལ་བའི་འགྱུར་ལྡོག་དང་འཚམ་པར་བྱེད་པ་དང་། རིན་གོང་བཀན་ནུས་དང་འགྲན་རྩོད་ཀྱི་ནང་རྐྱེན་ལ་བརྟེན་ནས་ཐོན་ཁུངས་དག་ཕན་འབྲས་ལེགས་ཤོས་ཀྱི་ལྷུ་ཚིགས་སུ་བཀོད་སྒྲིག་བྱ་དགོས་པ་མ་ཟད། ཁེ་ལས་རྣམས་དྲག་རྒྱལ་ཞན་ཕམ་ཡོང་བར་བྱ་དགོས། དཔལ་འབྱོར་གྱི་བརྡ་རྟགས་སྣ་ཚོགས་ལ་ཚོང་རས་ཚོར་བ་སྐྱེན་པའི་ཁྱད་ཆོས་ལ་བརྟེན་ནས་ཐོན་སྐྱེད་དང་དགོས་མཁོ་དུས་ཐོག་ཏུ་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་དགོས།

2 འཕེལ་རིམ་།

1949-1978ལོར་དཔལ་འབྱོར་སྒྲིག་གཞིའི་བསྒྱུར་བཅོས་ཀྱི་སྨྱུ་གུ་འབུས་འགོ་ཚུགས།

1978-1992ལོར་དཔལ་འབྱོར་སྒྲིག་གཞིའི་བཅོས་བསྒྱུར་ལ་དམིགས་འབེན་ཟབ་མོ་བཙུགས་པའི་དུས།

1993-2002ལོར་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་འགོ་བཙུགས་པའི་དུས།

2003-2019ལོར་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་འཐུས་ཚང་ཅན་གྱི་དུས་སྐབས།

3 གཞི་རྩའི་གོ་དོན།

གཅིག སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ནི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་དང་ཟུང་དུ་འབྲེལ་བ་ཡིན་ཏེ། རྒྱལ་ཁབ་ཀྱིས་སྤྱི་ཁོག་སྙོམ་སྒྲིག་བྱེད་པའི་ཁྲོད་ཁྲོམ་རའི་ཐོན་ཁུངས་བཀོད་སྒྲིག་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན།

གཉིས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གཞུང་ལུགས་ནི་ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཁྲོད་གསར་གཏོད་ཀྱི་དོན་སྙིང་ལྡན་པའི་གྲུབ་ཆ་ཞིག་ཡིན་ལ། དེ་ནི་སྲོལ་རྒྱུན་དཔལ་འབྱོར་གཞུང་ལུགས་བཟོ་བཅོས་བྱས་པ་ཞིག་ཡིན་ནོ། །

གསུམ། ཁྲོམ་རའི་དཔལ་འབྱོར་ནི་ཚད་མཐོ་བའི་སྤྱི་ཚོགས་ཅན་དང་ཁྲོམ་ར་ཅན་གྱི་ཚོང་ཟོག་དཔལ་འབྱོར་ཡིན་ལ། ཁྲོམ་ར་ཡིས་ཐོན་ཁུངས་སྙོམ་སྒྲིག་ཁྲོད་དཔལ་འབྱོར་ཐག་གཅོད་རང་བཞིན་གྱི་བྱེད་ནུས་ཐོན་པ་ཡིན།

བཞི། ཁྲོམ་རའི་དཔལ་འབྱོར་ལ་འདྲ་མཉམ་རང་བཞིན་དང་ཁྲིམ་ལུགས་རང་བཞིན། འགྲན་རྩོད་རང་བཞིན། སྒོ་འབྱེད་རང་བཞིན་གྱི་ཁྱད་ཆོས་ལྡན།

ལྔ། ཁྲོམ་རའི་དཔལ་འབྱོར་ནི་བཀོད་སྒྲིག་ལེགས་པོ་མངོན་འགྱུར་བྱེད་པར་ནུས་པ་ལྡན་པའི་རྣམ་པ་ཞིག་ཡིན།

དྲུག  ཁྲོམ་རའི་དཔལ་འབྱོར་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་དགེ་མཚན་འདོན་སྤྲོད་བྱས་ཆོག

4 གཞི་རྩའི་ཁྱད་ཆོས།

ཁྲོམ་རའི་དཔལ་འབྱོར་ནི་དཔལ་འབྱོར་གྱི་ནང་རྐྱེན་ཞིག་ཡིན་པས། དེའི་གཞི་རྩའི་ཁྱད་ཆོས་སམ་ནང་གནས་ཀྱི་བླང་བྱ་ནི་འཁོར་སྐྱོད་ཀྱི་རང་བདག་རང་བཞིན་དང་། འདྲ་མཉམ་རང་བཞིན། འགྲན་རྩོད་རང་བཞིན། ཕན་ནུས་རང་བཞིན་བཅས་ལ་བརྟེན་ནས་ཐོན་ཁུངས་བཀོད་སྒྲིག་བྱེད་ཀྱིན་ཡོད་ཅིང་། དེ་ཉིད་ལ་ལམ་ལུགས་ཀྱི་ངོ་བོ་མེད་པས་སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་དང་ཟུང་འབྲེལ་བྱས་ཆོག་པའི་ངོ་བོ་མི་འདྲ་བ་མཚོན་གྱི་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ཆ་རྐྱེན་འོག་གི་ཁྲོམ་རའི་དཔལ་འབྱོར་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ཁྲོད་དུ་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ནན་བཤད་བྱེད་པ་ལས་ཁྲོམ་རའི་དཔལ་འབྱོར་ཉིད་ལ་མ་རྩ་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་ལྡན་པའི་དབྱེ་བ་ཡོད་ཅེས་བཤད་པ་མིན་ནོ། །    

ཚོང་རའི་དཔལ་འབྱོར་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་ཁེ་ཕན་མི་འདྲ་བའི་འབྲེལ་བས་ཐག་གཅོད་བྱེད་པའི་དཔལ་འབྱོར་གྱི་རྣམ་པ་ཞིག་ཡིན། དེར་རང་ཉིད་ཀྱི་གཏན་འབེབས་རང་བཞིན་ཡོད་ལ། གཏན་འབེབས་རང་བཞིན་འདི་ནི་སྤྱི་ཚོགས་དཔལ་འབྱོར་ལམ་ལུགས་མི་འདྲ་བའི་ཁྲོད་ཀྱི་ཚོང་རའི་དཔལ་འབྱོར་གྱི་ཐུན་མོང་རང་བཞིན་དང་ཡང་ན་སྤྱིར་བཏང་རང་བཞིན་ཡིན། སྤྱི་ཚོགས་ཀྱི་ལམ་ལུགས་དང་ཆ་རྐྱེན་མི་འདྲ་བས་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་ལ་ཁྱད་ཆོས་མི་འདྲ་བ་ལྡན་པར་བྱས་ཏེ། ཁྲོམ་རའི་དཔལ་འབྱོར་ལ་སྤྱི་ཚོགས་ཀྱི་ཆ་རྐྱེན་མི་འདྲ་བའི་འོག་གི་དམིགས་བསལ་རང་བཞིན་མཚོན་པ་རེད།    སྤྱི་ཚོགས་རིང་ལུགས་ཀྱི་ཆ་རྐྱེན་ཁྲོད་ཚོང་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ཀྱི་ཚོད་འཛིན་དང་ཤུགས་རྐྱེན་ཐེབས་ངེས་ཡིན་ལྡན་པས། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་ལ་དམིགས་བསལ་གྱི་གཞི་རྩའི་ཁྱད་ཆོས་ཐོན་ངེས་སོ། །


དཔྱད་གཞིའི་ཡིག་ཆ།