ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ།སྔ་མའི་པར་གཞི་དེ ལ་ཁ་གནམ་ལྷ་ཚེ་རིང  ནས 2019-10-29 16:33ལ་འགྲུབ།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ད་ལྟའི་དུས་རིམ་གྱི་རྩ་འཛིན་ཉིང་བསྡུས་བྱས་པ་ཞིག་ཡིན་ལ། ཀྲུང་གོའི་མི་དམངས་ཀྱི་ལོ་རྒྱུས་ཀྱི་གདམས་གསེས་ཡིན་པར་མ་ཟད། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་ཡིན་ནོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国特色社会主义道路
དམིགས་འབེན།
ཕྱུག་འགྱུར་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག
འབྲེལ་ཡོད།
གུང་ཁྲན་ཏང་།
1 ​ངོ་སྤྲོད། 

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག རྒྱལ་དོན་གཏན་འཁེལ་དང་དཔལ་འབྱོར་འཛུགས་སྐྲུན་ལྟེ་བ་བྱས་ཏེ། རྩ་བའི་རྩ་དོན་བཞི་རྒྱུན་འཁྱོངས་དང་བཅོས་བསྒྱུར་སྒོ་འབྱེད་རྒྱུན་འཁྱོངས། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་དང་བཅིངས་འགྲོལ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་དང་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཆབ་སྲིད། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས། སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་རིག་གནས་བཅས་འཛུགས་བསྐྲུན་བྱས་ཏེ། མིའི་ཕྱོགས་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱེད་པ། ཁྱོན་ཡོངས་ཀྱི་མི་དམངས་ཐུན་མོང་ཕྱུག་འགྱུར་ཡོང་བ་རིམ་གྱིས་མངོན་འགྱུར་བྱེད་པ་དང་། ཕྱུག་འགྱུར་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཅིག་འཛུགས་སྐྲུན་བྱེད་པ།

2 ཡང་དག་པའི་བགྲོད་ལམ་ཉག་ཅིག

གཅིག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ནི་ཏང་དང་མི་དམངས་ཀྱིས་དུས་ཡུན་རིང་བོའི་ལག་བསྟར་ཁྲོད་གསར་ཏུ་བཏོན་པའི་བགྲོད་ལམ་ཞིག་ཡིན།

གཉིས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི“ཁྱད་ཆོས”དེ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ཁྲོད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོལ་དང་རྒྱ་སྐྱེད་གཏོང་དགོས།

གསུམ། ལོ་རྒྱུས་གསར་བའི་འགོ་རྩོམ་ས་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་སྤྱི་ཚོགས་ཀྱི་རིང་ལུགས་ཀྱི་བགྲོད་ལམ་མུ་མཐུད་དུ་རྒྱུན་འཁྱོངས་དང་རྒྱ་སྐྱེད་གཏོང་དགོས།

3 ལེགས་ཆ་ཆེན་པོ་བཞི།

གཅིག  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ནི་ཚན་རིག་གཞུང་གིས་མཛུབ་ཁྲིད་བྱས་པའི་བགྲོད་ལམ་ཡིན་ཏེ། འདི་ལྟ་བུའི་བགྲོད་ལམ་གྱིས་མིག་སྔར་དང་མ་འོངས་པའི་དཀའ་གནད་ཐག་གཅོད་བྱེད་པའི་ཁ་ཕྱོགས་གསལ་བོར་སྟོན།

གཉིས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ནི་མི་དམངས་ཀྱིས་གསར་དུ་བཏོན་པའི་ལོ་རྒྱུས་ཀྱི་བགྲོད་ལམ་ཞིག་ཡིན་ཏེ། འདི་ལྟ་བུའི་བགྲོད་ལམ་གྱིས་མིག་སྔར་དང་མ་འོངས་པའི་དཀའ་གནད་ཐག་གཅོད་བྱེད་པར་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད།

གསུམ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ནི་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ་དོན་ཆེན་བསྒྲུབ་པའི་བགྲོད་ལམ་ཞིག་ཡིན་ཏེ། འདི་ལྟ་བུའི་བགྲོད་ལམ་གྱིས་མིག་སྔར་དང་མ་འོངས་པའི་དཀའ་གནད་ཐག་གཅོད་བྱེད་པར་ཤུགས་དྲག་པའི་སྒུལ་ཤུགས་སྟེར།

བཞི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ནི་འདྲ་མཉམ་དར་སྤེལ་བྱེད་པ་ལས་རྣམ་པ་ཕྱིར་འདོན་བྱེད་པ་ལྟ་བུའི་བགྲོད་ལམ་ཞིག་མིན་ཏེ། འདི་ལྟ་བུའི་བགྲོད་ལམ་ལ་མིག་སྔར་དང་མ་འོངས་པའི་དཀའ་གནད་ཐག་གཅོད་བྱེད་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་འཐོབ།


དཔྱད་གཞིའི་ཡིག་ཆ།