རྒྱལ་གླུ།སྔ་མའི་པར་གཞི་དེ ལ་ཁ་གནམ་ལྷ་ཚེ་རིང  ནས 2019-10-30 10:58ལ་འགྲུབ།

རྒྱལ་གླུ།

རྒྱལ་གླུ།
རྒྱལ་གླུའམ་མིང་ཆ་ཚང་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་ཟེར་ཞིང་། དེ་ནི་རྒྱལ་ཁབ་བམ་མི་རིགས་ཤིག་གི་སྙིང་སྟོབས་མཚོན་པའི་གླུ་གཞས་ཡིན་ལ། སྲིད་གཞུང་དང་མི་དམངས་ཀྱིས་རྒྱལ་ཁབ་དེའི་སྲིད་གཞུང་དང་མི་དམངས་ཀྱི་འདོད་བློའི་ཚབ་བྱེད་ཐུབ་པར་འདོད་པའི་རོལ་དབྱངས་ཤིག་ཡིན་པར་མ་ཟད། མི་རིགས་ཤིག་གི་ཡིད་ཆེས་དང་གཅིག་གྱུར་གྱི་འགྲུལ་ཤུགས་ལ་བསྟོད་བསྔགས་དང་སྐུལ་མ་བྱེད་པར་སྤྱོད་པའི་གླུ་གཞས་ཤིག་ཡིན་ནོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国歌
ཕྱི་ཡིག་གི་མིང་།
March of the Volunteers
མིང་ཆ་ཚང་།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ།
གླུ་གཞས།
《བློས་བླངས་དམག་གི་མདུན་བསྐྱོད་གླུ་དབྱངས》
ལག་བསྟར་ལ་འདེབས་དུས།
སྤྱི་ལོ1935ལོར།
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

ཧོ་ལན་ནི་འཛམ་གླིང་ལོ་རྒྱུས་སྟེང་གི་རྒྱལ་གླུ་ཐོག་མར་གསར་གཏོད་བྱེད་མཁན་ཡིན་ཏེ། སྤྱི་ལོ1569ལོར། ཧོ་ལན་མི་དམངས་ཀྱིས་སི་ཕེན་གྱི་དབང་སྒྱུར་དང་བཙན་གནོན་འགོག་ཆེད།  སྐད་གསེང་མཐོན་པོས《ཧོ་ལན་ལ་བསྟོད་པ》ཞེས་པ་བླངས་ནས་དགྲ་བོའི་ཕྱོགས་སུ་ཧོལ་གྱིས་བརྒྱུགས་ནས། སི་ཕེན་གྱི་དབང་སྒྱུར་ལ་འགོག་རྒོལ་བྱེད་པར་རྒྱལ་ཁ་ཐོབ་པས། ཧོ་ལན་མི་དམངས་ནི་རྒྱལ་ཁབ་དང་མི་རིགས་ཀྱི་སྙིང་སྟོབས་མཚོན་པའི་གླུ་གཞས་འདི་ལ་ཧ་ཅང་དགའ་བར་མ་ཟད། གླུ་གཞས་འདི་ནི་ཧོ་ལན་རྒྱལ་ཁབ་ཀྱི་རྒྱལ་གླུ་རུ་བདམས་པ་དང་།  དེ་ནས་བཟུང་རྒྱལ་ཁབ་མང་བོས་གཅིག་རྗེས་གཉིས་མཐུད་ཀྱིས་རང་རང་གི་རྒྱལ་གླུ་གཏན་འབེབས་བྱེད་པའི་སྲོལ་དར་རོ། །

2 བེད་སྤྱོད་བྱེད་ཡུལ།

རྒྱལ་གླུ་ནི་གནས་ཡུལ་མང་བོ་ནས་བེད་སྤྱོད་བྱེད་དེ། ལུས་རྩལ་འགྲན་ཚོགས་སྐབས།  རྒྱལ་ཁབ་ལ་ལས་སློབ་མར་རྒྱལ་གླུ་ལེན་དུ་འཇུག གཞན་ད་དུང་རྒྱལ་ཁབ་ཀྱི་ཟློས་གར་གླིང་དང་གློག་བརྙན་ཁང་སོགས་ནས་རྒྱལ་གླུ་གཏོང་བ། བརྙན་འཕྲིན་ནང་ནས་སྔ་མོར་བརྙན་འཕྲིན་མ་བཏང་བའི་སྔོན་དང་མཚན་མོ་བརྙན་འཕྲིན་རྫོགས་རྗེས་སུ་རྒྱལ་གླུ་གཏོང་བ།

3 རིག་གནས་ཀྱི་དོན་སྙིང་།

འཛམ་གླིང་གི་རྒྱལ་ཁབ་སོ་སོའི་རྒྱལ་གླུ་ལ་མི་འདྲ་ས་མང་བོ་ཡོད་དེ། ལ་ཤས་ནི་མི་རིགས་ཀྱི་འཐབ་རྩོད་ཀྱི་ཐོན་དངོས་ཡིན། ལ་ལ་ནི་ཞི་བདེ་བསྟོད་པ་བྱེད་པའི་གླུ་གཞས་ཡིན། ལ་ཤས་ཀྱིས་རྒྱལ་ཁབ་རང་ཉིད་ཀྱི་རང་བྱུང་མཛེས་ལྗོངས་དང་ས་ཁམས་ཁོར་ཡུག་བྲིས་ཡོད། ལ་ཤས་ཀྱི་རྒྱལ་ཁབ་ཀྱི་གནའ་བོའི་ལོ་རྒྱུས་བརྗོད་ཡོད་པ་དང་། ཀྲུང་གོའི《བློས་བླངས་དམག་གི་མདུན་བསྐྱོད་གླུ་དབྱངས》ནི་འཇར་འགོག་དམག་འཁྲུག་ལས་བྱུང་ངོ་། །

4 རྒྱལ་གླུའི་བཅའ་ཁྲིམས།

ཀྲུང་གོའི་རྒྱལ་གླུ་ནི《བློས་བླངས་དམག་གི་མདུན་བསྐྱོད་གླུ་དབྱངས》ཞེས་པ་དེ་ཡིན་ཞིང་། སྤྱི་ལོ2017ལོའི་ཟླ9པའི་ཚེས1ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ཉེར་དགུ་བའི་གྲོས་ཚོགས་བརྒྱུད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི་བཅའ་ཁྲིམས》གཏན་འཁེལ་བྱས་ཤིང་། སྤྱི་ལོ2017ལོའི་ཟླ10པའི་ཚེས1ཉིན་དངོས་སུ་ལག་བསྟར་བྱས། 

གཅིག 《རྒྱལ་གླུའི་བཅའ་ཁྲིམས》ལས།  བསམ་བཞིན་དུ་རྒྱལ་གླུའི་གླུ་ཚིག་དང་དབྱངས་རྟ་ལ་བཟོ་བཅོས་བྱེད་པ་དང་། འཁྱོག་བཤད་དང་དམའ་འབེབས་ཀྱི་ཐབས་ལ་བརྟེན་ནས་རྒྱལ་གླུ་ལེན་པའམ།  ཡང་ན་བྱེད་སྟངས་གཞན་ལ་བརྟེན་ནས་རྒྱལ་གླུ་ལ་དམའ་འབེབས་བྱས་ན། སྤྱི་བདེ་ལས་ཁུངས་ཀྱིས་ཐད་ཀར་ཐ་ཚིག་སྒྲོག་པའམ་ཡང་ན་ཉིན་བཅོ་ལྔའི་མན་གྱི་བཀག་གཉར་བྱས་ཏེ། ཉེས་ཆད་ལོན་མཁན་ལ་ཁྲིམས་ལྟར་ཉེས་འགན་ཐག་གཅོད་བྱ་རྒྱུ།

གཉིས། 《རྒྱལ་གླུའི་བཅའ་ཁྲིམས》ལས། མི་སྒེར་གྱི་འདས་མཆོད་སོགས་དུས་དང་མི་མཐུན་པའི་ཡུལ་ནས་རྒྱལ་གླུ་མི་གཏོང་བ་དང་མི་དཀྲོལ་བ། ཚོང་རྟགས་དང་བརྡ་ཁྱབ། མི་མང་འདུ་འཛོམས་བྱེད་ས་སོགས་སུ་གླུ་དབྱངས་རྒྱབ་ལྗོངས་བྱས་ཏེ་རྣམ་པ་གཞན་གྱི་སྒོ་ནས་མི་སྤྱོད་པའམ་ཡང་ན་སྤྱོད་མི་ཆོག

གསུམ། 《རྒྱལ་གླུའི་བཅའ་ཁྲིམས》ལས།  རྒྱལ་གླུ་དཀྲོལ་གཏོང་བྱས་ཏེ་ལེན་སྐབས། ཡུལ་དངོས་ན་ཡོད་པའི་མི་དག་གིས་ངེས་པར་དུ་གུས་སྟབས་ཀྱིས་ལངས་དགོས་པ་ལས། བྱེད་སྟངས་བབ་བརླིང་དང་རྒྱལ་གླུ་བརྩི་འཇོག་མི་བྱེད་པའི་བྱ་སྤྱོད་སྤེལ་མི་ཆོག

བཞི། 《རྒྱལ་གླུའི་བཅའ་ཁྲིམས》ལས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཙོ་གཉེར་སྡེ་ཁག་གིས་འཁྲབ་སྟོན་བྱེད་རྒྱུར་སྤྱོད་པའི་རྒྱལ་གླུའི་ཚད་ལྡན་དབྱངས་རྟ་ལ་ཞིབ་བཤེར་གཏན་འབེབས་བྱ་རྒྱུའི་སྒྲིག་འཛུགས་ཞིབ་བཤེར་བྱས་ནས་གཏན་འཁེལ་བྱེད་དགོས་པ་དང་།  ཁྱབ་གཏོང་བྱེད་རྒྱུར་སྤྱོད་པའི་གླུ་གཞས་ནི་གཞུང་ཕྱོགས་ཀྱིས་སྒྲ་ཕབ་པའི་པར་གཞི་ཡིན་དགོས། རྒྱལ་གླུའི་དབྱངས་རྟ་ཚད་ལྡན་དང་གཞུང་ཕྱོགས་ཀྱི་རྒྱལ་གླུའི་པར་གཞི་ནི་ཀྲུང་གོའི་དམངས་ཆེན་དྲ་བ་དང་ཀྲུང་གོའི་སྲིད་གཞུང་དྲ་བའི་སྟེང་སྤེལ་ཡོད། ཕྱི་འབྲེལ་པུའུ་དང་ཕྱི་སྡོད་ཕྱི་འབྲེལ་ལས་ཁུངས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལུས་རྩལ་སྲིད་འཛིན་སྡེ་ཚན་བཅས་ཀྱིས་རྒྱལ་གླུའི་ཚད་ལྡན་དབྱངས་རྟ་དང་གཞུང་ཕྱོགས་ཀྱི་སྒྲ་ཕབ་པར་གཞི་དེ་འབྲེལ་ཡོད་རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྡེ་ཚན་དང་འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་རྩ་འཛུགས། ཕྱི་འབྲེལ་ལུས་འགུལ། རྒྱལ་སྤྱིའི་ལུས་རྩལ་འགྲན་ཚོགས་སོགས་སུ་མཁོ་སྤྲོད་བྱས་ཏེ་བཀོལ་སྤྱོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད། 


དཔྱད་གཞིའི་ཡིག་ཆ།