སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས།སྔ་མའི་པར་གཞི་དེ ལ་ཁ་གནམ་ལྷ་ཚེ་རིང  ནས 2019-10-29 15:56ལ་འགྲུབ།

སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས།

སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས།
སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་མ་རྩ་རིང་ལུགས་ལ་བལྟས་ཏེ་བཤད་པའི་ཆབ་སྲིད་དཔལ་འབྱོར་གྱི་ལམ་ལུགས་ཤིག་ཡིན། རྩ་བའི་རྒྱུ་རྐྱེན་ནི་སྤྱི་ལ་དབང་བའི་ལམ་ལུགས་ལག་བསྟར་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་མངོན་འགྱུར་བྱེད་པ་དེ་ཡིན། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ལས་ཁུངས་ཀྱིས་སོ་སོའི་ཁྲིམས་བཀོད་འགན་དབང་གི་ཁྱབ་ཁོངས་ནང་ཁྲིམས་བཀོད་ཀྱི་གོ་རིམ་ལྟར་ལམ་ལུགས་གསར་གཏོད་དང་ཁས་ལེན་དང་། བཟོ་བཅོས། ཁྲིམས་དོན་མཚམས་འཇོག་པ་བཅས་དང་། དེ་བཞིན་སུ་ཚད་ལྡན་རང་བཞིན་གྱི་བཅའ་ཁྲིམས་ཡིག་ཆའི་ལམ་ལུགས་ལ་ཟེར་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
社会主义制度
རིགས།
ཆབ་སྲིད།
1 ​ངོ་སྤྲོད། 

སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་མ་རྩ་རིང་ལུགས་ལ་བལྟས་ཏེ་བཤད་པའི་ཆབ་སྲིད་དཔལ་འབྱོར་གྱི་ལམ་ལུགས་ཤིག་ཡིན། རྩ་བའི་རྒྱུ་རྐྱེན་ནི་སྤྱི་ལ་དབང་བའི་ལམ་ལུགས་ལག་བསྟར་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་མངོན་འགྱུར་བྱེད་པ་དེ་ཡིན། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ལས་ཁུངས་ཀྱིས་སོ་སོའི་ཁྲིམས་བཀོད་འགན་དབང་གི་ཁྱབ་ཁོངས་ནང་ཁྲིམས་བཀོད་ཀྱི་གོ་རིམ་ལྟར་ལམ་ལུགས་གསར་གཏོད་དང་ཁས་ལེན་དང་། བཟོ་བཅོས། ཁྲིམས་དོན་མཚམས་འཇོག་པ་བཅས་དང་། དེ་བཞིན་སུ་ཚད་ལྡན་རང་བཞིན་གྱི་བཅའ་ཁྲིམས་ཡིག་ཆའི་ལམ་ལུགས་ལ་ཟེར་བ་ཡིན།

2 གཞི་རྩའི་རྩ་དོན། 

གཅིག ཀྲུང་གོས་ལག་ལེན་བསྟར་བ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཡིན་ཞིང་། ཚོང་རའི་དཔལ་འབྱོར་བསྒྱུར་བཅོས་བྱས་པ་དང་ཆབས་ཅིག་ཏུ་གཏན་འཁེལ་བྱས་པའི་ཆབ་སྲིད་དང་དཔལ་འབྱོར་གྱི་ལམ་ལུགས་ཤིག་ཡིན།
           གཉིས། མར་ཁེ་སི་རིང་ལུགས་ཀྱི་གསུང་རབ་ཚད་ལྡན་ཡིག་ཆར་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དབྱེ་མཚམས་ཐད་གཞི་རྩའི་རྒྱུ་རྐྱེན་གཙོ་བོ་གསུམ་ཡོད་པ་སྟེ།སྤྱི་ལ་དབང་བའི་ལམ་ལུགས་དང་། འཆར་ལྡན་དཔལ་འབྱོར། དམངས་གཙོ་བཅས་སོ། །

གསུམ། རང་རྒྱལ་གྱི་རྩ་ཁྲིམས་ནང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་བའི་ལམ་ལུགས་ཡིན་ཞེས་གཏན་འབེབས་གསལ་པོ་བྱས་ཡོད། 

3 ལམ་ལུགས་ཀྱི་ནང་དོན།

གཅིག ཆབ་སྲིད་ཀྱི་རྩ་བའི་ལམ་ལུགས་ནི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས།

གཉིས། དཔལ་འབྱོར་གྱི་གཞི་རྩའི་ལམ་ལུགས་ནི་སྤྱི་ལ་དབང་བའི་དཔལ་འབྱོར་ལམ་ལུགས་གཙོ་བོ་བྱས་ཏེ། སྣ་མང་ལམ་ལུགས་ཀྱིས་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་གཏོང་བ།

གསུམ། བགོ་བཤའི་གཞི་རྩའི་ལམ་ལུགས་ནི་ངལ་རྩོལ་བགོ་བཤའ་གཙོ་བོ་བྱས་ཏེ། སྣ་མང་གི་བགོ་བཤའི་རྣམ་པ་མཉམ་གནས་བྱེད་པ།

བཞི། ཆབ་སྲིད་ཀྱི་གཞི་རྩའི་ལམ་ལུགས་ནི་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ཀྱིས་ཏང་མང་མཉམ་གནས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས། མི་རིགས་ས་ཁུལ་གྱི་རང་སྐྱོང་ལམ་ལུགས་དང་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་བཅས་ཡིན།

4 ལག་བསྟར་གྱི་དོན་སྙིང་།

གཅིག མི་དམངས་མང་ཚོགས་ནི་ཆབ་སྲིད་ཀྱི་སྟེང་ནས་རྒྱལ་ཁབ་ཀྱི་གཙོ་བདག་ཡིན་ལ། རྒྱལ་ཁབ་ཀྱི་སྲིད་འཛིན་ལས་དོན་ངེས་ཐད་ནས་དེ་ལ་དོ་དོམ་བྱེད་མཁན་ཡིན།

གཉིས། རྒྱལ་ཁབ་ཀྱི་སྲིད་འཛིན་གཞུང་དཔོན་ནི་རྒྱལ་ཁབ་སྲིད་འཛིན་ལས་དོན་དོ་དམ་ཐད་ནས་སྣེ་ཁྲིད་པ་ཡིན་ལ། ཆབ་སྲིད་ཀྱི་ངེས་ཐད་ནས་སྤྱི་ཚོགས་ཀྱི་གཙོ་བདག་ལ་ཞབས་ཞུ་བྱེད་པའི་སྤྱི་ཚོགས་ཀྱི་གཞུང་ཞབས་པ་ཡིན།

གསུམ།  སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གཞི་རྩའི་དབང་ཆ་ཁག་བགོས་ཀྱི་རྩ་དོན་ལ་བརྩི་སྲུང་མ་བྱས་ན། སྤྱི་ཚོགས་ཀྱི་གཞུང་ཞབས་པའི་སྲིད་གཞུང་གི་དཔོན་རིགས་རྣམས་ནི་སྤྱི་ཚོགས་ཀྱི་བདག་པོ་ནས་རང་སྣང་གང་ཤར་བྱེད་མཁན་གྱི་མི་དྲག་རིམ་གྲས་སུ་འགྱུར་སྲིད་པ་དང་། བཟོ་ཞིང་མང་ཚོགས་རྣམས་ཉམ་ཆུང་བའི་བྲན་གཡོག་རིམ་གྲས་སུ་འགྱུར་རོ། །


དཔྱད་གཞིའི་ཡིག་ཆ།