སྐར་ལྔའི་དར་དམར།སྔ་མའི་པར་གཞི་དེ ལ་ཁ་གནམ་ལྷ་ཚེ་རིང  ནས 2019-10-29 16:08ལ་འགྲུབ།

སྐར་ལྔའི་དར་དམར།

སྐར་ལྔའི་དར་དམར།
སྐར་ལྔའི་དར་དམར་གྱི་མིང་ཆ་ཚང་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ཟེར་ཞིང་། དེ་ནི་དར་དམར་པོ་ཞིང་གི་བསྡུར་ཚད3:2ཅན་ཞིག་ཡིན་ལ། དར་གྱི་གཡོན་ཕྱོགས་སུ་སྐར་མ་ཟུར་ལྔ་ལྔ་བཏེགས་ཡོད་ལ། སྐར་ཆུང་བཞི་ཡིས་སྐར་ཆེན་གཅིག་གི་གཡས་མཐའ་བསྐོར་ནས་ཡོད་པར་མ་ཟད། སྐར་ཆུང་དེ་དག་གི་ཟུར་རྩེ་རེ་རེ་ནི་སྐར་ཆེན་གྱི་དཀྱིལ་སྙིང་དུ་བསྟན་ནས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
五星红旗
མིང་ཚ་ཚང་།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར།
ཕྱི་ཡིག་གི་མིང་།
Five-star Red Flag
གསར་ཏུ་བཏོན་དུས།
སྤྱི་ལོ1949ལོའི་ཟླ9པའི་ཚེས27ཉིན།
དངོས་སུ་སྒྲེང་དུས།
སྤྱི་ལོ1949ལོའི་ཟླ10པའི་ཚེས1ཉིན།
1 ​ངོ་སྤྲོད། 

སྐར་ལྔའི་དར་དམར་གྱི་མིང་ཆ་ཚང་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ཟེར་ཞིང་། དེ་ནི་དར་དམར་པོ་ཞིང་གི་བསྡུར་ཚད3:2ཅན་ཞིག་ཡིན་ལ།  དར་གྱི་གཡོན་ཕྱོགས་སུ་སྐར་མ་ཟུར་ལྔ་ལྔ་བཏེགས་ཡོད་ལ། སྐར་ཆུང་བཞི་ཡིས་སྐར་ཆེན་གཅིག་གི་གཡས་མཐའ་བསྐོར་ནས་ཡོད་པར་མ་ཟད། སྐར་ཆུང་དེ་དག་གི་ཟུར་རྩེ་རེ་རེ་ནི་སྐར་ཆེན་གྱི་དཀྱིལ་སྙིང་དུ་བསྟན་ནས་ཡོད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ཇུས་འགོད་མཁན་ནི་ཙེང་ཐུང་སུང་ཡིན་ལ། ཁོའི་ཕ་ཡུལ་ནི་ཀྲེ་ཅང་རེ་ཨན་ནས་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་བཅིངས་འགྲོལ་དམག་འཁྲུག་ལ་རྒྱལ་ཁ་བླངས་པ་དང་བསྟུན་ནས་ཆབ་སྲིད་གྲོས་མོལ་ཚོགས་འདུ་གསར་བའི་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་སྤྱི་ལོ1949ལོའི་ཟླ7པར་རྒྱལ་དར་གྱི་རི་མོ་བསྡུ་རུབ་བྱེད་པའི་བརྡ་ཁྱབ་བཏང་ཞིང་། མཐར་བསྡུ་བྱའི་རྒྱལ་དར་གྱི་རི་མོ2992ནང་ནས་ཙེང་ལེན་སུང་གིས་ཇུས་འགོད་བྱས་པ་དེ་གདམ་བྱའི་དཔེ་རིས་ལ་བདམས་ཤིང་། གྲོས་བསྡུར་ཐེངས་མང་དང་བཟོ་བཅོས་ཉུང་ཙམ་བྱས་མཐར། ཁོའི་ཇུས་འགོད་བྱས་པ་དེ་སྲིད་དབང་གསར་བའི་རྒྱལ་དར་དུ་བདམས་སོ། །

2 རྒྱལ་དར་གྱི་བཅའ་ཁྲིམས།

སྤྱི་ལོ1990ལོའི་ཟླ6པའི་ཚེས28ཉིན། རྒྱལ་ཡོངས་མི་དམངས་མཐུས་མི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་གྲོས་ཚོགས་ཐེངས་བཅུ་བཞི་བ་བརྒྱུད་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་ཡིག་ཨང28པ་ལས་རྒྱལ་དར་གྱི་བཅའ་ཁྲིམས་བསྒྲགས་ཤིང་། སྤྱི་ལོ1990ལོའི་ཟླ10པའི་ཚེས1ཉིན་དངོས་སུ་ལག་བསྟར་བྱས་སོ། །

དོན་ཚན་དང་པོ། རྒྱལ་དར་གྱི་ལ་རྒྱ་སྲུང་སྐྱོབ་དང་། སྤྱི་དམངས་ཀྱིས་རྒྱལ་ཁབ་ལ་བཟུང་བའི་འདུ་ཤེས་ལ་ཤུགས་སྣོན། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བཅས་ཀྱི་ཆེད་དུ་རྩ་ཁྲིམས་གཞིར་བཟུང་ནས་བཅའ་ཁྲིམས་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ནི་སྐར་ལྔའི་དར་དམར་ཡིན་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ནི་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དང་པོའི་ཚང་འཛོམས་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཚོགས་པས་ཁྱབ་བསྒྲགས་བྱས་པའི་རྒྱལ་དར་བཟོ་ཐབས་ཀྱི་གསལ་བཤད་ལྟར་བཟོས་པ་ཡིན་ནོ། །

དོན་ཚན་གསུམ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོ་བོ་དང་མཚོན་རྟགས་ཡིན་པས།  སྤྱི་དམངས་རེ་རེ་དང་རྩ་འཛུགས་སོ་སོས་རྒྱལ་དར་ལ་བརྩི་བཀུར་དང་གཅེས་སྐྱོང་བྱེད་དགོས།

དོན་ཚན་བཞི་བ། ས་གནས་གྱི་མི་དམངས་སྲིད་གཞུང་ཁག་གིས་རང་ཉིད་ཀྱི་སྲིད་འཛིན་ཁུལ་དང་། ཡང་ན་ནང་ཁུལ་ནས་རྒྱལ་དར་བསྒྲེང་འགེལ་དང་བེད་སྤྱོད་བྱེད་དུས་ལྟ་སྐུལ་དོ་དོམ་ལག་བསྟར་བྱེད་དགོས། ཕྱི་འབྲེལ་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་འགྲིམ་འགྲུལ་གཙོ་གཉེར་སྡེ་ཁག ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་ཆབ་སྲིད་པུའུ་སོགས་ཀྱིས་རང་གི་ཁྱབ་ཁོངས་ནང་ཁུལ་དུ་རྒྱལ་དར་བསྒྲེང་འགེལ་དང་བེད་སྤྱོད་བྱེད་དུས་ལྟ་སྐུལ་དོ་དམ་ལག་བསྟར་བྱེད་དགོས། དེ་མིན་རྒྱལ་དར་ནི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་དམིགས་འཛུགས་བྱས་པའི་ཁེ་ལས་ཀྱིས་བཟོ་དགོས།

དོན་ཚན་ལྔ་བ། གཤམ་གསལ་གྱི་གནས་ཡུལ་ལམ་ལས་ཁུངས་འདི་དག་ནས་ཉིན་ལྟར་རྒྱལ་དར་སྒྲེང་འགེལ་བྱ་དགོས་པ་སྟེ།

1)པེ་ཅིང་གི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དང་ཞིན་ཧྭ་སྒོ།

2)རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་སྲིད་ཨུ་ཡོན་ལྷན་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་པའི་རྒྱལ་ཁོངས་ཨུ་ཡོན་ཚོགས་པ།

3)ཕྱི་འབྲེལ་པུའུ།

4)འགྲོ་འོང་བྱེད་སའི་གནམ་གྲུའི་འབབ་ཐང་དང་གྲུ་ཁ། མེ་འཁོར་འབབ་ཚུགས། གཞན་མཐའ་མཚམས་ཀྱི་འགག་སྒོ་གཞན་དག་སྟེ། མཐའ་སྲུང་ཁང་དང་མཁའ་སྲུང་ཁང་བཅས་ཚུད་ཡོད།

དོན་ཚན་དྲུག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་རེ་རེ་དང་ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་པ། མི་དམངས་སྲིད་གཞུང་། མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་སོགས་དང་། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོལ་མོལ་ཚོགས་པའི་ས་གནས་རིམ་པའི་ཨུ་ཡོན་ཚོགས་པ་སོགས་ཀྱིས་ལས་ཞུགས་སྐབས་རྒྱལ་དར་བསྒྲེང་འགེལ་བྱེད་དགོས། ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭ་དག་གིས་དབྱར་དང་དགུན་གྱི་གུང་གསེང་། གཟའ་མཇུག་གི་ངལ་གསོ་སོགས་ཕུད་དེ་ཉིན་རེར་རྒྱལ་དར་བསྒྲེང་འགེལ་བྱེད་དགོས།

དོན་ཚན་བདུན་པ། རྒྱལ་སྟོན་དུས་ཆེན་དང་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན། གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་བཅས་ལ་རྒྱལ་ཁབ་གཞུང་གི་ལས་ཁུངས་རིམ་པ་ཁག་དང་མི་དམངས་ཀྱི་ཚོགས་པ་ཁག་གིས་རྒྱལ་དར་སྒྲེང་འགེལ་བྱ་དགོས་པ་དང་། ཁེ་ལས་དང་བྱ་ལས་ཀྱི་རྩ་འཛུགས་དང་གྲོང་མིའི་ཨུ་ཡོན་ལྷན་ཁང་། སྡོད་དམངས་ཨུ་ཡོན་ལྷན་ཁང་། གྲོང་ཁྱེར་དང་གྲོང་བརྡལ་གྱི་གྲོང་མིའི་སྡོད་དམངས་ཁང(ཐོག་ཁང)། དེ་བཞིན་ཐང་ཆེན་དང་སྤྱི་གླིང་སོགས་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་བཅས་ལ་ཆ་རྐྱེན་ལྡན་ན་རྒྱལ་དར་སྒྲེང་འགེལ་བྱས་ཆོག  དཔྱིད་གསར་དུས་ཆེན་དེ་སྲོལ་རྒྱུན་གྱི་དུས་ཆེན་དུ་མི་འཛིན་པའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དུ་དཔྱིད་གསར་དུས་ཆེན་དུ་རྒྱལ་དར་སྒྲེང་འགེལ་བྱེད་མིན་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་གཏན་འབེབས་བྱ་རྒྱུ།  མི་རིགས་རང་སྐྱོང་ས་གནས་ཀྱིས་མི་རིགས་རང་སྐྱོང་ས་གནས་བཙུགས་པའི་དྲན་གསོའི་ཉིན་མོ་དང་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་གཙོ་བོ་སྐབས་སུ་རྒྱལ་དར་སྒྲེང་འགེལ་བྱས་ཆོག  

དོན་ཚན་བརྒྱད་པ། རྟེན་འབྲེལ་དང་དྲན་གསོའི་བྱེད་སྒོ་གལ་ཆེན་དང་། རིག་གནས་དང་ལུས་རྩལ་གྱི་བྱེད་སྒོ་ཆེ་གྲས། འགྲེམས་ཚོགས་ཆེ་གྲས་བཅས་སྤེལ་དུས་སུ་རྒྱལ་དར་སྒྲེང་འགེལ་བྱས་ཆོག  

དོན་ཚན་དགུ་པ། ཕྱི་འབྲེལ་བྱེད་སྒོ་དང་ཕྱི་རྒྱལ་དུ་བཅའ་སྡོད་བྱེད་པའི་རྒྱལ་ཁབ་ཀྱི་གཞུང་ཚབ་དོན་གཅོད་ཁང་། ཕྱི་འབྲེལ་གྱི་ཚབ་བྱེད་ལས་ཁུངས་གཞན་དག་ནས་རྒྱལ་དར་སྒྲེང་འགེལ་དང་བཀོལ་སྤྱོད་བྱེད་ཐབས་ནི་ཕྱི་འབྲེལ་པུའུ་ཡིས་གཏན་འབེབས་བྱ་རྒྱུ།  

དོན་ཚན་བཅུ་པ། དམག་དོན་ལས་ཁུངས་དང་དམག་དཔུང་སྒར་ཁུལ། དམག་སྤྱོད་དམག་གྲུ་བཅས་ཀྱིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་གཏན་འབེབས་ལྟར་རྒྱལ་དར་སྒྲེང་འགེལ་བྱ་རྒྱུ།

དོན་ཚན་བཅུ་གཅིག་པ། དམངས་སྤྱོད་གྲུ་གཟིངས་དང་ཀྲུང་གོའི་ཆུ་ལེན་དུ་ཡོང་མཁན་གྱི་ཕྱི་རྒྱལ་གྱི་གྲུ་གཟིངས་ཀྱིས་རྒྱལ་དར་སྒྲེང་འགེལ་བྱེད་ཐབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་འགྲིམ་འགྲུལ་གཙོ་སྐྱོང་སྡེ་ཁག་གིས་གཏན་འབེབས་བྱ་རྒྱུ། སྤྱི་བདེའི་སྡེ་ཁག་གིས་མཐའ་སྲུང་དང་། བདེ་སྐྱོང་། མེ་གསོད་བཅས་ཀྱི་ལས་འགན་སྒྲུབ་པའི་གྲུ་གཟིངས་ཀྱིས་རྒྱལ་དར་སྒྲེང་འགེལ་བྱེད་ཐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་བདེ་སྡེ་ཁག་གིས་གཏན་འབེབས་བྱ་རྒྱུ།  

དོན་ཚན་བཅུ་གཉིས་པ། བཅའ་ཁྲིམས་འདིར་གསལ་བའི་དོན་ཚན་ལྔ་བ་དང་། དོན་ཚན་དྲུག་པ། དོན་ཚན་བདུན་པ་བཅས་ཀྱི་རྒྱལ་དར་སྒྲེང་འགེལ་བྱེད་སྐབས་གཏན་འབེབས་ལྟར་ཞོགས་པ་སྒྲེང་དགོས་པ་དང་ས་སྲོད་མཚམས་སུ་ཕབ་དགོས་ལ། གནམ་གཤིས་ངན་པར་འཕྲད་ཚེ་སྒྲེང་འགེལ་མ་བྱས་ནའང་ཆོག  

དོན་ཚན་བཅུ་གསུམ་པ། རྒྱལ་དར་སྒྲེང་འགེལ་བྱེད་སྐབས་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་ཆོག རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་སྐབས་རྒྱལ་དར་སྒྲེང་བའི་བརྒྱུད་རིམ་ནང་ཞུགས་མཁན་གྱིས་རྒྱལ་དར་ལ་ཁ་ཕྱོགས་ནས་གུས་སྟབས་ཀྱིས་ལངས་ཏེ་གུས་འདུད་ཞུ་དགོས་པ་མ་ཟད། རྒྱལ་གླུ་གཏོང་བའམ་ཡང་ན་རྒྱལ་གླུ་བཏང་ཆོག ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭ་ཆུང་འབྲིང་དུ་གུང་གསེང་ཕུད་གཟའ་འཁོར་རེར་རྒྱལ་དར་སྒྲེང་བའི་མཛད་སྒོ་ཐེངས་རེ་འཚོག་རྒྱུ།

དོན་ཚན་བཅུ་བཞི་བ། གཤམ་གསལ་མི་སྣ་སྐུ་གཤེགས་སྐབས་རྒྱལ་དར་ཕྱེད་ཕབ་ཀྱིས་མྱ་ངན་ཞུ་བ་སྟེ།

1)ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་རྒྱལ་ཡོངས་མི་དམངས་མཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་པའི་ཨུ་ཡོན་ཀྲང་། རྒྱལ་སྲིད་སྤྱི་ཁབ་ཁང་གི་ཙུང་ལི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི།

2)ཀྲུང་གོའི་མི་དམངས་ཆབ་སྲིད་གྲོལ་མོལ་ཚོགས་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི།

3)ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་བྱས་རྗེས་ཆེ་བའི་མི་སྣ།

4)འཛམ་གླིང་ཞི་བདེ་དང་། འགྲོ་བ་མིའི་རིགས་ཀྱི་ལས་དོན་འཕེལ་རྒྱས་ཐད་བྱས་རྗེ་ཆེ་བའི་མི་སྣ།

5)ཤི་རྨས་ཧ་ཅང་ཆེན་པོ་བྱུང་བའམ་རང་བྱུང་གནོད་སྐྱོན་ཚབས་ཆེན་བཟོས་པའི་བཀྲ་མི་ཤིས་པའི་ཤི་རྨས་ཚབས་ཆེན་བྱུང་དུས། རྒྱལ་དར་ཕྱེད་ཕབ་ཀྱིས་མྱ་ངན་ཞུས་ཆོག

གོང་གསལ་ཚན་པའི་ཁྲོད་ཀྱི་ཚན་པ་དང་པོའི་ནང་གསེས་གསུམ་པ་དང་བཞི་བ། ཚན་པ་བཞི་བ་བཅས་ཀྱི་གཏན་འབེབས་ལྟར་རྒྱལ་དར་ཕྱེད་ཀ་ཕབ་རྒྱུ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབ་བྱ་རྒྱུ་དང་། དོན་ཚན་འདིའི་གཏན་འབེབས་ལྟར་རྒྱལ་དར་གྱི་ཕྱེད་ཀ་ཕབ་པའི་ཚེས་གྲངས་དང་གནས་ཡུལ་ནི་རྒྱལ་ཁབ་ཀྱིས་བཙུགས་པའི་འདས་འཇུག་ཅུ་ཡོན་ལྷན་ཁང་ངམ། ཡང་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐག་གཅོད་བྱ་རྒྱུ།

དོན་ཚན་བཅོ་ལྔ་བ། རྒྱལ་དར་བསྒྲེང་འགེལ་སྐབས་རྒྱལ་དར་མངོན་གསལ་གྱི་གནས་སུ་འགེལ་དགོས། རུ་ཁག་གིས་རྒྱལ་དར་དང་དར་ཆ་གཞན་དག་བསྒྲེང་ནས་མདུན་དུ་སྐྱོད་སྐབས། རྒྱལ་དར་ནི་དར་ཆ་གཞན་དག་གི་སྔོན་དུ་འཇོག་དགོས། རྒྱལ་དར་དང་དར་ཆ་གཞན་པ་དུས་གཅིག་ཏུ་འགེལ་སྐབས་རྒྱལ་དར་ནི་ལྟེ་གནས་སམ་ཅུང་མཐོ་བའམ་འབུར་དུ་ཐོན་པའི་གནས་སུ་འཇོག་དགོས། ཕྱི་འབྲེལ་གྱི་བྱེད་སྒོ་སྤེལ་དུས་གཅིག་ཏུ་རྒྱལ་ཁབ་གཉིས་ཡན་གྱི་རྒྱལ་དར་འགེལ་སྐབས་ཕྱི་འབྲེལ་པུའུ་ཡི་གཏན་འབེབས་སམ་རྒྱལ་སྤྱིའི་རྒྱུན་སྲོལ་ལྟར་སྒྲེང་འགེལ་བྱ་དགོས།

དོན་ཚན་བཅུ་དྲུག་པ། རྒྱལ་དར་ནི་དྲང་མོར་བཙུགས་ཡོད་པའི་དར་ཤིང་གི་སྟེང་དུ་དལ་བུར་ཡར་བསྒྲེང་དགོས།  ཡར་བསྒྲེང་སྐབས་ངེས་པར་དུ་རྒྱལ་དར་དེ་དར་ཤིང་གི་རྩེ་མོའི་བར་དུ་བསྒྲེང་བ་དང་། མར་ཕབ་སྐབས་རྒྱལ་དར་སར་ལྷུང་དུ་འཇུག་མི་རུང་། རྒྱལ་དར་ཕྱེད་ཀ་མར་ཕབ་པའི་སྐབས་སུ། ཐོག་མར་རྒྱལ་དར་དེ་རྩ་བ་ནས་དར་ཤིང་གི་རྩེ་མོའི་བར་དུ་བསྒྲེང་བ་དང་། དེ་ནས་དར་ཤིང་གི་རྩེ་མོའི་བར་གྱི་བར་ཐག་དེ་དར་ཤིང་གི་རིང་ཚད་ཧྲིལ་བོའི་སུམ་ཆའི་གཅིག་ཙམ་ལ་མར་ཕབ་དགོས་ལ། མར་ཕབ་སྐབས་ཐོག་མར་རྒྱལ་དར་དེ་དར་ཤིང་གི་རྩེ་མོའི་བར་བསྒྲེང་བ་དང་དེ་ནས་མར་ཕབ་དགོས།

དོན་ཚན་བཅུ་བདུན་པ། སྐྱོན་ཤོར་བ་དང་། བཙོག་པས་སྦགས་པ། མདོག་ཡལ་བའམ་ཚད་གཞི་དང་མི་མཐུན་པ་བཅས་བྱས་པའི་རྒྱལ་དར་དེ་སྒྲེང་འགེལ་བྱས་མི་ཆོག

དོན་ཚན་བཅོ་བརྒྱད་པ། རྒྱལ་དར་དང་དེའི་རི་མོ་རྣམས་ཚོང་རྟགས་དང་མཚམས་སྦྱོར་བརྡ་ཁྱབ་ཏུ་སྤྱད་མི་ཆོག་པ་དང་། སྒེར་གྱི་འདས་མཆོད་ལ་སྤྱད་མི་ཆོག

དོན་ཚན་བཅུ་དགུ་བ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ལ་མི་ཚོགས་འདུ་ས་རུ་བསམ་བཞིན་དུ་རྒྱལ་དར་སྲེག་པ་དང་བརླག་པ། ནག་ནོག་བྱུགས་པ། བཙོག་པོར་བཟོ་བ། རྡོག་བརྫིས་རྒྱག་པ་སོགས་བྱེད་སྟངས་སྤྱད་ན་ཁྲིམས་ལྟར་ཉེས་འགན་རྩད་གཅོད་བྱེད་དགོས། ཉེས་ཚབས་ཆུང་བའི་རིགས་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཉིན་བཅོ་ལྔ་མན་གྱི་བཀག་ཉར་བྱེད་དགོས།

དོན་ཚན་ཉི་ཤུ་བ། བཅའ་ཁྲིམས་འདི་ནི་སྤྱི་ལོ1990ལོའི་ཟླ10པའི་ཚེས1ཉིན་དངོས་སུ་ལག་བསྟར་བྱས་པ་ཡིན་ནོ། །


དཔྱད་གཞིའི་ཡིག་ཆ།