སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ།སྔ་མའི་པར་གཞི་དེ ལ་ཁ་གནམ་ལྷ་ཚེ་རིང  ནས 2019-10-29 15:48ལ་འགྲུབ།

སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ།

སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ།
སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལག་བསྟར་བྱེད་པའི་རྒྱལ་ཁབ་དག་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
社会主义国家
ཕྱི་ཡིག་གི་མིང་།
Socialist countries
འབྱུང་ཁུངས།
ཨུ་རུ་སུའི་སུའུ་ཝེ་ཨེད་རྒྱལ་ཕྲན་མཉམ་འབྲེལ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ།
རིགས།
ཚན་རིག་སྤྱི་ཚོགས་རིང་ལུགས།
1 སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ།

སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལག་བསྟར་བྱེད་པའི་རྒྱལ་ཁབ་དག་ལ་ཟེར། སྤྱི་ཚོགས་རིང་ལུགས་ལམ་ལུགས་དང་དེའི་གཞི་རྩའི་རྒྱུ་རྐྱེན་ནི་སྤྱི་ལ་དབང་བའི་ལམ་ལུགས་ལག་བསྟར་དང་རང་ཁྱིམ་རང་བདག་བྱེད་པ་མངོན་འགྱུར་བྱེད་པ་དེ་ཡིན། ཀྲུང་ཧྭ་མི་དམངས་སྤྱི་རྒྱལ་ཁབ་ནི་འཛམ་གླིང་སྟེང་ཆེས་ཆེ་བའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པར་མ་ཟད།  འཛམ་གླིང་སྟེང་དུ་ཉེ་ཆར་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཆེན་པོ་ལྔ་ཡོད། དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་་དང་ཁྲའོ་ཞན་མི་དམངས་སྤྱི་མཐུན་རྒྱལ་ཁབ། ཡེ་ནན་མི་དམངས་སྤྱི་མཐུན་རྒྱལ་ཁབ། ལོ་སི་མི་དམངས་སྤྱི་མཐུན་རྒྱལ་ཁབ། ཁུ་པ་མི་དམངས་མཐུན་རྒྱལ་ཁབ་བཅས་ཡིན་ནོ། །

2 ངོ་བོའི་ཁྱད་པར།

གཅིག  སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱིས་མི་དམངས་ནི་རྒྱལ་ཁབ་ཀྱི་གཙོ་བདག་ཡིན་པ་དང་། རྒྱལ་ཁབ་ཀྱི་དབང་ཆ་ནི་མི་དམངས་ཀྱི་སྤྱོད་ཆོག་མོད། འོན་ཀྱང་མི་དམངས་ཡོངས་ཀྱིས་ཐད་ཀར་སྤྱོད་ཀྱིན་མེད།

གཉིས། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་མི་དམངས་ཡོངས་ཀྱིས་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་པའི་བྱེད་སྟངས་ནི་གཞན་བརྒྱུད་ཡིན་སྟེ། མི་དམངས་འཐུས་མི་འདེམས་བསྐོ་བྱས་པ་བརྒྱུད་ནས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་མི་དམངས་ཀྱི་ཚབ་བྱས་ནས་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་ཀྱི་ཡོད། 

གསུམ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དང་མ་རྩ་རིང་ལུགས་ཀྱི་དམངས་གཙོའི་ངོ་བོའི་ཐོག་གི་ཁྱད་པར་ནི་རྒྱལ་ཁབ་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་མིན་ལ་ཐུག་ཡོད།

3 ད་ལྟ་ལག་བསྟར་བྱེད་བཞིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ།
རྒྱལ་ཁབ་ཀྱི་མིང་།
སྲིད་འཛིན་ཏང་། རྒྱལ་ཁབ་བཙུགས་དུས། སྲིད་འཛིན་ཏང་གི་འགོ་ཁྲིད།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
ཀྲུང་གོ་གུང་ཁྲན་ཏང་།
སྤྱི་ལོ1949ལོའི་ཟླ10པའི་ཚེས1ཉིན། ཞི་ཅིན་ཕིང་།
ཡེ་ནན་མི་དམངས་སྤྱི་མཐུན་རྒྱལ་ཁབ།
ཡེ་ནན་གུང་ཁྲན་ཏང་།
སྤྱི་ལོ1945ལོའི་ཟླ9པའི་ཚེས2ཉིན།
རོན་ཧྥུའུ་ཀྲུང་།
ཁྲའོ་ཞན་མི་དམངས་སྤྱི་མཐུན་རྒྱལ་ཁབ།
ཁྲའོ་ཞན་ངལ་རྩོལ་ཏང་།
སྤྱི་ལོ1948ལོའི་ཟླ9པའི་ཚེས9ཉིན།

ཅིན་ཀྲེན་ཨུན། 

ཁུ་པ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
ཁུ་པ་གུང་ཁྲན་ཏང་།
སྤྱི་ལོ1959ལོའི་ཟླ1པོའི་ཚེས1ཉིན།
སྨི་ཀེར.ཏི་ཡ་སི.ཁ་ནེར།
ལོ་སི་མི་དམངས་སྤྱི་མཐུན་རྒྱལ་ཁབ།
ལོ་སི་མི་དམངས་གསར་བརྗེ་ཏང་།
སྤྱི་ལོ1975ལོའི་ཟླ12པའི་ཚེས2ཉིན།
པུན་དབྱང.ཝོ་ལཱ་ཅི། 







དཔྱད་གཞིའི་ཡིག་ཆ།