མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན།སྔ་མའི་པར་གཞི་དེ ལ་ཁ་གནམ་ལྷ་ཚེ་རིང  ནས 2019-10-30 08:54ལ་འགྲུབ།

མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན།

མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན།
མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ནི་བཟོ་བ་གྲལ་རིམ་གྱིས་འགོ་ཁྲིད་བྱས་པ་དང་བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞི་བྱས་ནས་མི་དམངས་ལ་དམངས་གཙོ་ལག་ལེན་བསྟར་བ་དང་དགྲ་བོར་སྲིད་དབང་སྒེར་འཛིན་བྱེད་པའི་རྒྱལ་ཁབ་ཀྱི་ལམ་ལུགས་ཤིག་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
人民民主专政
འབྱུང་ཁུངས།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》
ལྟ་བ་འདོན་མཁན།
མའོ་ཙེ་ཏུང་།
རིགས།
ཆབ་སྲིད།
1 ​མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན།

མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ནི་བཟོ་པའི་གྲལ་རིམ་གྱིས་འགོ་ཁྲིད་བྱས་པ་དང་བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞི་བྱས་ནས་མི་དམངས་ལ་དམངས་གཙོ་ལག་ལེན་བསྟར་བ་དང་དགྲ་བོར་སྲིད་དབང་སྒེར་འཛིན་བྱེད་པའི་རྒྱལ་ཁབ་ཀྱི་ལམ་ལུགས་ཤིག་ལ་ཟེར་ཞིང་། ཀྲུང་གོའི་མི་དམངས་ཀྱིས་འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་ལག་ལེན་བྱེད་པའི་རྣམ་པ་ཞིག་རེད། དེ་ནི་མའོ་ཙེ་ཏུང་གིས་མཚོན་པའི་ཀྲུང་གོའི་གུང་ཁྲན་ཏང་མིས་འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་སྐོར་གྱི་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དེ་ཀྲུང་གོའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་གསར་འཛུགས་བྱས་པའི་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་གསར་བརྗེའི་སྲོལ་རྒྱུན་དང་མཐུན་པའི་སྲིད་དབང་གི་རྣམ་པ་ཞིག་རེད། 

2 རང་རྒྱལ་གྱི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ལ་འཕེལ་རྒྱས་ཀྱི་དུས་རིམ་གསུམ།

གཅིག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མ་བཙུགས་གོང་ལ་གསར་བརྗེའི་གནས་གཞིའི་ས་ཁུལ་ཁག་གི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ནི་བཟོ་པའི་གྲལ་རིམ་གྱིས་འགོ་ཁྲིད་བྱས་པ་ཞིག་ཡིན་ཞིང་། བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞི་བྱས་པའི་གསར་བརྗེའི་གྲལ་རིམ་ཁག་མཉམ་འབྲེལ་གྱིས་སྲིད་དབང་སྒེར་འཛིན་བྱེད་པ་ཞིག་ཡིན་པས། དེས་འགན་འཁུར་ནི་བཙན་རྒྱལ་རིང་ལུགས་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩ་རིང་ལུགས་བཅས་ལ་ངོ་རྒོལ་བྱེད་པའི་དམངས་གཙོའི་གསར་བརྗེའི་ལས་འགན་ཞིག་ཡིན། 

གཉིས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་རང་རྒྱལ་གྱི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་དེ་རྒྱལ་ཡོངས་ཀྱི་རང་བཞིན་ལྡན་པའི་སྲིད་དབང་དུ་འཕེལ་རྒྱས་བྱུང་ནས་དམངས་གཙོ་རིང་ལུགས་གསར་པ་ནས་སྤྱི་ཚོགས་རིང་ལུགས་སུ་བར་བརྒལ་བྱེད་པའི་ལས་འགན་འཁུར་ཡོད། 

གསུམ། སྤྱི་ལོ1956ལོར་ཐོན་སྐྱེད་རྒྱུ་ཆས་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་ལས་འགན་ལེགས་འགྲུབ་བྱུང་རྗེས། རང་རྒྱལ་གྱི་སྤྱི་ཚོགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་སླེབས་པ་དང་། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་ལས་འགན་གཙོ་བོ་ནི་རང་རྒྱལ་འདི་ཉིད་སྟོབས་འབྱོར་དང་། དམངས་གཙོ། ཤེས་རིག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཅིག་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན།

3 ཁྱད་ཆོས།

གཅིག  དམངས་གཙོའི་གྲུབ་ཆ་ཁྱབ་ཆེ་བའི་རང་བཞིན།

གཉིས། མི་དམངས་ལ་དམངས་གཙོའི་ཁེ་ཕན་རྒྱ་ཁྱབ་ཏུ་ལོངས་སྤྱོད་བྱ་རྒྱུ་ཡོད་པ།

ལེགས་ཆ།

གཅིག  མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ལག་བསྟར་བྱེད་པ་ནི་མི་མང་ཆེ་ཤོས་ཀྱིས་དགྲ་བོ་ཉུང་ཤོས་ཀྱི་སྲིད་དབང་སྒེར་འཛིན་བྱེད་པ་ཡིན།

གཉིས། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ནི་གོ་དོན་གྱི་སྟེང་ནས་དམངས་གཙོ་དང་སྲིད་དབང་སྒེར་འཛིན་གྱི་འགལ་ཟླ་གཅིག་གྱུར་མངོན་འགྱུར་བྱས་པ་ཐད་ཀར་མཚོན་ནོ། །

4 གཞི་རྩའི་དགོངས་དོན།

གཅིག   དཔལ་འབྱོར་འཛུགས་སྐྲུན་ལྟེ་བ་བྱེད་པ་དང་གོང་འཕེལ་གཏོང་བ་ནི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་སྲ་བརྟན་དང་ཤུགས་སྣོན་གཏོང་བའི་ལག་ལེན་གྱི་རྨང་གཞི་ཡིན།

གཉིས། འགལ་ཟླ་གཅིག་གྱུར་དེ་བཅོས་བསྒྱུར་དང་འཕེལ་རྒྱས། བརྟན་བརླིང་དུ་རྒྱུན་འཁྱོངས་བྱེད་པ་ནི་མི་དམངས་གཙོའི་སྲིད་དབང་སྒེར་འཛིན་སྲ་བརྟན་དང་ཤུགས་སྣོན་བྱེད་པར་ཁག་ཐེག་བློས་བཀལ་ཆོག་པ་ཡིན།

གསུམ། “ལག་གཉིས་ཀྱིས་འཛིན་པ་དང་ལག་གཉིས་ཀྱིས་དམ་པོར་འཛིན་པ”རྒྱུན་འཁྱོངས་བྱེད་པ་ནི། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་སྲ་བརྟན་དང་ཤུགས་སྣོན་བྱེད་པའི་གཞི་རྩའི་བྱེད་ཕྱོགས་ཡིན།

བཞི། སྤྱི་ཚོགས་རིང་ལུགས་དུས་སྐབས་ཀྱི་གྲལ་རིམ་འཐབ་རྩོད་ལ་ཡང་དག་པའི་ངོས་འཛིན་ཐག་གཅོད་བྱེད་པ་ནི་མི་དམངས་གཙོའི་སྲིད་དབང་སྒེར་འཛིན་སྲ་བརྟན་དང་ཤུགས་སྣོན་བྱེད་པའི་གལ་ཆེའི་སྔོན་འགྲོ་ཡིན།

དཔྱད་གཞིའི་ཡིག་ཆ།