བཟོ་བའི་གྲལ་རིམ།སྔ་མའི་པར་གཞི་དེ ལ་ཁ་གནམ་ལྷ་ཚེ་རིང  ནས 2019-10-28 17:20ལ་འགྲུབ།

བཟོ་བའི་གྲལ་རིམ།

བཟོ་བའི་གྲལ་རིམ།
བཟོ་བའི་གྲལ་རིམ་གྱིས་སྤྱི་ཚོགས་ཀྱི་གོ་གནས་དང་སྤྱི་ཚོགས་ཀྱི་རིམ་པ་མཚོན་པ་ཡིན་ལ། གླ་ཕོགས་ལ་བརྟེན་ནས་འཚོ་བའི་བཟོ་ལས་ངལ་རྩོལ་དང་ལག་ལས་ངལ་རྩོལ་གྱི་རིམ་པར་གོ་བ་ཡིན། རྒྱུན་པར་གླ་ཕོགས་གི་ཆེད་དུ་གླས་པའི་ལུས་ཤུགས་ངལ་རྩོལ་བ་དང་ཀླད་ཤུགས་ངལ་རྩོལ་བྱེད་པའི་མི་ཚོགས་ཤིག་ལ་གོ་བ་ཡིན་ནོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
工人阶级
ཕྱི་ཡིག་གི་མིང་།
Working Class
མིང་གཞན་ལ།
ངལ་རྩོལ་གྲལ་རིམ། ངལ་རྩོལ་རིམ་གྲས།
1 ངོ་སྤྲོད་མདོར་བསྡུས། 

བཟོ་བའི་གྲལ་རིམ་གྱིས་སྤྱི་ཚོགས་ཀྱི་གོ་གནས་དང་སྤྱི་ཚོགས་རིམ་པ་མཚོན་པ་ཡིན་ལ། གླ་ཕོགས་ལ་བརྟེན་ནས་འཚོ་བའི་བཟོ་ལས་ངལ་རྩོལ་དང་ལག་ལས་ངལ་རྩོལ་གྱི་རིམ་པར་གོ་བ་ཡིན། རྒྱུན་པར་གླ་ཕོགས་གི་ཆེད་དུ་གླས་པའི་ལུས་ཤུགས་ངལ་རྩོལ་བ་དང་ཀླད་ཤུགས་ངལ་རྩོལ་བྱེད་པའི་མི་ཚོགས་ཤིག་ལ་གོ་བ་དང་། གྲལ་རིམ་འདི་ཡིས་ག་དུས་ཡིན་ཡང་སྤྱི་ཚོགས་ཀྱི་ཚད་མཐོ་ཤོས་བཟུང་ཡོད་པའི་གྲལ་རིམ་ཞིག་ཡིན་པ་དང་། དཔལ་འབྱོར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་བསྡུར་ཚད་ཇེ་དམའ་དང་། སྤྱིར་བཏང་ཐོན་ལས་བཟོ་བས་སྣེ་ཁྲིད་གཙོ་བོ་བྱེད་པར་འདོད་མོད།  འོན་ཀྱང་སྐད་ཆ་འདི་ལ་གཅིག་གྱུར་གྱི་འགྲེལ་བ་ཞིག་མེད་དེ། གཙོ་བོ་མི་སྒེར་གྱི་ལངས་ཕྱོགས་དང་ལྟ་བ་མི་འདྲ་བ་ལ་བརྟེན་ནས་གོ་བ་ལེན་བཞིན་ཡོད། དཔེར་ན།ཨ་མེ་རི་ཁའི་གྲལ་རིམ་དབྱེ་འབྱེད་པའི་ཚད་གཞི་ནི་རྒྱུན་ལྡན་རང་བཞིན་གྱི་ཡོང་འབབ་དང་ལས་ཞུགས་བྱེད་ཚད་ལ་གཞིགས་ནས་གཏན་འཁེལ་བྱེད་ཀྱིན་ཡོད་དོ། །

2 གཞི་རྩའི་ཁྱད་ཆོས།

གཅིག ཀྲུང་གོའི་བཟོ་བ་གྲལ་རིམ་ལ་དངོས་སུ་གཞན་སྡུག་རང་མྱོང་གི་གཉའ་གནོན་རིགས་གསུམ་ཕོག་པ་དང་། གཉའ་གནོན་འདི་དག་གི་ཚབས་ཆེན་རང་བཞིན་དང་གདུག་རྩུབ་རང་བཞིན་ནི་འཛམ་གླིང་གི་མི་རིགས་གང་གི་ཁྲོད་དུའང་མཐོང་དཀོན་པས། ཁོ་ཚོ་ནི་གསར་བརྗེ་འཐབ་རྩོད་ཁྲོད་དུ་གྲལ་རིམ་གང་ལས་ཀྱང་སེམས་ཐག་ཆོད་པ་དང་མཐར་ཕྱིན་པ་ཞིག་ཡིན།

གཉིས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོའི་སྤྱི་ཚོགས་ཁྲོད་ཀྱི་ཆེས་གོ་རྟོགས་ལྡན་པའི་གྲལ་རིམ་ཞིག་ཡིན།

གསུམ། ཁྱིམ་གཞིས་འཐོར་བའི་ཞིང་པས་གྲུབ་པ་མང་བའི་རྐྱེན། ཀྲུང་གོའི་འབྱོར་མེད་གྲལ་རིམ་དང་རྒྱ་ཆེ་བའི་ཞིང་བའི་བར་རང་བྱུང་གི་འབྲེལ་བ་ཡོད་པས། ཁོ་ཚོ་དང་ཞིང་བའི་བར་མཛའ་བརྩེ་ཡི་མནའ་འབྲེལ་འཛུགས་པར་སྟབས་བདེ་ཆགས་ཡོད། 

3 སྔོན་ཐོན་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ཀྱི་མཚོན་བྱེད།

གཅིག  བཟོ་བ་གྲལ་རིམ་ནི་སྔོན་ཐོན་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ཀྱི་མཚོན་བྱེད་ཡིན་ལ། ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་རྒྱུན་འཁྱོངས་བྱེད་པའི་ལྟ་བ་གལ་ཆེན་ཡིན། 

གཉིས། བཟོ་གྲལ་རིམ་གྱིས་དེང་སྐབས་ཀྲུང་གོའི་སྔོན་ཐོན་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཀྱི་ཚབ་བྱེད་པའི་གནད་དོན་ཐད་ངེས་པར་དུ་ངོས་འཛིན་གསལ་པོ་མེད་པ་ཁ་ཤས་གསལ་པོ་བཟོ་དགོས།


དཔྱད་གཞིའི་ཡིག་ཆ།