རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་བསྒྱུར།སྔ་མའི་པར་གཞི་དེ རྩེ་ཉི་མ་ཚེ་རིང་།  ནས 2019-10-28 16:54ལ་འགྲུབ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་བསྒྱུར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་བསྒྱུར།
བཅོས་བསྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་། ཀྲུང་གོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་གི་སྒྲིག་གཞི་བཅོས་བསྒྱུར་ཐེངས8བྱས་པ་དང་། སྲིད་འཛིན་གྱི་མ་གནས་ཆུང་དུ་གཏོང་གང་ཐུབ་དང་། སྲིད་འཛིན་གྱི་ལས་ཆོད་ཆེ་རུ་གཏོང་གང་ཐུབ་བྱས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་སྤྱི་ལོ1982ལོར་བརྒྱ་ཆའི100ནས་སྤྱི་ལོ2018ལོའི་བརྒྱ་ཆའི26བར་ཉུང་དུ་བཏང་ཡོད།
གཞི་རྩའི་གནས་ཚུལ།

མིང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་བསྒྱུར།
རྒྱ་ཡིག་གི་མིང་།
国务院机构改革
དཀར་ཆག
1   ​ངོ་སྤྲོད།    
2   བཅོས་བསྒྱུར་ལོ་རྒྱུས།     
3   ཐེངས་རེ་རེའི་བཅོས་བསྒྱུར།
3.1 ལོ་ལྔའི་འཆར་གཞི་དང་པོ།   
3.2 ལོ་ལྔའི་འཆར་གཞི་གཉིས་པ།    
3.3 ལོ་ལྔའི་འཆར་གཞི་གསུམ་པ།   
3.4 རིག་གནས་གསར་བརྗེའི་དུས་སྐབས།   
3.5 རིག་གསར་རྗེས།    
3.6 སྤྱི་ལོ1982ལོ།   
3.7 སྤྱི་ལོ1988ལོ།   
3.8 སྤྱི་ལོ1993ལོ།     
3.9 སྤྱི་ལོ1998ལོ།   
3.10 སྤྱི་ལོ2003ལོ།    
3.11 སྤྱི་ལོ2008ལོ།     
3.12 སྤྱི་ལོ2013ལོ།
3.13 སྤྱི་ལོ2018ལོ།     
4   བཅོས་བསྒྱུར་གྱི་དོན་སྙིང་། 
4.1 གཅིག བཅོས་བསྒྱུར་གཏིང་ཟབ་འདིར་སྐུལ་འདེད་གཏོང་བའི་ལོ་རྒྱུས་དང་དོན་དངོས་ཀྱི་ལྡོག་མེད་རང་བཞིན་ལ་ངོས་འཛིན་གང་ལེགས་བྱ་དགོས།     
4.2 གཉིས། འཕོ་འགྱུར་གཏིང་ཟབ་འདིའི་ཁྱད་ཆོས་གསལ་པོ་ཁོང་དུ་ཡང་དག་ཆུད་དགོས།    
4.3 གསུམ། སྒྲིག་གཞི་བཅོས་བསྒྱུར་ལ་སྐུལ་འདེད་ནུས་ལྡན་གཏོང་བར་འགན་སྲུང་ཏན་ཏིག་བྱ་དགོས།  
5   སྤྱི་ཚོགས་ཀྱི་དཔྱད་བརྗོད།
5.1 བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་སྐབས་དེར།    
5.2 ལས་ཁུངས་ཀྱི་ལས་ཆོད་ཆེ་རུ་གཏོང་རྒྱུ་ལེགས་སྒྲིག་བྱེད་པ།  
1 ​ངོ་སྤྲོད།    

བཅོས་བསྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་། ཀྲུང་གོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་གི་སྒྲིག་གཞི་བཅོས་བསྒྱུར་ཐེངས8བྱས་པ་དང་། སྲིད་འཛིན་གྱི་མ་གནས་ཆུང་དུ་གཏོང་གང་ཐུབ་དང་། སྲིད་འཛིན་གྱི་ལས་ཆོད་ཆེ་རུ་གཏོང་གང་ཐུབ་བྱས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་སྤྱི་ལོ1982ལོར་བརྒྱ་ཆའི100ནས་སྤྱི་ལོ2018ལོའི་བརྒྱ་ཆའི26བར་ཉུང་དུ་བཏང་ཡོད། 

སྤྱི་ལོ2018ལོའི་ཟླ3ཚེས13ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་བསྒྱུར་ཇུས་གཞི་ཡོངས་བསྒྲགས་བྱས་ཤིང་། ཇུས་གཞི་དེར་གཞིགས་ན། བཅོས་བསྒྱུར་བྱས་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིམ་པ་གཙོ་བོའི་སྡེ་ཁག་སྒྲིག་གཞི8ཉུང་དུ་ཕྱིན་པ་དང་རིམ་པ་ཕལ་བའི་སྡེ་ཁག་སྒྲིག་གཞི7ཉུང་དུ་ཕྱིན་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཁང་ཕུད། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་གཏོགས་སྡེ་ཚན26བཙུགས་ཡོད།

2 བཅོས་བསྒྱུར་ལོ་རྒྱུས།     

ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་། ཏང་དང་སྲིད་གཞུང་གིས་གྲུབ་ཚུལ་ལུགས་མཐུན་དང་། མི་སྣ་ནུས་ལྡན། བབ་བསྟུན་ནུས་ཆེའི་ཏང་སྲིད་ལས་ཁུངས་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་འབད་བརྩོན་བྱས་ནས། དམག་དཔུང་ཧྲག་སྒྲུག་དང་ལས་ཁུངས་ཁུ་བསྡུ་བྱས།     

བཅོས་བསྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་། ཀྲུང་གོས་སྤྱི་ལོ1982ལོ་དང་། སྤྱི་ལོ1988ལོ། སྤྱི་ལོ1993ལོ། སྤྱི་ལོ1998ལོ། སྤྱི་ལོ2003ལོ། སྤྱི་ལོ2008ལོ། སྤྱི་ལོ2013ལོ། སྤྱི་ལོ2018ལོ་བཅས་སོ་སོར་གཞི་ཁྱོན་ཅུང་ཆེ་བའི་སྲིད་གཞུང་གི་སྒྲིག་གཞི་བཅོས་བསྒྱུར་ཐེངས་བརྒྱད་བྱས་པ་རེད། སྤྱི་ལོ2018ལོ་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན26ཡོད་པ་རེད།    

སྤྱི་ལོ1982ལོ་ནས་བཟུང་གི་སྲིད་གཞུང་གི་སྒྲིག་གཞི་བཅོས་བསྒྱུར་ལག་ལེན་ཐེངས་འགའ་བྱས་པ་ལས་ཉམས་མྱོང་རྩ་ཆེན་ཁག་ཅིག་བསགས་ཡོད་པ་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་དང་འཚམ་པར་བྱ་རྒྱུ་དེ་བཅོས་བསྒྱུར་ཀྱི་དམིགས་འབེན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། སྲིད་གཞུང་གི་འགན་ནུས་བསྒྱུར་རྒྱུ་དེ་སྒྲིག་གཞི་བཅོས་བསྒྱུར་བྱེད་པའི་གནད་འགག་ཏུ་འཛིན་པ་དང་། ཁུ་བསྡུ་དང་། གཅིག་གྱུར། ཕན་ནུས་ལྡན་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་དམག་དཔུང་ཧྲག་སྒྲུག་དང་ལས་ཁུངས་ཁུ་བསྡུ། སྲིད་གཞུང་གི་རྩ་འཛུགས་གྲུབ་ཚུལ་ལེགས་འགྱུར་བཅས་བྱ་རྒྱུ་དེ་ལས་ཁུངས་བཅོས་བསྒྱུར་བྱེད་པའི་ལས་འགན་གལ་ཆེན་དུ་འཛིན་དགོས། སྒྲིག་གཞི་བཅོས་བསྒྱུར་དང་ལས་བྱེད་པའི་མི་དོན་ལམ་ལུགས་བཅོས་བསྒྱུར་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ལས་བྱེད་པའི་དཔུང་ཁག་གི་གྲུབ་ཆ་ལེགས་སུ་གཏོང་བ། གཅིག་གྱུར་གྱིས་འགོ་ཁྲིད་དང་། རིམ་བགོས་འགན་འཁུར། རིམ་བགོས་ལག་བསྟར། དོན་དངོས་དང་བསྟུན་པ། ཡུལ་བབ་དང་བསྟུན་ནས་བཅོས་བསྒྱུར་བཅས་བྱ་རྒྱུ་མཐའ་འཁྱོངས་བྱ་དགོས། བསླབ་བྱ་ཁ་ཤས་ཀྱང་ཡོད་པ་སྨོས་མེད་རེད། བསླབ་བྱ་ཆེ་ཤོས་ནི་སྲིད་གཞུང་གི་སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཞུའི་འགན་ནུས་ལ་སྣང་ཆུང་བྱས་པ་དེ་རེད།   

སྤྱི་ལོ1988ལོའི་ཟླ4ཚེས9ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བདུན་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་བསྒྱུར་བྱ་རྒྱུའི་ཇུས་གཞིར་གྲོས་འཆམ་བྱུང་ཞིང་། ཐེངས་གསར་པའི་སྒྲིག་གཞི་བཅོས་བསྒྱུར་བྱེད་འགོ་བརྩམས། བཅོས་བསྒྱུར་བྱས་པ་བརྒྱུད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཨུད་དེ་སྔར་ཡོད45ནས41བར་ཉུང་དུ་ཕྱིན་པ་དང་། ཐད་གཏོགས་སྒྲིག་གཞི22ནས19བར་ཉུང་དུ་ཕྱིན་པ་དང་། ཆེད་བཙུགས་སྒྲིག་གཞི75ནས་44བར་ཉུང་དུ་ཕྱིན་པ། སྡེ་ཨུད་ནང་ཁུལ་གྱི་སི་ཅུས་སྒྲིག་གཞི20%ཉུང་དུ་ཕྱིན་ཡོད་པ་རེད། དེ་ནི་ཆེད་ལས་དཔལ་འབྱོར་སྡེ་ཁག་གིས་དངུལ་བགོ་བ་དང་། དངོས་ཟོག་བགོ་བ། ཁེ་ལས་ཀྱི་གཉེར་སྐྱོང་བྱེད་སྒོར་ཐད་ཀར་ཐེ་ཇུས་བྱེད་པ་བཅས་ཀྱི་འགན་ནུས་ཞན་དུ་བཏང་ནས་སྲིད་གཞུང་གི་སྤྱི་ཁོག་སྙོམས་སྒྲིག་བྱེད་ནུས་ཆེ་རུ་གཏོང་རྒྱུ་དང་ལས་རིགས་དོ་དམ་གྱི་དམིགས་ཡུལ་བསྒྱུར་རྒྱུའི་བཅོས་བསྒྱུར་བྱས་པ་ཞིག་རེད། ད་ཐེངས་ཀྱི་བཅོས་བསྒྱུར་ནི་ཆབ་སྲིད་སྒྲིག་སྲོལ་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་རྒྱབ་ལྗོངས་ཆེན་པོའི་འོག་བྱུང་བ་ཞིག་ཡིན་པ་དང་དེའི་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ནི“སྲིད་གཞུང་གི་འགན་ནུས་འགྱུར་ལྡོག་གཏོང་རྒྱུ་ནི་སྒྲིག་གཞི་བཅོས་བསྒྱུར་གྱི་འགག་རྩ་ཡིན”ཞེས་ཐེངས་དང་པོ་བཏོན་པ་དེ་རེད།    

སྤྱི་ལོ1993ལོའི་སྲིད་གཞུང་གི་སྒྲིག་གཞི་བཅོས་བསྒྱུར་བྱེད་པའི“དམིགས་ཡུལ་གསལ་པོ་ཡིན་པ་དང་། དམིགས་ཡུལ་ཁ་གསལ་མེད་པ།” སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པའི་བཅོས་བསྒྱུར་གྱི་ལས་འགན་གལ་ཆེན་ཞིག་ནི་བཟོ་ལས་ཀྱི་ཆེད་ལས་དཔལ་འབྱོར་སྡེ་ཁག་ཉུང་འཕྲི་དང་། ཁྱབ་ཇེ་ཆུང་། ཐ་ན་ཕྱིར་འཐེན་བཅས་བྱ་རྒྱུ་དེ་ཡིན། འོན་ཀྱང་སྤྱི་ལོ1993ལོའི་སྒྲིག་གཞི་འཛུགས་སྟངས་ནས་བལྟས་ན། སྡེ་ཁག་དེ་རིགས་ཟླ་སྒྲིལ་དང་ཕྱིར་འཐེན་བྱ་རྒྱུ་ཉུང་བ་དང་། སོར་ཉར་དང་འཕར་སྣོན་བྱས་པ་མང་། དཔེར་ན་འཕྲུལ་ཆས་གློག་རྡུལ་པུའུ་ཟླ་སྒྲིལ་བཏང་བ་ནི་སྤྱི་ལོ1988ལོར་བཅོས་བསྒྱུར་བྱས་པའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཤིག་ཡིན་པ་དང་། སྤྱི་ལོ1993ལོར་བཅོས་བསྒྱུར་བྱེད་སྐབས་སླར་ཡང་འཕྲུལ་ཆས་སྡེ་ཁག་དང་གློག་རྡུལ་སྡེ་ཁག་ཁག་གཉིས་སུ་བཤིག་པ་དང་། ནུས་ཁུངས་སྡེ་ཁག་ནི་སྤྱི་ལོ1988ལོར་ཆེད་ལས་དཔལ་འབྱོར་སྡེ་ཁག་གསུམ་ཕྱིར་འཐེན་བྱས་པའི་རྨང་གཞིའི་སྟེང་བཙུགས་པ་དང་། སྤྱི་ལོ1993ལོར་ཡང་ནུས་ཁུངས་སྡེ་ཁག་ཕྱིར་འཐེན་བྱས་ཏེ་གློག་ཤུགས་སྡེ་ཁག་དང་རྡོ་སོལ་སྡེ་ཁག་བཙུགས།    

སྤྱི་ལོ1998ལོར་བཅོས་བསྒྱུར་བྱེད་པའི་དམིགས་ཡུལ་དང་དམིགས་ཚད་ཚད་མཐོའི་མཐུན་སྦྱོར་བྱུང་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གོང་དུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ་ནི་དམིགས་ཡུལ་ཡིན་པ་དང་། ཆེད་ལས་དཔལ་འབྱོར་སྡེ་ཁག་གིས་ཁེ་ལས་ལ་ཐད་ཀར་དོ་དམ་བྱེད་པའི་སྒྲིག་སྲོལ་གང་མགྱོགས་མཇུག་བསྒྲིལ་རྒྱུ་ནི་དམིགས་འབེན་ཡིན། སྤྱི་ལོ1998ལོར་བཅོས་བསྒྱུར་ལོ་རྒྱུས་རང་བཞིན་གྱི་ཡར་ཐོན་ནི་སྲིད་གཞུང་གི་འགན་ནུས་བསྒྱུར་བར་འཕེལ་རྒྱས་གལ་ཆེན་བྱུང་བ་དང་། དེའི་མངོན་གསལ་དོད་པའི་མཚོན་ཚུལ་ནི་ཧ་ལམ་བཟོ་ལས་ཆེད་ལས་དཔལ་འབྱོར་སྡེ་ཁག་ཡོད་ཚད་ཕྱིར་འཐེན་བྱས་པ་དེ་རེད།     

སྤྱི་ལོ2003ལོའི་སྲིད་གཞུང་གི་སྒྲིག་གཞི་བཅོས་བསྒྱུར་བྱ་རྒྱུ་ནི་གནད་འགག་ཅིག་ཡིན། དེའི་རྗེས་ཀྱི་སྲིད་གཞུང་ལས་ཁུངས་བཅོས་བསྒྱུར་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་རིན་ཐང་གི་ཁྲིད་ཕྱོགས་སུ་འཛིན་པ། ཞབས་ཞུ་ཅན་གྱི་སྲིད་གཞུང་འཛུགས་སྐྱོང་བྱ་རྒྱུ་དམིགས་ཡུལ་དུ་འཛིན་པ། ཕྱོགས་ཡོངས་ནས་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྤེལ། རིག་གནས་འཛུགས་སྤེལ། སྤྱི་ཚོགས་འཛུགས་སྐྲུན་བཅས་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་དུ་འཛིན་པ། ཁྱོན་ཡོངས་ནས་སྲིད་གཞུང་གི་སྤྱི་ཚོགས་དཔལ་འབྱོར་གྱི་འགན་ནུས་ལག་བསྟར་བྱ་རྒྱུ་གཞི་རྩའི་ཐབས་ལམ་དུ་འཛིན་པ་བཅས་བྱ་དགོས། དོན་སྙིང་དེའི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་བདུན་པའི་སྙན་སྒྲོན་ནང“སྲིད་འཛིན་དོ་དམ་སྒྲིག་སྲོལ་བཅོས་བསྒྱུར་མགྱོགས་སུ་གཏོང་བ་དང་ཞབས་ཞུ་ཅན་གྱི་སྲིད་གཞུང་འཛུགས་སྐྱོང་བྱེད་དགོས”ཞེས་བཏོན་ཡོད། སྤྱི་ལོ2003ལོའི་སྔོན་གྱི་བཅོས་བསྒྱུར་སྒོ་འབྱེད་ཀྱི་དུས་སྐབས་སུ། སྲིད་གཞུང་གིས་ཁོར་ཡུག་གསར་སྐྲུན་བྱ་དགོས་ལ། ཐད་ཀར་དུ་རྒྱུ་ནོར་གསར་སྐྲུན་ཡང་བྱ་དགོས། དུས་རབས་གསར་པའི་འཕེལ་རྒྱས་ཀྱིས་སྲིད་གཞུང་ལ་བཏོན་པའི་བླང་བྱ་གསར་པ་ནི། “སྲིད་གཞུང་གིས་ཁོར་ཡུག་བསྐྲུན་པ་དང་། མི་དམངས་ཀྱིས་རྒྱུ་ནོར་གསར་སྐྲུན་བྱེད་པ”དེ་རེད།     

སྤྱི་ལོ2008ལོའི་ཟླ3ཚེས11ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཅིག་ལྕོགས་ཡིན་པའི་ཧྭ་ཅན་རྨིན་གྱིས་གནང་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་བསྒྱུར་ཇུས་གཞིའི་སྐོར་གྱི་གསལ་བཤད་ལ་གསན་པ་རེད། ཐེངས་འདིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་བསྒྱུར་བྱེད་པའི་ལས་འགན་གཙོ་བོ་ནི། སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་སྡེ་ཁག་གི་འགན་འཁྲིའི་འབྲེལ་བ་མཐུན་སྦྱོར་བྱེད་པར་དམིགས་ཏེ། འགན་ནུས་གཅིག་གྱུར་དམ་ཚགས་ཡིན་པའི་སྡེ་ཁག་ཆེན་པོའི་སྒྲིག་སྲོལ་འཚོལ་ཞིབ་དང་ལག་བསྟར་བྱེད་པ་དང་། སྤྱི་ཁོག་སྙོམས་སྒྲིག་སྡེ་ཁག་གི་འགན་ནུས་སྒྲུབ་པ། ནུས་ཁུངས་དང་ཁོར་ཡུག་དོ་དམ་ལས་ཁུངས་ལ་ཤུགས་སྣོན་རྒྱག་པ། བཟོ་ལས་དང་བརྡ་འཕྲིན་ཅན། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་བཅས་ཀྱི་དོ་དམ་སྒྲིག་སྲོལ་སྡེབ་སྒྲིག་དང་འཐུས་ཚང་དུ་གཏོང་བ། དམངས་འཚོ་ལེགས་བཅོས་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ་སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཞུའི་སྡེ་ཁག་ལ་ཤུགས་སྣོན་རྒྱག་པ་དང་སྡེབ་སྒྲིག་བྱ་རྒྱུ་བཅས་ཡིན།    

སྤྱི་ལོ2013ལོའི་ཟླ2ཚེས28ཉིན་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་རྒྱ་ཁྱབ་ངང་བསམ་འཆར་བསྡུ་ལེན་བྱེད་པའི་རྨང་གཞིའི་ཐོག་བཏོན་པའི《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་བསྒྱུར་དང་འགན་ནུས་གཞན་སྒྱུར་ཇུས་གཞི》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཚང་འཛོམས་གྲོས་ཚོགས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཇུས་གཞི་འདི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གྲོས་འགོ་བཏོན་པ་དང་། སྤྱི་ལོ2013ལོའི་ཟླ3ཚེས10ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་བསྒྱུར་ཇུས་གཞི་ཡོངས་བསྒྲགས་བྱས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཁང་ཕུད། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་གཏོགས་སྡེ་ཚན་25བཙུགས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་བཀོད་སྒྲིག་གལ་ཆེན་གནང་བ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་རྒྱུའི་གནད་དོན་ལ་ཞིབ་འཇུག་གནང་བ་དང་འབྲེལ་གཏན་འབེབས་ཀྱང་གནང་བ་རེད། 《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ནང་། “ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་རྒྱུ་ནི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་བཅོས་བསྒྱུར་གཏིང་ཟབ་ཅིག་རེད”ཅེས་ཁ་གསལ་བསྟན་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་འཐབ་ཇུས་ཀྱི་སྤྱི་ཡོངས་དང་ཕུགས་ཀྱི་འཕེལ་རྒྱས་ཀྱི་མཐོ་ཚད་ནས་བཅོས་བསྒྱུར་གཏིང་ཟབ་དེར་སྐུལ་འདེད་གཏོང་བའི་དགོས་ངེས་རང་བཞིན་ལ་ངོས་འཛིན་བྱས་ཏེ་རང་རྟོགས་ངང་ལག་བསྟར་དོན་འཁྱོལ་བྱེད་དགོས། སྤྱི་ལོ2018ལོའི་ཟླ3ཚེས13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་བསྒྱུར་ཇུས་གཞི་ཡོངས་བསྒྲགས་བྱས་ཤིང་། ཇུས་གཞི་དེར་གཞིགས་ན། བཅོས་བསྒྱུར་བྱས་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག ་རིམ་པའི་སྒྲིག་གཞི8ཉུང་དུ་ཕྱིན་པ་དང་། རིམ་པ་ཕལ་བའི་སྡེ་ཁག་སྒྲིག་གཞི7ཉུང་དུ་ཕྱིན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཁང་ཕུད། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་གཏོགས་སྡེ་ཚན26བཙུགས་ཡོད།

3 ཐེངས་རེ་རེའི་བཅོས་བསྒྱུར།
3_1 ལོ་ལྔའི་འཆར་གཞི་དང་པོ།   

སྤྱི་ལོ1951ལོའི་ཟླ12པར། 《སྒྲིག་གཞི་ཁུ་བསྡུ་བྱེད་པའི་སྐོར་གྱི་ཆོད་དོན(འཆར་ཟིན)》བཞག་སྟེ། རྒྱལ་ཁབ་བཙུགས་ཚུན་ཐེངས་དང་པོར་དམག་དཔུང་ཧྲག་སྒྲུག་དང་ལས་ཁུངས་ཁུ་བསྡུ་བྱེད་པའི་བྱ་བ་བསྒྲུབས། དེའི་ནང་དོན་གཙོ་བོ་ནི།    

(1)གོང་རིམ་ཁུ་བསྡུ་དང་ལུགས་མཐུན་གྱིས་འོག་རིམ་འཐུས་ཚང་དུ་གཏོང་བ།    

(2)ལས་བགོས་ཁ་གསལ་མེད་པ་དང་ངོ་བོ་ལྡན་པའི་སྒྲིག་གཞི་ཟླ་སྒྲིལ་གཏོང་བ།     

(3)ལས་ཁུངས་ཁུ་བསྡུ་དང་རིམ་པ་ཉུང་དུ་གཏོང་བ།   

(4)ལས་བྱེད་པ་དང་ལས་ཀ་རྩག་རྩིག་བྱེད་མཁན་བར་གྱི་བསྡུར་ཚད་གཏན་འབེབས་གསལ་པོ་བྱ་དགོས་པ།     

(5)ཁེ་ལས་དང་བྱ་ལས་སྡེ་ཚན། སྲིད་འཛིན་ལས་ཁུངས་བཅས་ཀྱི་སྒྲིག་ལུགས་དང་འགྲོ་སོང་གསལ་པོར་འགོད་དགོས་པའི་བླང་བྱ་འདོན་རྒྱུ།     

(6)སྒྲིག་ཁོངས་སྒྲིག་ལམ་ནན་པོ་བཟོ་དགོས། ད་རེས་ཀྱི་སྒྲིག་གཞི་བཅོས་བསྒྱུར་བྱ་རྒྱུ་དེ་ཀྲུང་དབྱང་གི་དབང་ཆ་གཅིག་སྡུད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ནང་དོན་གཙོ་བོར་བཟུང་། 

སྤྱི་ལོ1953ལོའི་ལོ་མཇུག་ཏུ་སླེབས་སྐབས་ལས་དོན་སྡེ་ཚན42བར་མང་དུ་ཕྱིན་ཡོད། སྤྱི་ལོ1954ལོར། ཀྲུང་གོའི་སྲིད་དབང་རྩ་འཛུགས་ཀྱི་རྣམ་པ་གཏན་ཁེལ་དང་རིམ་པ་སོ་སོའི་སྲིད་དབང་ལས་ཁུངས་བཙུགས་པ་དང་བསྟུན་ནས། ལོ་མཇུག་ནས་བཟུང་ལོ་གཅིག་ལྷག་གི་དུས་ཚོད་སྤྱད་དེ། ཀྲུང་དབྱང་དང་ས་གནས་ཀྱི་རིམ་པ་སོ་སོའི་ལས་ཁུངས་ལ་གཞི་རྒྱ་ཅུང་ཆེ་བའི་ཁུ་བསྡུ་ཐེངས་ཤིག་བྱས། ཀྲུང་དབྱང་རིམ་པའི་ལས་ཁུངས་ཁུ་བསྡུ་བྱ་རྒྱུ།     

(1)ལས་སྒོའི་ཁྱབ་ཁོངས་ཀྱི་རྨང་གཞིའི་ཐོག་སྒྲིག་གཞི་ལེགས་སྒྲིག་དང་ཁུ་བསྡུ་བྱས་པས་རིམ་པ་ཉུང་དུ་ཕྱིན་པ།     

(2)རིམ་ཁག་ལས་ཁུངས་ཀྱིས་ལས་སྒོའི་དགོས་མཁོར་གཞིགས་ནས་སྒྲིག་ཁོངས་ཉུང་དུ་བཏང་ནས་སྒྲིག་ཁོངས་ཇུས་གཞི་གསར་པ་ཁ་གསལ་བཟོས་པ།    

(3)ཁུ་བསྡུ་བྱས་པའི་ལས་བྱེད་པ་བཀོད་སྒྲིག་འོས་འཚམ་བྱ་དགོས། ས་གནས་ཀྱི་ལས་ཁུངས་རིམ་པ་ཁག་གིས་ཀྱང་ཁུ་བསྡུ་བྱས་ཡོད་ཅིང་། ཀྲོན་ཡོན་ཀུང་ཧྲུའུ་དང་ཆུས་ཀྱི་ཀུང་ཧྲུའུ་སོ་སོར་ཞིང་ཆེན་དང་རྫོང་སྲིད་གཞུང་གི་མངག་གཏོང་ལས་ཁུངས་ཡིན་པས་ཁུ་བསྡུ་བྱེད་པའི་བསྡུར་ཚད་ཆེ་ཙམ་ཡོད། དེའི་རྗེས་སུ་བཅའ་ཁྲིམས་ལྟར་བཙུགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་མཉམ་དུ་སྒྲིག་གཞི་འཕར་འཛུགས་བྱེད་འགོ་བརྩམས་ཤིང་།

3_2 ལོ་ལྔའི་འཆར་གཞི་གཉིས་པ།    

སྤྱི་ལོ1956ལོའི་ལོ་སྨད་དུ། ཀྲུང་དབྱང་གིས《རྒྱལ་ཁབ་ཀྱི་སྲིད་འཛིན་སྒྲིག་སྲོལ་ལེགས་བཅོས་བྱེད་པའི་སྐོར་གྱི་གྲོས་ཆོད(འཆར་ཟིན)》བཏོན། དེ་ནི་གཞི་ཁྱོན་ཅུང་ཆེ་བའི་སྒྲིག་སྲོལ་བཅོས་བསྒྱུར་དང་སྒྲིག་གཞི་བཅོས་བསྒྱུར་བྱེད་ཐེངས་གཉིས་པ་ཡིན། ད་རེས་ཀྱི་བཅོས་བསྒྱུར་བྱེད་སྐབས་ཀྲུང་དབྱང་གིས་ས་གནས་ལ་དབང་ཆ་གཤམ་སྤྲོད་བྱ་རྒྱུ་ནང་དོན་གཙོ་བོར་བྱས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རང་ཁོངས་སུ་གཏོགས་པའི་ལས་སྒྲུབ་སྡེ་ཁག་ཁུ་བསྡུ་བྱས་པར་བརྟེན་ནས་དབང་ཆ་གཤམ་ལ་སྤྲད་དེ་ས་གནས་ཀྱི་རང་བདག་དབང་ཆ་ཆེ་རུ་གཏོང་རྒྱུའི་དམིགས་ཡུལ་འགྲུབ་པར་བྱ་དགོས།    

ད་ཐེངས་ཀྱི་བཅོས་བསྒྱུར་དེ་སྤྱི་ལོ1960ལོའི་བར་རྒྱུན་མཐུད་བྱས་ཡོད། སྤྱི་ལོ1958ལོར། རྒྱལ་ཁབ་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་སོགས་སྡེ་ཚན10ལྷག་ཙམ་ཟླ་སྒྲིལ་བཏང་བ་རེད། ལེགས་སྒྲིག་བྱས་པ་བརྒྱུད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཨུད8ཉུང་དུ་ཕྱིན་པ་དང་ཐད་གཏོགས་སྒྲིག་གཞི5ཉུང་དུ་ཕྱིན་ཡོད། ལོ་མཇུག་བར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལས་དོན་སྡེ་ཁག68བཙུགས་ཡོད། སྤྱི་ལོ1959ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་སྡེ་ཁག་གིས་ཡང་བསྐྱར་གོམ་གང་མདུན་སྤོས་ཀྱིས་ལེགས་སྒྲིག་དང་ཟླ་སྒྲིལ་བཏང་བ་དང་། ལོ་དེའི་ལོ་མཇུག་ཏུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྡེ་ཁག་ཨུ་ཡོན་ལྷན་ཁང39དང་། ཐད་གཏོགས་ལས་ཁུངས་དང་དོན་གཅོད་ལས་ཁུངས21བཙུགས། སྒྲིག་གཞིའི་བསྡོམས་འབོར60ཟིན་པ་དེ་སྤྱི་ལོ1956ལོ་ལས་བརྒྱ་ཆའི21ཉུང་དུ་ཕྱིན་པ་རེད།

3_3 ལོ་ལྔའི་འཆར་གཞི་གསུམ་པ།   

སྤྱི་ལོ1960ལོ་ནས་སྤྱི་ལོ1964ལོའི་བར། རྒྱལ་དམངས་དཔལ་འབྱོར་ལེགས་སྒྲིག་གི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་ཆེད། རྒྱལ་ཁབ་བཙུགས་རྗེས་ཀྱི་སྒྲིག་གཞི་ཅུང་ཆེ་བའི་བཅོས་བསྒྱུར་ཐེངས་གསུམ་པ་བྱས།    

གཅིག་ནི་སྔ་ཕྱིར་ཀྲུང་དབྱང་དང་ས་གནས་ཀྱི་ལས་ཁུངས་རིམ་པ་ཁག་ཏུ་གཅིག་སྡུད་ཆེ་ཙམ་ཡིན་པའི་ལས་བྱེད་པ་ཁུ་བསྡུ་བྱེད་པའི་ལས་འགུལ་ཐེངས་གཉིས་སྤེལ་བ། ཐེངས་དང་པོ་ནི་སྤྱི་ལོ1960ལོའི་ཟླ7པ་ནས་སྤྱི་ལོ1961ལོའི་ཟླ9པའི་བར་གཙོ་བོ་ཀྲུང་དབྱང་གི་རིམ་པ་དང་པོའི་ལས་ཁུངས་སུ་གཅིག་སྡུད་བྱས་ཡོད། ད་རེས་ཀྱི་ལས་བྱེད་པ་ཁུ་བསྡུ་བྱེད་དུས་བྱ་ལས་སྡེ་ཚན་གཙོ་བོར་བཟུང་སྟེ་སྲིད་འཛིན་སྡེ་ཁག་དང་བྱ་ལས་སྡེ་ཚན་ལ་དུས་མཚུངས་སུ་ཁུ་བསྡུ་བྱ་དགོས། ལོ་གཅིག་ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད་སྒྲིག་གཞིའི་ཐད་ཀྲུང་དབྱང་སྡེ་ཚན་ཁག་གི་སི་ཅུས་རིམ་པའི་ལས་ཁུངས15%ཉུང་དུ་ཕྱིན་པ་དང་བྱ་གཞག་ཚན་པ26%ཉུང་དུ་ཕྱིན་པ། སྲིད་འཛིན་ལས་ཁུངས་ཀྱིས་མི་ཁྲི1.6ཁུ་བསྡུ་བྱས་པ་དང་། བྱ་ལས་སྡེ་ཚན་གྱིས་མི་ཁྲི6.5ཁུ་བསྡུ་བྱས་ཡོད།     

ཐེངས་གཉིས་པར་ཁུ་བསྡུ་ནི་སྤྱི་ལོ1962ལོའི་ཟླ2པ་ནས་སྤྱི་ལོ1964ལོའི་བར་ཡིན་ལ། ཁྱབ་ཁོངས་སུ་ཀྲུང་དབྱང་དང་ས་གནས་རིམ་པ་ཁག་གི་ལས་ཁུངས་ཚུད་ཡོད། ཉེ་བའི་ལོ་གཉིས་རིང་འབད་བརྩོན་བྱས་པ་བརྒྱུད་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱིས་སྤྱི་ལོ1961ལོའི་ཁུ་བསྡུ་བྱས་པའི་རྨང་གཞིའི་ཐོག་སླར་ཡང་མི་ཁྲི1ཁུ་བསྡུ་བྱས་ཡོད། རྒྱལ་ཡོངས་སུ་ཁྱོན་བསྡོམས་མི་ཁྲི81ཁུ་བསྡུ་བྱས་ཡོད། ཁུ་བསྡུ་བྱས་པའི་ལས་བྱེད་པ་མང་ཆེ་བ་གཞི་རིམ་དང་ཐོན་སྐྱེད་ཀྱི་འཐབ་ཕྱོགས་དང་པོར་བཞག་ཡོད།     

གཉིས་པ་ནི་ཀྲུང་དབྱང་གིས་ལོ་རབས་ལྔ་བཅུ་པའི་དུས་མཇུག་ཏུ་ས་གནས་ལ་སྤྲད་པའི་དབང་ཆ་ཚུར་བླངས་པ་དང་ཕྱིར་འཐེན་བྱས་པའི་སྒྲིག་གཞི་སླར་གསོ་བྱས་ཏེ། སྤྱི་ལོ1965ལོའི་ལོ་མཇུག་ཏུ་སླེབས་དུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི79ལ་སླེབས་ཤིང་། རྒྱལ་ཁབ་བཙུགས་རྗེས་ཀྱི་མཐོ་རླབས་ཐེངས་གཉིས་པ་ཡིན།

3_4 རིག་གནས་གསར་བརྗེའི་དུས་སྐབས།   

“རིག་གནས་གསར་བརྗེ་ཆེན་པོའི”ནང་དུ། སྲིད་གཞུང་གི་ལས་ཁུངས་ལ་རྒྱུན་ལྡན་མིན་པའི་འགྱུར་ལྡོག་ཆེན་པོ་བྱུང་། སྤྱི་ལོ1970ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག79མེད་པར་བཟོས་ནས་ཟླ་སྒྲིལ་བཏང་ཞིང་། དེའི་ནང་ནས13ད་དུང་དམག་དཔུང་གིས་དོ་དམ་བྱས་ཏེ། རྒྱལ་ཁབ་བཙུགས་ཚུན་གྱི་ཀྲུང་དབྱང་སྲིད་གཞུང་གི་སྒྲིག་གཞི་གྲངས་ཀྱི་ཆེས་དམའ་བའི་གནས་སུ་སླེབས། སྤྱི་ལོ1975ལོར་ཏེང་ཞའོ་ཕིང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་གཙོ་སྐྱོང་གནང་བ་མ་ཟད། ཁྱབ་ཁོངས་ཁག་ལ་བཅོས་སྒྲིག་གནང་ནས་དེ་དང་འཚམ་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་སྡེ་ཚན52ལ་སླར་གསོ་གནང་བ་རེད།

3_5 རིག་གསར་རྗེས།    

སྤྱི་ལོ1976ལོར། “མི་བཞི་ཤོག་ཁག”ཐལ་བའི་རྡུལ་དུ་བརླགས་རྗེས། སྐབས་དེའི་དཔལ་འབྱོར་སྟེང་ཐོར་ཞིག་ཏུ་སོང་བས། ལོ་རབས་ལྔ་བཅུ་བའི་དུས་མཇུག་གི་དོ་དམ་སྒྲིག་སྲོལ་དང་སྒྲིག་གཞི་བཀོད་སྒྲིག་མུ་མཐུད་དུ་བཀོལ་སྤྱོད་བྱས་པ་མ་ཟད་འཕེལ་རྒྱས་སུ་བཏང་། སྤྱི་ལོ1981ལོར་སླེབས་དུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་སྡེ་ཁག100རུ་འཕར་སྣོན་བྱུང་ནས། རྒྱལ་ཁབ་བཙུགས་ཚུན་གྱི་ཆེས་མཐོ་བའི་ཡང་རྩེར་སླེབས།

3_6 སྤྱི་ལོ1982ལོ།   

ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས་ཀྲུང་གོ་འཕེལ་རྒྱས་ཀྱི་དུས་སྐབས་གསར་པ་ཞིག་ཏུ་སླེབས་པ་དང་། དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་དང་ཕྱི་ཕྱོགས་ལ་སྒོ་འབྱེད་འགོ་ཚུགས་ཡོད། དེ་དང་བསྟུན་ནས། སྤྱི་ལོ1982ལོ་ནས་བཟུང་། ཐོག་མར་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་འགོ་བརྩམས་ཏེ། རིམ་པ་སོ་སོའི་སྒྲིག་གཞི་བཅོས་བསྒྱུར་སྤེལ་ཞིང་། ཐེངས་འདིའི་བཅོས་བསྒྱུར་ཀྱི་དུས་ཡུན་ལོ་གསུམ་འགོར། དེའི་ཁྱབ་ཁོངས་སུ་རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་འདུས། དེ་ནི་རྒྱལ་ཁབ་བཙུགས་ཚུན་གྱི་གཞི་ཁྱོན་ཅུང་ཆེ་བ་དང་དམིགས་སའི་རང་བཞིན་ཅུང་ཆེ་བའི་རིམ་པ་སོ་སོའི་ལས་ཁུངས་ཀྱི་བཅོས་བསྒྱུར་ཐེངས་ཤིག་ཡིན། ད་ཐེངས་ཀྱི་བཅོས་བསྒྱུར་བྱེད་སྐབས་དམག་དཔུང་ཧྲག་སྒྲུག་དང་ལས་ཁུངས་ཁུ་བསྡུ་བྱ་རྒྱུ་རྩ་དོན་དུ་འཛིན་པར་མ་ཟད། དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་སྔར་ལས་ལྷག་པར་གོང་དུ་སྤེལ་བས། སྲིད་གཞུང་གི་སྒྲིག་གཞི་འཛུགས་པར་བླང་བྱ་གསར་པ་འདོན་སྲིད་པ་ནི། དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་ཟབ་ཏུ་སྤེལ་བར་ལེགས་སྒྲིག་བྱེད་པར་མཐུན་རྐྱེན་འདོན་སྤྲོད་གང་ཐུབ་བྱས་ཏེ། དཔལ་འབྱོར་དོ་དམ་སྡེ་ཁག་ཕྱིར་འཐེན་དང་ཟླ་སྒྲིལ་ཆེ་ཙམ་བཏང་བ་མ་ཟད། དེའི་ནང་གི་བྱང་ཆུབ་པའི་སྡེ་ཚན་ཁ་ཤས་དཔལ་འབྱོར་རྩ་འཛུགས་སུ་བསྒྱུར་ཡོད།

སྤྱི་ལོ1981ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་སྡེ་ཁག100ཡོད་ཅིང་། རྒྱལ་ཁབ་བཙུགས་ཚུན་གྱི་ཆེས་མཐོ་བའི་ཡང་རྩེར་སོན་ཡོད། གཏོས་ཆེ་བའི་དོ་དམ་ལས་ཁུངས་དེ་བཅོས་བསྒྱུར་སྒོ་འབྱེད་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་དགོས་མཁོར་བསྟུན་མི་ཐུབ་པས་བཅོས་བསྒྱུར་བྱ་དགོས། ལོ་དེའི་ཟླ12པར་རྒྱལ་ཡོངས་དམངས་ཆེན་སྐབས་ལྔ་བའི་གྲོས་ཚོགས་ཐེངས་བཞི་བའི་སྲིད་གཞུང་གི་བྱ་བའི་སྙན་ཞུའི་ནང་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་སོ་སོ་ནས་ཐོག་མར་སྒྲིག་གཞི་བཅོས་བསྒྱུར་བྱས་ཏེ། དུས་བཀག་ལྟར་ལེགས་འགྲུབ་བྱེད་རྒྱུ་ཐག་བཅད།     

སྤྱི་ལོ1982ལོའི་ཟླ3ཚེས8ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་བསྒྱུར་བྱ་རྒྱུའི་གནད་དོན་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་། ཐེངས་འདིའི་བཅོས་བསྒྱུར་ནང་རིམ་པ་ཁག་དང་པུའུ་ཁག་གི་ལས་གནས་ཀྱི་གྲངས་ཀ་དང་། ལོ་ཚོད། རིག་གནས་ཀྱི་གྲུབ་ཚུལ་བཅས་གཏན་འབེབས་གསལ་པོ་བྱས་ཡོད་པས། སྒྲིག་གཞི་ཁུ་བསྡུ་བྱེད་པའི་ཐད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་ཁག100ནས61ལ་ཉུང་དུ་བཏང་བ་དང་མི་སྣའི་སྒྲིག་ཁོངས་དེ་སྔའི་མི་ཁྲི5.1ནས་མི་ཁྲི3བར་ཉུང་དུ་བཏང་ཡོད། 

ཐེངས་འདིའི་བཅོས་བསྒྱུར་ནང་འགོ་ཁྲིད་ཚན་ཁག་གི་ཐད་ལ་རིམ་པ་ཁག་དང་སྡེ་ཁག་གི་ལས་གནས་ཀྱི་གྲངས་ཀ་དང་། ལོ་ཚད། རིག་གནས་ཀྱི་གྲུབ་ཚུལ་བཅས་གཏན་འབེབས་གསལ་པོ་བྱས་ཡོད་པས། སྒྲིག་གཞི་ཁུ་བསྡུ་བྱེད་པའི་ཐད་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ཐད་གཏོགས་སྒྲིག་གཞི། དོན་གཅོད་སྒྲིག་གཞི་བཅས100ནས61ལ་ཉུང་དུ་བཏང་བ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྡེ་ཚན50ནས60བར་དེ30ནས་40བར་ཉུང་དུ་བཏང་། ཐད་སྐྱོང་གྲོང་ཁྱེར་གྱི་སྲིད་གཞུང་ལས་ཁུངས་དེ་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྡེ་ཁག་ལས་ཅུང་མང་བ། གྲོང་ཁྱེར་སྲིད་གཞུང་གི་སྒྲིག་གཞི50ནས60བར་དེ45ཡས་མས་སུ་ཆག་ཡོད། སྲིད་འཛིན་ཀུང་ཧྲུའུ་ཡི་དོན་བྱེད་ལས་ཁུངས40ཡས་མས་ནས་30ཡས་མས་བར་ཉུང་དུ་བཏང་བ་དང་རྫོང་སྲིད་གཞུང་སྡེ་ཚན40ལྷག་ཙམ་ནས25ཡས་མས་བར་ཉུང་དུ་བཏང་བ། མི་སྣའི་སྒྲིག་ཁོངས་ཐད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་ཁག་གིས་དེ་སྔའི་མི་ཁྲི5.1ནས་མི་ཁྲི3བར་ཉུང་དུ་བཏང་བ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་ཏང་སྲིད་ལས་ཁུངས་ཀྱི་མི་སྣ་ཁྲི18ནས་ཁྲི12བར་ཉུང་དུ་ཕྱིན་ཡོད། གྲོང་ཁྱེར་དང་རྫོང་ལས་ཁུངས་ཀྱི་ལས་དོན་མི་སྣ་20%ཉུང་དུ་བཏང་བ། ས་ཁུལ་དང་ལས་ཁུངས་ཁུ་བསྡུ་བྱེད་ཚད་སྔར་ལས་ཆེ་བ། བཅོས་བསྒྱུར་བྱས་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཀྲའོ་ཀྲེང་ཕུའུ་ནི་གཅིག་ནས་གཉིས་སམ་གཉིས་ནས་བཞི་བར་ཡིན་པ་དང་། འགོ་ཁྲིད་ཚན་པའི་ཆ་སྙོམས་ལོ་ཚད་ཀྱང་ཅུང་ཆག་པ་དང་། སྡེ་ཨུད་ཀྱི་ཆ་སྙོམས་ལོ་ཚད་ལོ64ནས་ལོ60བར་ཆག་པ། ཅུས་རིམ་པའི་ཆ་སྙོམས་ལོ་ཚད་ལོ58ནས་ལོ54བར་ཆག་པ་བཅས་རེད། ཐེངས་འདིའི་བཅོས་བསྒྱུར་ཀྱི་དུས་ཡུན་ལོ་གསུམ་ཡིན་ཞིང་། དེ་ནི་རྒྱལ་ཁབ་བཙུགས་ཚུན་གྱི་གཞི་ཁྱོན་ཅུང་ཆེ་བ་དང་དམིགས་སའི་རང་བཞིན་ཅུང་ཆེ་བའི་སྲིད་འཛིན་སྒྲིག་སྲོལ་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་བའི་འབད་བརྩོན་ཐེངས་ཤིག་ཡིན། འགོ་ཁྲིད་ཚན་ཁག་རིམ་པ་ཁག་ཁུ་བསྡུ་དང་འགོ་ཁྲིད་ཀྱི་གོ་གནས་ལམ་ལུགས་མེད་པར་བཟོས་པ་བརྒྱུད་ལས་བྱེད་པའི་དཔུང་སྡེ་ན་གཞོན་ཅན་དུ་འགྱུར་ཚད་མགྱོགས་སུ་བཏང་བ་ནི་འགག་སྒྲོལ་ཧ་ཅང་ཆེན་པོ་ཞིག་རེད། འོན་ཀྱང་སྐབས་དེར་དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་བྱེད་པའི་གཙོ་གནད་གྲོང་གསེབ་ཏུ་ཡོད་པས། སྲིད་འཛིན་དོ་དམ་ཐད་ཕྱོགས་ཡོངས་ནས་བཅོས་བསྒྱུར་བྱ་དགོས་པའི་བླང་བྱ་བཏོན་མེད་པས། སྲིད་གཞུང་གི་སྒྲིག་གཞི་དང་མི་སྣ་ཚང་མ་དངོས་འབྲེལ་ཉུང་དུ་གཏོང་ཐུབ་མེད། ད་རེས་ཀྱི་བཅོས་བསྒྱུར་ནི་དགེ་མཚན་ལྡན་པའི་འཚོལ་ཞིབ་ཅིག་ཡིན་པས། ལས་བྱེད་པའི་དཔུང་སྡེ་ན་གཞོན་ཅན་དུ་འགྱུར་ཚད་མགྱོགས་སུ་བཏང་མོད། འོན་ཀྱང་གཅིག་སྡུད་ཚད་མཐོན་པོ་བྱེད་པའི་དོ་དམ་སྒྲིག་སྲོལ་མེད་པ་དང་། སྲིད་གཞུང་གི་འགན་ནུས་དངོས་སུ་བསྒྱུར་མེད།     

སྤྱི་ལོ1982ལོའི་སྲིད་གཞུང་གི་སྒྲིག་གཞི་བཅོས་བསྒྱུར་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་ཡར་ཐོན་དེ་ཚིག་གསུམ་གྱིས་སྙིང་བསྡུས་བྱས་ན་ཆོག་པ་སྟེ། གཅིག་ནི་འགོ་ཁྲིད་ལས་བྱེད་པའི་གོ་གནས་ལམ་ལུགས་མེད་པར་བཟོ་འགོ་བརྩམས་པ་དང་། གཉིས་ནི་རིམ་པ་ཁག་གི་འགོ་ཁྲིད་ཚན་ཁག་ཁུ་བསྡུ་བྱས་པ། གསུམ་ནི་ལས་བྱེད་པའི་དཔུང་ཁག་ན་གཞོན་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་།

3_7 སྤྱི་ལོ1988ལོ།   

སྤྱི་ལོ1982ལོར་སྒྲིག་གཞི་བཅོས་བསྒྱུར་བྱས་རྗེས། ཚད་མཐོའི་གཅིག་བསྡུས་ཀྱི་དོ་དམ་སྒྲིག་སྲོལ་མེད་པ་དང་། སྲིད་གཞུང་གི་འགན་ནུས་བསྒྱུར་བ་སོགས་ཀྱི་རྒྱུ་རྐྱེན་གྱི་དབང་གིས་སྲིད་གཞུང་གི་སྒྲིག་གཞི་ཡུན་རིང་མ་སོང་བར་སླར་ཡང་ཆེ་རུ་འགྲོ་བའི་འཕེལ་ཕྱོགས་མངོན་ཡོད། དེར་བརྟེན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡང་བསྐྱར་སྒྲིག་གཞི་བཅོས་བསྒྱུར་བྱ་རྒྱུའི་གྲོས་ཐག་བཅད་པ་རེད།    

སྤྱི་ལོ1988ལོའི་ཟླ4ཚེས9ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བདུན་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་བསྒྱུར་བྱ་རྒྱུའི་ཇུས་གཞིར་གྲོས་འཆམ་བྱུང་ཞིང་། ཐེངས་གསར་པའི་སྒྲིག་གཞི་བཅོས་བསྒྱུར་བྱེད་འགོ་བརྩམས། བཅོས་བསྒྱུར་བྱས་པ་བརྒྱུད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཨུད་ལ་སྔར་ཡོད་ཀྱི་སྡེ་ཨུད45(དེའི་ནང་ཕྱི་འབྲེལ་སྡེ་ཁག་དང་། རྒྱལ་སྲུང་སྡེ་ཁག རྒྱལ་ཁབ་འཆར་འགོད་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་ཚན་རིག་ལག་རྩལ་ཨུ་ཡོན་ལྷན་ཁང་། རྒྱལ་སྲུང་ཚན་རིག་ལག་རྩལ་བཟོ་ལས་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། སྤྱི་བདེ་སྡེ་ཁག རྒྱལ་ཁབ་བདེ་འཇགས་སྡེ་ཁག ལྟ་ཞིབ་སྡེ་ཁག དམངས་སྲིད་སྡེ་ཁག ཁྲིམས་འཛིན་སྡེ་ཁག ནོར་སྲིད་སྡེ་ཁག མི་དོན་སྡེ་ཁག ངལ་རྩོལ་སྡེ་ཁག ས་གཤིས་གཏེར་རྫས་སྡེ་ཁག འཛུགས་སྐྲུན་སྡེ་ཁག ནུས་ཁུངས་སྡེ་ཁག ལྕགས་ལམ་སྡེ་ཁག འགྲིམ་འགྲུལ་སྡེ་ཁག འཕྲུལ་ཆས་གློག་རྡུལ་བཟོ་ལས་སྡེ་ཁག མཁའ་འགྲུལ་མཁའ་སྐྱོད་བཟོ་ལས་སྡེ་ཁག ལྕགས་བཞུ་བཟོ་ལས་སྡེ་ཁག རྫས་འགྱུར་བཟོ་ལས་སྡེ་ཁག ཡང་བའི་བཟོ་ལས་སྡེ་ཁག འཁེལ་འཐག་བཟོ་ལས་སྡེ་ཁག སྦྲག་ལས་སྡེ་ཁག ཆུ་བེད་སྡེ་ཁག ཞིང་ལས་སྡེ་ཁག ནགས་ལས་སྡེ་ཁག ཚོང་ལས་སྡེ་ཁག ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་སྡེ་ཁག དངོས་ཟོག་སྡེ་ཁག རིག་གནས་སྡེ་ཁག རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྡེ་ཁག འཕྲོད་བསྟེན་སྡེ་ཁག རྒྱལ་ཁབ་ལུས་རྩལ་བྱ་འགུལ་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་འཆར་ལྡན་བུ་བཙའི་ཨུ་ཡོན་ལྷན་ཁང་། ཀྲུང་གོའི་མི་དམངས་དངུལ་ཁང་། རྩིས་བཤེར་ཁང་གཏོགས)ཐད་གཏོགས་སྒྲིག་གཞི22ནས19བར་ཉུང་དུ་ཕྱིན་པ་དང་། ཆེད་བཙུགས་སྒྲིག་གཞི75ནས44བར་ཉུང་དུ་ཕྱིན་པ། སྡེ་ཨུད་ནང་ཁུལ་གྱི་སི་ཅུས་སྒྲིག་གཞི20%ཉུང་དུ་ཕྱིན་ཡོད་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་དང་ཨུ་ཡོན་ལྷན་ཁང་། ཅུས་བཅས66ནང་སྡེ་ཚན32ལ་ཁྱོན་མི་ཁྲི1.5ལྷག་ཙམ་ཉུང་དུ་ཕྱིན་པ་དང་། སྡེ་ཚན30ལ་ཁྱོན་མི5300མང་དུ་ཕྱིན་ནས། སྣོན་འཕྲི་བྱས་ཏེ་སྒྲིག་གཞི་བཅོས་བསྒྱུར་བྱས་རྗེས་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མི་སྣའི་སྒྲིག་ཁོངས་དེ་སྔ་ལས9700ལྷག་ཙམ་ཉུང་དུ་ཕྱིན་ཡོད། འོན་ཀྱང་དཔལ་འབྱོར་སྤེལ་ཐལ་ཤོར་བའི་རྐྱེན་གྱིས་ད་རེས་ཁུ་བསྡུ་བྱེད་པའི་སྒྲིག་གཞི་ཡང་མགྱོགས་མྱུར་དུ་གཏོས་ཆེ་རུ་ཕྱིན་ཡོད།     

འདི་ནི་ཆེད་ལས་དཔལ་འབྱོར་སྡེ་ཁག་གིས་དངུལ་བགོ་བ་དང་། དངོས་ཟོག་བགོ་བ། ཁེ་ལས་ཀྱི་གཉེར་སྐྱོང་བྱེད་སྒོར་ཐད་ཀར་ཐེ་ཇུས་བྱེད་པ་བཅས་ཀྱི་འགན་ནུས་ཞན་དུ་བཏང་ནས་སྲིད་གཞུང་གི་སྤྱི་ཁོག་སྙོམས་སྒྲིག་བྱེད་ནུས་ཆེ་རུ་གཏོང་རྒྱུ་དང་ལས་རིགས་དོ་དམ་གྱི་དམིགས་ཡུལ་བསྒྱུར་རྒྱུའི་བཅོས་བསྒྱུར་བྱས་པ་ཞིག་རེད། ད་ཐེངས་ཀྱི་བཅོས་བསྒྱུར་ནི་ཆབ་སྲིད་སྒྲིག་སྲོལ་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་རྒྱབ་ལྗོངས་ཆེན་པོའི་འོག་བྱུང་བ་ཞིག་ཡིན་པ་དང་དེའི་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ནི“སྲིད་གཞུང་གི་འགན་ནུས་འགྱུར་ལྡོག་གཏོང་རྒྱུ་ནི་སྒྲིག་གཞི་བཅོས་བསྒྱུར་ཀྱི་འགག་རྩ་ཡིན”ཞེས་ཐེངས་དང་པོ་བཏོན་པ་དེ་རེད། སྲིད་གཞུང་གི་དཔལ་འབྱོར་དོ་དམ་སྡེ་ཁག་གིས་ཐད་ཀར་དོ་དམ་གཙོ་བོར་འཛིན་པ་ནས་གཞན་བརྒྱུད་དོ་དམ་གཙོ་བོར་འཛིན་པ་དང་། སྤྱི་ཁོག་དོ་དམ་གྱི་འགན་ནུས་ཆེ་རུ་གཏོང་བ། དོ་དམ་གྱི་འགན་ནུས་སྒྲུབ་པ་བཅས་བྱ་དགོས། དེའི་ནང་དོན་གཙོ་བོ་ནི་འགན་ནུས་སྒྲུབ་པ་དང་། འགན་འཁྲི་ལས་བགོས་ཚན་རིག་དང་མཐུན་པར་དབྱེ་འབྱེད། སྒྲིག་གཞི་འཛུགས་སྟངས་ལེགས་སྒྲིགའགན་ནུས་ལེགས་སྒྲིགལས་ཀ་བྱེད་སྟངས་སྒྱུར་བ། སྲིད་འཛིན་ལས་ཆོད་ཆེར་གཏོང་། འཁོར་སྐྱོད་ནང་རྐྱེན་འཐུས་ཚང་དུ་གཏོང་བ། སྲིད་འཛིན་ཁྲིམས་འཛུགས་མགྱོགས་སུ་གཏོང་བ་བཅས་ཡིན། བཅོས་བསྒྱུར་བྱ་རྒྱུའི་གཙོ་གནད་ནི་དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་བྱ་རྒྱུ་དང་འབྲེལ་བ་དམ་པོ་ཡོད་པའི་དཔལ་འབྱོར་དོ་དམ་སྡེ་ཁག་དེ་དག་ཡིན། བཅོས་བསྒྱུར་བྱས་ནས་སྔོན་ལ་ཀྲུང་དབྱང་སྲིད་གཞུང་གིསས་གནས་སྲིད་གཞུང་གིསས་གནས་སྲིད་གཞུང་གིས་ལག་བསྟར་བྱེད་པའི་བྱེད་ཐབས་སྤྱད་དེ་ལག་བསྟར་བྱ་དགོས། ཕྱིས་སུ་རྙོག་འཛིང་ཆེ་བའི་ཆབ་སྲིད་དང་དཔལ་འབྱོར་གྱི་རྒྱུ་རྐྱེན་རབ་དང་རིམ་པའི་དབང་གིས་ལག་ལེན་གྱི་ཁྲོད་དུ་དུས་ཐོག་ཏུ“གནད་འགག”མ་རྙེད་པ་དང་། དེའི་ཁར་བཅོས་སྐྱོང་དང་དག་ཐེར་ལས་ཀའི་དགོས་མཁོ་བསྣན་ན། སྤྱི་ལོ1989ལོར་ས་གནས་ཀྱི་སྒྲིག་གཞི་བཅོས་བསྒྱུར་བྱ་རྒྱུ་དེ་གནས་སྐབས་སུ་ཕྱིར་འགྱངས་ཀྱིས་བསྒྲུབ་དགོས་ཞེས་གཏན་ལ་ཕབ་ཡོད།          

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཟོ་ལས་ཀྱི་ཆེད་ལས་དཔལ་འབྱོར་དོ་དམ་སྡེ་ཁག་ལེགས་སྒྲིག་དང་ཉུང་དུ་གཏོང་རྒྱུའི་ཐད་ཡར་རྒྱས་བྱུང་ཡོད། དཔེར་ན། རྒྱལ་ཁབ་འཆར་འགོད་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་དཔལ་འབྱོར་ཨུ་ཡོན་ལྷན་ཁང་ཕྱིར་འཐེན་བྱས་ནས་རྒྱལ་ཁབ་འཆར་འགོད་ཨུ་ཡོན་ལྷན་ཁང་གསར་པ་བཙུགས་པ་དང་། རྡོ་སོལ་དང་། རྡོ་སྣུམ། ཉིང་རྡུལ་བཅས་ཕྱིར་འཐེན་བྱས་ཏེ་ནུས་ཁུངས་སྡེ་ཁག་བཙུགས། རྒྱལ་ཁབ་འཕྲུལ་ཆས་བཟོ་ལས་ཨུ་ཡོན་ལྷན་ཁང་དང་གློག་རྡུལ་སྤྱི་གཉེར་ཁང་ཕྱིར་འཐེན་བྱས་ནས་འཕྲུལ་ཆས་གློག་རྡུལ་སྤྱི་གཉེར་ཁང་བཙུགས། ངལ་རྩོལ་མི་དོན་སྡེ་ཁག་ཕྱིར་འཐེན་དང་། རྒྱལ་ཁབ་མི་དོན་སྡེ་ཁག་དང་ངལ་རྩོལ་སྡེ་ཁག་བཙུགས། རྒྱལ་ཁབ་ཀྱི་དངོས་ཟོག་སྡེ་ཁག་ཕྱིར་འཐེན་དང་། དངོས་ཟོག་སྡེ་ཁག་བཙུགས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་ཁོར་ཡུག་སྲུང་སྐྱོང་སྡེ་ཁག་མེད་པར་བཟོས་ནས་འཛུགས་སྐྲུན་སྡེ་ཁག་བཙུགས། མཁའ་འགྲུལ་བཟོ་ལས་སྡེ་ཁག་དང་མཁའ་སྐྱོད་སྡེ་ཁག་མེད་པར་བཟོས་ནས་མཁའ་འགྲུལ་མཁའ་སྐྱོད་སྡེ་ཁག་བཙུགས། ཆུ་བེད་གློག་ཤུགས་སྡེ་ཁག་ཕྱིར་འཐེན་བྱས་ནས་ཆུ་བེད་སྡེ་ཁག་བཙུགས། དེ་སྔའི་རྒྱལ་ཁབ་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས་པའི་རྒྱལ་ཁབ་ཚད་འཇལ་ཅུས་དང་རྒྱལ་ཁབ་ཚད་ལྡན་ཅུས། དེ་བཞིན་དེ་སྔའི་རྒྱལ་ཁབ་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་སྤུས་ཚད་ཅུས་མེད་པར་བཟོས་ནས་རྒྱལ་ཁབ་ལག་རྩལ་ལྟ་སྐུལ་ཅུས་བཙུགས་པ་རེད།

3_8 སྤྱི་ལོ1993ལོ།     

ཐེངས་འདིའི་སྒྲིག་གཞི་བཅོས་བསྒྱུར་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པའི་རྒྱབ་ལྗོངས་འོག་སྤེལ་བ་ཡིན་ཞིང་། དེའི་ལྟེ་བའི་ལས་འགན་ནི་དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་། ཚོང་རའི་དཔལ་འབྱོར་འཛུགས་པ་དང་དུས་མཚུངས་སུ་ཀྲུང་གོའི་ཁྱད་ཆོས་ལྡན་ཞིང་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་དང་མཐུན་པའི་སྲིད་འཛིན་དོ་དམ་སྒྲིག་སྲོལ་འཛུགས་རྒྱུ་དེ་ཡིན། ཐེངས་འདིའི་བཅོས་བསྒྱུར་གྱི་སློབ་སྟོན་བསམ་བློ་ནི། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པའི་བླང་བྱ་དང་འཚམ་པར་བྱེད་པ་དང་། སྲིད་གཞུང་དང་ཁེ་ལས་ཀྱི་འགན་འཁྲི་ལོགས་སུ་འབྱེད་པ་དང་། ཧྲག་བསྡུས་དང་། གཅིག་གྱུར། ཕན་ནུས་ལྡན་པ་བཅས་ཀྱི་རྩ་དོན་ལ་གཞིགས་ནས་འགན་ནུས་སྒྲུབ་པ་དང་། འབྲེལ་བ་མཐུན་སྦྱོར། དམག་དཔུང་ཧྲག་སྒྲུག་དང་ལས་ཁུངས་ཁུ་བསྡུ། ལས་ཆོད་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་དེ་ཡིན། བཅོས་བསྒྱུར་གྱི་གཙོ་གནད་ནི་སྲིད་གཞུང་གི་འགན་ནུས་བསྒྱུར་རྒྱུ་དེ་ཡིན།    

ཐེངས་འདིའི་སྒྲིག་གཞི་བཅོས་བསྒྱུར་བྱས་པའི་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་ནི་ཐེངས་དང་པོར་བཏོན་པའི་སྲིད་གཞུང་གི་སྒྲིག་གཞི་བཅོས་བསྒྱུར་བྱེད་པའི་དམིགས་ཡུལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་སྐྲུན་བྱེད་པའི་དགོས་མཁོ་དང་འཚམ་པ་བྱ་རྒྱུ་དེ་ཡིན། འོན་ཀྱང་རིག་གཞུང་ལྟ་ཞིབ་ཀྱི་ངོས་ནས་བལྟས་ན། སྤྱི་ལོ1993ལོའི་སྲིད་གཞུང་སྒྲིག་གཞི་བཅོས་བསྒྱུར་གྱི“དམིགས་ཡུལ་གསལ་པོ་དང་དམིགས་ཚད་ཁ་གསལ་མེད” སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པའི་བཅོས་བསྒྱུར་གྱི་ལས་འགན་གལ་ཆེན་ཞིག་ནི་བཟོ་ལས་ཀྱི་ཆེད་ལས་དཔལ་འབྱོར་སྡེ་ཁག་ཉུང་འཕྲི་དང་། ཉུང་འཕྲི། ཐ་ན་ཕྱིར་འཐེན་བཅས་བྱ་རྒྱུ་དེ་ཡིན། འོན་ཀྱང་སྤྱི་ལོ1993ལོའི་སྒྲིག་གཞི་འཛུགས་སྟངས་ནས་བལྟས་ན། སྡེ་ཁག་དེ་རིགས་ཟླ་སྒྲིལ་དང་ཕྱིར་འཐེན་བྱ་རྒྱུ་ཉུང་བ་དང་། སོར་ཉར་དང་འཕར་སྣོན་བྱས་པ་མང་། དཔེར་ན་འཕྲུལ་ཆས་གློག་རྡུལ་སྡེ་ཁག་ཟླ་སྒྲིལ་བཏང་བ་ནི་སྤྱི་ལོ1988ལོར་བཅོས་བསྒྱུར་བྱས་པའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཤིག་ཡིན་པ་དང་། སྤྱི་ལོ1993ལོར་བཅོས་བསྒྱུར་བྱེད་སྐབས་སླར་ཡང་འཕྲུལ་ཆས་སྡེ་ཁག་དང་གློག་རྡུལ་སྡེ་ཁག་ཁག་གཉིས་སུ་བཤིག་པ་དང་། ནུས་ཁུངས་སྡེ་ཁག་ནི་སྤྱི་ལོ1988ལོར་ཆེད་ལས་དཔལ་འབྱོར་སྡེ་ཁག་གསུམ་ཕྱིར་འཐེན་བྱས་པའི་རྨང་གཞིའི་སྟེང་བཙུགས་པ་དང་། སྤྱི་ལོ1993ལོར་ཡང་ནུས་ཁུངས་སྡེ་ཁག་ཕྱིར་འཐེན་བྱས་ཏེ་གློག་ཤུགས་སྡེ་ཁག་དང་རྡོ་སོལ་སྡེ་ཁག་བཙུགས། མི་ལ་བཞག་པའི་དམིགས་ཡུལ་དང་དམིགས་འབེན་གྱི་བག་ཆགས་གཉིས་རྒྱབ་འགལ་རེད།    

སྤྱི་ལོ1993ལོའི་བཅོས་བསྒྱུར་གྱི་བྱེད་ཐབས་གལ་ཆེན་ཞིག་ནི། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་དང་ལྟ་ཞིབ་སྡེ་ཁག་གཉིས་མཉམ་འབྲེལ་གྱིས་གཞུང་དོན་སྒྲུབ་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་དང་ཞིབ་བཤེར་བར་གྱི་འབྲེལ་བ་སྔར་ལས་མཐུན་སྦྱོར་བྱུང་ཡོད། སྤྱི་ལོ1993ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་དང་ལྟ་ཞིབ་སྡེ་ཁག་གཉིས་ཀྱིས་མཉམ་འབྲེལ་ཐོག་གཞུང་ལས་སྒྲུབ་པའི་བྱེད་སྟངས་འདི་ལག་བསྟར་བྱས་པ་ནི་ཏང་སྲིད་ལས་ཁུངས་འཛུགས་རྒྱུ་གཅིག་གྱུར་གྱིས་འཆར་འགོད་བྱེད་པའི་བྱེད་སྟངས་གལ་ཆེན་ཞིག་ཡིན།    

སྤྱི་ལོ1993ལོའི་ཟླ3ཚེས22ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བརྒྱད་པའི་ཚོགས་འདུ་ཐེངས་དང་པོའི་ཐོག《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་བསྒྱུར་ཇུས་གཞིའི་སྐོར་གྱི་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཇུས་གཞི་འདི་བཅོས་བསྒྱུར་བྱས་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག41(དེའི་ཁོངས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཁང་དང་། ཕྱི་འབྲེལ་སྡེ་ཁག རྒྱལ་སྲུང་སྡེ་ཁག རྒྱལ་ཁབ་འཆར་འགོད་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་དཔལ་འབྱོར་ཉོ་ཚོང་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་ཚན་རིག་ལག་རྩལ་ཨུ་ཡོན་ལྷན་ཁང་། རྒྱལ་སྲུང་ཚན་རིག་ལག་རྩལ་བཟོ་ལས་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། སྤྱི་བདེ་སྡེ་ཁག རྒྱལ་ཁབ་བདེ་འཇགས་སྡེ་ཁག ལྟ་ཞིབ་སྡེ་ཁག དམངས་སྲིད་སྡེ་ཁག ཁྲིམས་འཛིན་སྡེ་ཁག ནོར་སྲིད་སྡེ་ཁག མི་དོན་སྡེ་ཁག ངལ་རྩོལ་སྡེ་ཁག ས་གཤིས་གཏེར་རྫས་སྡེ་ཁག འཛུགས་སྐྲུན་སྡེ་ཁག ནུས་ཁུངས་སྡེ་ཁག ལྕགས་ལམ་སྡེ་ཁག འགྲིམ་འགྲུལ་སྡེ་ཁག འཕྲུལ་ཆས་གློག་རྡུལ་བཟོ་ལས་སྡེ་ཁག མཁའ་འགྲུལ་མཁའ་སྐྱོད་བཟོ་ལས་སྡེ་ཁག ལྕགས་བཞུ་བཟོ་ལས་སྡེ་ཁག རྫས་འགྱུར་བཟོ་ལས་སྡེ་ཁག ཡང་བའི་བཟོ་ལས་སྡེ་ཁག འཁེལ་འཐག་བཟོ་ལས་སྡེ་ཁག སྦྲག་ལས་སྡེ་ཁག ཆུ་བེད་སྡེ་ཁག ཞིང་ལས་སྡེ་ཁག ནགས་ལས་སྡེ་ཁག ཚོང་ལས་སྡེ་ཁག ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་སྡེ་ཁག དངོས་ཟོག་སྡེ་ཁག རིག་གནས་སྡེ་ཁག རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྡེ་ཁག འཕྲོད་བསྟེན་སྡེ་ཁག རྒྱལ་ཁབ་ལུས་རྩལ་བྱ་འགུལ་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་འཆར་ལྡན་བུ་བཙའི་ཨུ་ཡོན་ལྷན་ཁང་། ཀྲུང་གོའི་མི་དམངས་དངུལ་ཁང་། རྩིས་བཤེར་ཁང་གཏོགས) དེའི་ཐོག་ཐད་གཏོགས་ལས་ཁུངས་དང་དོན་གཅོད་ལས་ཁུངས18བསྣན། ཁྱོན59ཡོད་པ་དེ་སྔའི86ལས27ཉུང་དུ་ཕྱིན་པ་དང་མི་སྣ20%ཉུང་དུ་ཕྱིན་ཡོད་པ་རེད། དེའི་ནང་ནུས་ཁུངས་སྡེ་ཁག་དང་། འཕྲུལ་ཆས་གློག་རྡུལ་བཟོ་ལས་སྡེ་ཁག མཁའ་འགྲུལ་མཁའ་སྐྱོད་བཟོ་ལས་སྡེ་ཁག ཡང་བའི་བཟོ་ལས་སྡེ་ཁག འཁེལ་འཐག་བཟོ་ལས་སྡེ་ཁག ཚོང་ལས་སྡེ་ཁག དངོས་ཟོག་སྡེ་ཁག་སོགས་སྡེ་ཁག7ཕྱིར་འཐེན་བྱས་པ་དང་། རྒྱལ་ཁབ་དཔལ་འབྱོར་ཉོ་ཚོང་ཨུ་ཡོན་ལྷན་ཁང་དང་། གློག་ཤུགས་བཟོ་ལས་སྡེ་ཁག རྡོ་སོལ་བཟོ་ལས་སྡེ་ཁག འཕྲུལ་ཆས་བཟོ་ལས་སྡེ་ཁག གློག་རྡུལ་བཟོ་ལས་སྡེ་ཁག རྒྱལ་ནང་གི་ཉོ་ཚོང་སྡེ་ཁག་བཅས་གསར་དུ་བཙུགས་པ་མ་ཟད། མིང་གཞན་ལ(ཕྱི་འབྲེལ་དཔལ་འབྱོར་ཉོ་ཚོང་སྡེ་ཁག)གཅིག་ཏུ་བསྒྱུར་ནས། པུའུ་དང་ཨུ་ཡོན། ལས་ཁུངས། ཧྲུའུ་བཅས34སོར་བཞག་བྱས་ཡོད།     

བཅོས་བསྒྱུར་བྱས་རྗེས་ཀྱི་ཕྱོགས་བསྡུས་དཔལ་འབྱོར་སྡེ་ཁག་ནང་རྒྱལ་ཁབ་འཆར་འགོད་ཨུ་ཡོན་ལྷན་ཁང་དང་། ནོར་སྲིད་སྡེ་ཁག ཀྲུང་གོའི་མི་དམངས་དངུལ་ཁང་སོགས་སྡེ་ཁག་རང་སོར་འཇོག་རྒྱུ། ཆེད་ལས་དཔལ་འབྱོར་སྡེ་ཁག་གསུམ་དུ་བཅོས་བསྒྱུར། དཔལ་འབྱོར་དངོས་ཚན་དུ་བསྒྱུར་བའི་མཁའ་འགྲུལ་མཁའ་སྐྱོད་བཟོ་ལས་སྡེ་ཁག མཁའ་འགྲུལ་མཁའ་སྐྱོད་བཟོ་ལས་སྡེ་ཁག་མེད་པར་བཟོས་རྗེས། སོ་སོར་མཁའ་འགྲུལ་བཟོ་ལས་སྤྱི་ཁྱབ་སྤྱི་གཉེར་ཁང་དང་མཁའ་སྐྱོད་བཟོ་ལས་སྤྱི་ཁྱབ་སྤྱི་གཉེར་ཁང་བཙུགས། ལས་རིགས་སྤྱི་ཁྱབ་ལྷན་ཚོགས་སུ་བསྒྱུར་བའི་ཡང་བའི་བཟོ་ལས་སྡེ་ཁག་དང་འཁལ་འཐག་བཟོ་ལས་སྡེ་ཁག དེ་གཉིས་མེད་པ་བཟོས་རྗེས་སོ་སོར་ཀྲུང་གོའི་ཡང་བའི་བཟོ་ལས་སྤྱི་ཁྱབ་ཚོགས་པ་དང་ཀྲུང་གོའི་འཁེལ་འཐག་སྤྱི་ཁྱབ་ཚོགས་པ་བཙུགས། སོར་འཇོག་གམ་གསར་དུ་བཙུགས་པའི་སྲིད་འཛིན་སྡེ་ཁག་ལ། ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་སྡེ་ཁག་གི་མིང་དེ་ཕྱི་ཕྱོགས་ཉོ་ཚོང་དཔལ་འབྱོར་མཉམ་ལས་སྡེ་ཁག་ཏུ་བསྒྱུར། ནུས་ཁུངས་སྡེ་ཁག་མེད་པར་བཟོས་ནས། སོ་སོར་གློག་ཤུགས་བཟོ་ལས་སྡེ་ཁག་དང་། རྡོ་སོལ་ཟོ་ལས་སྡེ་ཁག་བཙུགས  དུས་མཚུངས་སུ་ཀྲུང་གོའི་གཅིག་གྱུར་གྱིས་རྡོ་སོལ་གཏེར་ཁའི་སྤྱི་ཁྱབ་སྤྱི་གཉེར་ཁང་་ཕྱིར་འཐེན་བྱས། འཕྲུལ་ཆས་གློག་རྡུལ་སྤྱི་གཉེར་ཁང་མེད་པར་བཟོས་ནས། སོ་སོར་འཕྲུལ་ཆས་ཟོ་ལས་སྡེ་ཁག་དང་གློག་རྡུལ་ཟོ་ལས་སྡེ་ཁག་བཙུགས། ཆབས་ཅིག་ཀྲུང་གོའི་གློག་རྡུལ་བཟོ་ལས་སྤྱི་ཁྱབ་སྤྱི་གཉེར་ཁང་མེད་པར་བཟོས། ཚོང་ལས་སྡེ་ཁག་དང་དངོས་ཟོག་སྡེ་ཁག་ཕྱིར་འཐེན་བྱས་ནས་རྒྱལ་ནང་ཉོ་ཚོང་སྡེ་ཁག་བཙུགས།    

སྤྱི་ལོ1993ལོའི་ཟླ4ཚེས19ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས19ནས13(རྒྱལ་ཁབ་བསྡོམས་རྩིས་ཅུས་དང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས། རྒྱལ་ཁབ་བཟོ་ཚོང་སྲིད་འཛིན་དོ་དམ་ཅུས། རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་ཅུས། རྒྱལ་ཁབ་ས་ཆ་དོ་དམ་ཅུས། གསར་འགྱུར་དཔེ་སྐྲུན་ཧྲུའུ(རྒྱལ་ཁབ་པར་དབང་ཅུས)དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་ལས་དོན་གཞུང་དོན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཤང་ཀང་དང་ཨའོ་མོན་གྱི་ལས་དོན་གཞུང་དོན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དམིགས་བསལ་སྲིད་འཛིན་ཁུལ་གཞུང་དོན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིབ་འཇུག་ཁང་བཅས་སུ་ལེགས་སྒྲིག་བྱས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པུའུ་དང་ཨུ་ཡོན་ལྷན་ཁང་གི་ཁོངས་སྒྲིལ་དོ་དམ་བྱེད་པའི་རྒྱལ་ཁབ་ཅུས་མི་བཙུགས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་བྱ་ལས་སྡེ་ཚན8(དེའི་ནང་ཀྲུང་གོའི་ཡང་བའི་བཟོ་ལས་སྤྱི་ཁྱབ་ཚོགས་པ་དང་། ཀྲུང་གོའི་འཁེལ་འཐག་སྤྱི་ཁྱབ་ཚོགས་པ། ཞིན་ཧྭ་བརྡ་འཕྲིན་ཚོགས་པ། ཀྲུང་གོའི་ཚན་རིག་ཁང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་།རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས། ཀྲུང་གོའི་གནམ་གཤིས་ཅུས། ཀྲུང་གོའི་ཁེ་བེད་བདག་ཐོབ་ཅུས། རྒྱལ་ཁབ་སྲིད་འཛིན་སློབ་གླིང་བཅས་ཚུད་ཡོད ) གཞན་ཡང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ད་དུང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐེ་ཝན་ལས་དོན་གཞུང་ལས་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་སྒྲིག་འཛུགས་བྱས།

སྤྱི་ལོ1994ལོར་ཀྲུང་དབྱང་སྲིད་གཞུང་གི་སྒྲིག་གཞི་བཅོས་བསྒྱུར་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་འབྲེལ་གང་མགྱོགས་ལེགས་སྒྲུབ་བྱས་ཏེ་ས་གནས་སྲིད་གཞུང་གི་སྒྲིག་གཞི་བཅོས་བསྒྱུར་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད། གཙོ་གནད་ནི་སྲིད་གཞུང་གི་འགན་ནུས་བསྒྱུར་རྒྱུ་མ་ཟད། ཕྱོགས་གསུམ་ཐད་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་པ་སྟེ། གཅིག་ནི་ཁེ་ལས་ཀྱི་གཉེར་སྐྱོང་རང་བདག་དབང་ཆའི་ཁྱབ་ཁོངས་སུ་གཏོགས་པའི་འགན་ནུས་དེ་ཁེ་ལས་ལ་དངོས་སུ་ཕྱིར་སྤྲོད་དགོས་པ་དང་། གཉིས་ནི་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་རྨང་གཞིའི་རང་བཞིན་གྱི་འགན་ནུས་ཚོང་རར་སྤོ་སྒྱུར་བྱ་དགོས། གསུམ་ནི་དཔལ་འབྱོར་བྱེད་སྒོའི་ཁྲོད་སྤྱི་ཚོགས་ཀྱི་ཞབས་ཞུའི་རང་བཞིན་དང་ལྟ་སྐུལ་རང་བཞིན་གྱི་འགན་ནུས་ཁག་ཅིག་ཚོང་རའི་མཚམས་སྦྱོར་རྩ་འཛུགས་ལ་བརྒྱུད་སྤྲོད་བྱས།    

སྤྱི་ལོ1994ལོའི་ལོ་མཇུག་ཏུ་སླེབས་སྐབས་ཀྲུང་གོར་བྱ་གཞག་ཚན་པ་ཁྲི130ལྷག་ཙམ་དང་ལས་ཞུགས་མི་སྣ་ཁྲི2600ལྷག་ཙམ་ཡོད།

སྤྱི་ལོ1995ལོར་སྒྲིག་གཞི་བཅོས་བསྒྱུར་གྱི་ལས་ཀའི་གཙོ་གནད་ནི་ཞིང་ཆེན་རིམ་པའི་སྒྲིག་གཞི་བཅོས་བསྒྱུར་གྱི་ཇུས་གཞི་དང་གྲོང་ཁྱེར་དང་། ས་ཁུལ། རྫོང་དང་ཞང་བཅས་ཀྱི་བཅོས་བསྒྱུར་དམ་འཛིན་ཡག་པོ་བྱས་ནས་བྱ་གཞག་ཚན་པའི་སྒྲིག་གཞི་བཅོས་བསྒྱུར་གྱི་ཇུས་གཞི་དང་བྱ་ཐབས་གཙོ་བོ་བཟོས་ཏེ་བྱ་གཞག་ཚན་པའི་བཅོས་བསྒྱུར་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད། བྱ་ལས་སྡེ་ཚན་བཅོས་བསྒྱུར་བྱ་རྒྱུ་ནི་སྒྲིག་གཞི་བཅོས་བསྒྱུར་ལས་ཀའི་གཙོ་གནད་ཅིག་ཡིན། བཅོས་བསྒྱུར་གྱི་རྩ་དོན་ནི་སྲིད་གཞུང་དང་བྱ་ལས་ལོགས་སུ་འབྱེད་པ་དང་སྤྱི་ཚོགས་ཅན་དུ་བསྒྱུར་རྒྱུ་དེ་ཡིན། དམིགས་ཡུལ་ནི་བྱ་ལས་སྡེ་ཚན་རང་ངོས་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་དང་མཐུན་པ། སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་པའི་དོ་དམ་སྒྲིག་སྲོལ་དང་འཁོར་སྐྱོད་ནང་རྐྱེན་འཛུགས་རྒྱུ་དེ་ཡིན། གཙོ་གནད་ནི་བྱ་ལས་སྡེ་ཚན་ལེགས་གཉེར་བྱ་རྒྱུ་དེ་ཡིན། ཞིང་ཆེན་རིམ་པའི་སྒྲིག་གཞིའི་བཅོས་བསྒྱུར་ཇུས་གཞི་ལག་བསྟར་བྱེད་པའི་འགག་རྩ་ནི་འགན་ནུས་གཏན་འཁེལ་དང་། སྒྲིག་གཞི་གཏན་འཁེལ། སྒྲིག་ཁོངས་གཏན་འཁེལ་བཅས་ཀྱི“གཏན་འཁེལ་གསུམ”གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཐུག་ཡོད། གྲོང་ཁྱེར་དང་། ས་ཁུལ། རྫོང་དང་ཞང་བཅས་ཀྱི་བཅོས་བསྒྱུར་ནན་ཏན་གྱིས་ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཕན་པ་དང་། ཁེ་ལས་བཅོས་བསྒྱུར་ཟབ་སྤེལ། ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས།    

སྤྱི་ལོ1997ལོར། ཟླ1པོར་རྒྱལ་ཁབ་གློག་ཤུགས་སྤྱི་གཉེར་ཁང་བཙུགས་པ་དང་བསྟུན་ནས། སྲིད་གཞུང་གི་སྒྲིག་གཞི་བཅོས་བསྒྱུར་སྔར་ལས་གཏིང་ཟབ་ཏུ་བཏང་། རྒྱལ་ཁབ་ཀྱི་ཆེད་ལས་དཔལ་འབྱོར་སྡེ་ཁག་གཞན་དག་གིས་ཀྱང་གོམ་གང་མདུན་སྤོས་ཀྱིས་བཅོས་བསྒྱུར་ཟབ་སྤེལ་བྱས་ཏེ། རིམ་བཞིན་སྲིད་གཞུང་གི་འགན་ནུས་མེད་པའི་དཔལ་འབྱོར་གདོས་བཅས་སུ་བསྒྱུར་བ་དང་། ཡང་ན་རྒྱལ་ཁབ་ཀྱིས་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་གཉེར་སྐྱོང་བྱེད་དབང་བསྐུར་བའི་ལས་ཁུངས་སུ་བསྒྱུར་བ་དང་། ཡང་ན་ལས་རིགས་དོ་དམ་རྩ་འཛུགས་སུ་བསྒྱུར། སྔར་ཡོད་ཀྱི་སྲིད་གཞུང་དོ་དམ་འགན་ནུས་སྲིད་གཞུང་གི་ཕྱོགས་བསྡུས་སྡེ་ཁག་ལ་འགན་འཁུར་དུ་བཅུག

3_9 སྤྱི་ལོ1998ལོ།   

སྤྱི་ལོ1998ལོའི་ཟླ3པའི་ཚེས10ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་བསྒྱུར་བྱ་རྒྱུའི་ཇུས་གཞིའི་སྐོར་གྱི་ཆོད་དོན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། བཅོས་བསྒྱུར་གྱི་དམིགས་ཡུལ་ནི་ལས་ཆོད་ཆེ་བ་དང་། འཁོར་སྐྱོད་མཐུན་སྦྱོར། གཞུང་སྲིད་ཀྱི་སྲིད་འཛིན་དོ་དམ་མ་ལག་འཛུགས་རྒྱུ་དང་། རྒྱལ་ཁབ་ཀྱི་གཞུང་ལས་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་སྲིད་འཛིན་དོ་དམ་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་དང་འཚམ་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྲིད་གཞུང་གི་སྲིད་འཛིན་དོ་དམ་སྒྲིག་སྲོལ་རིམ་བཞིན་འཛུགས་རྒྱུ་བཅས་ཡིན།    

བཅོས་བསྒྱུར་བྱ་རྒྱུའི་རྩ་དོན་ནི། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་བླང་བྱ་ལྟར་སྲིད་གཞུང་གི་འགན་ནུས་བསྒྱུར་རྒྱུ་དང་། ཁུ་བསྡུ་དང་། གཅིག་གྱུར། ཕན་ནུས་ལྡན་པ་བཅས་ཀྱི་རྩ་དོན་ལྟར་སྲིད་གཞུང་གི་རྩ་འཛུགས་གྲུབ་ཚུལ་ལེགས་སྒྲིག་དང་། དམག་དཔུང་ཧྲག་སྒྲུག་དང་ལས་ཁུངས་ཁུ་བསྡུ་བྱ་རྒྱུ། འགན་དབང་གཅིག་མཐུན་གྱི་རྩ་དོན་ལྟར་སྲིད་གཞུང་སྡེ་ཁག་གི་འགན་འཁྲིའི་དབང་ཚད་ལེགས་སྒྲིག་དང་། སྡེ་ཁག་བར་གྱི་འགན་འཁྲི་ལས་བགོས་དབྱེ་འབྱེད། སྲིད་འཛིན་འཁོར་སྐྱོད་ནང་རྐྱེན་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས། ཁྲིམས་ལྟར་རྒྱལ་སྐྱོང་དང་ཁྲིམས་ལྟར་སྲིད་འཛིན་བྱ་རྒྱུའི་བླང་བྱ་ལྟར་སྲིད་འཛིན་མ་ལག་གི་ཁྲིམས་ལུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།    

སྤྱི་ལོ1998ལོར་བཅོས་བསྒྱུར་བྱེད་པའི་དམིགས་ཡུལ་དང་དམིགས་ཚད་ཚད་མཐོའི་མཐུན་སྦྱོར་བྱུང་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གོང་དུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ་ནི་དམིགས་ཡུལ་ཡིན་པ་དང་། ཆེད་ལས་དཔལ་འབྱོར་སྡེ་ཁག་གིས་ཁེ་ལས་ལ་ཐད་ཀར་དོ་དམ་བྱེད་པའི་སྒྲིག་སྲོལ་གང་མགྱོགས་མཇུག་བསྒྲིལ་རྒྱུ་ནི་དམིགས་འབེན་ཡིན། སྤྱི་ལོ1998ལོར་བཅོས་བསྒྱུར་ཀྱི་ལོ་རྒྱུས་རང་བཞིན་གྱི་ཡར་ཐོན་ནི། སྲིད་གཞུང་གི་འགན་ནུས་ལ་འགྱུར་ལྡོག་ཕྱིན་པར་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། དེའི་མངོན་གསལ་དོད་ཤོས་ནི་བཟོ་ལས་ཆེད་ལས་དཔལ་འབྱོར་སྡེ་ཚན་ཚང་མ་མེད་པ་བཟོས་པ་སྟེ། ཁྱོན་བསྡོམས10ཡོད་པ་སྟེ། གློག་ཤུགས་བཟོ་ལས་སྡེ་ཁག་དང་རྡོ་སོལ་བཟོ་ལས་སྡེ་ཁག ལྕགས་བཞུ་བཟོ་ལས་སྡེ་ཁག འཕྲུལ་ཆས་བཟོ་ལས་སྡེ་ཁག གློག་རྡུལ་བཟོ་ལས་སྡེ་ཁག རྫས་འགྱུར་བཟོ་ལས་སྡེ་ཁག ས་གཤིས་གཏེར་རྫས་སྡེ་ཁག ནགས་ལས་སྡེ་ཁག ཀྲུང་གོའི་ཡང་བའི་བཟོ་ལས་སྤྱི་ཁྱབ་ཚོགས་པ། ཀྲུང་གོའི་འཁེལ་འཐག་སྤྱི་ཁྱབ་ཚོགས་པ་བཅས་རེད། འདི་ལྟར་དབྱེ་བ་མི་འབྱེད་པའི་རྩ་འཛུགས་ཀྱི་རྨང་གཞི་དེ་ཚད་ངེས་ཅན་ཞིག་གི་སྟེང་ནས་མེད་པར་བཟོས་པ་རེད། བཟོ་ལས་ཆེད་ལས་དཔལ་འབྱོར་སྡེ་ཁག་མང་པོ་ཞིག་ནི་དུས་རབས་ཀྱི་ཐོན་དངོས་ཡིན། སྐབས་དེའི་ལོ་རྒྱུས་ཀྱི་ཆ་རྐྱེན་འོགབཟོ་ལས་ཆེད་ལས་དཔལ་འབྱོར་སྡེ་ཁག་འདི་དག་ནི་ཐོན་ཁུངས་བཀོད་སྒྲིག་གི་གཞི་རྟེན་ཡིན་ལ། དཔལ་འབྱོར་འཆར་གཞི་དོན་འཁྱོལ་བྱེད་པའི་རྒྱབ་རྟེན་ཡང་ཡིན། འོན་ཀྱང་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པའི་བརྒྱུད་རིམ་ཁྲོད། སྡེ་ཁག་འདི་རིགས་གནས་པ་དེས་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཚོང་རའི་རྨང་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་མི་ཕན་པ་དང་། ཁེ་ལས་ཀྱི་བྱེ་བྲག་དཔལ་འབྱོར་གྱི་གཙོ་ཤུགས་གོ་གནས་འདོན་སྤེལ་གང་ལེགས་བྱེད་པར་ཡང་མི་ཕན་པ་རེད། དོན་སྙིང་ངེས་ཅན་ཞིག་གི་ཐོག་ནས་བཤད་ན། བཟོ་ལས་ཀྱི་ཆེད་ལས་དཔལ་འབྱོར་སྡེ་ཁག་མེད་པར་བཟོས་པ་ནི་རྒྱལ་ཁབ་དང་ཁེ་ལས་བར་གྱི་“ལམ་གཉིས་ཚོང་མཁན”མེད་པར་བཟོས་པ་དང་། སྲིད་ཁེ་མི་བགར་བའི་བཙན་རྫོང་གཏོར་བ་རེད།

བཅོས་བསྒྱུར་ཇུས་གཞི་གཞིར་བཟུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སོར་འཇོག་མི་བྱེད་པའི་སྡེ་ཁག་དང་ཨུ་ལྷན15ཡོད། དེའི་ནང་གློག་ཤུགས་བཟོ་ལས་སྡེ་ཁག་དང་རྡོ་སོལ་བཟོ་ལས་སྡེ་ཁག ལྕགས་བཞུ་བཟོ་ལས་སྡེ་ཁག འཕྲུལ་ཆས་བཟོ་ལས་སྡེ་ཁག གློག་རྡུལ་བཟོ་ལས་སྡེ་ཁག རྫས་འགྱུར་བཟོ་ལས་སྡེ་ཁག རྒྱལ་ནང་ཉོ་ཚོང་སྡེ་ཁག སྦྲགས་ལས་སྡེ་ཁག ངལ་རྩོལ་སྡེ་ཁག རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྡེ་ཁག ས་གཤིས་གཏེར་རྫས་སྡེ་ཁག ནགས་ལས་སྡེ་ཁག རྒྱལ་ཁབ་ལུས་རྩལ་འགུལ་སྐྱོད་ཨུ་ཡོན་ལྷན་ཁང་། རྒྱལ་སྲུང་ཚན་རིག་ལག་རྩལ་བཟོ་ལས་ཨུ་ཡོན་ལྷན་ཁང(རྒྱལ་སྲུང་ཚན་རིག་ལག་རྩལ་བཟོ་ལས་ཨུ་ཡོན་ལྷན་ཁང་གསར་པ་འཛུགས་རྒྱུ། དེ་སྔའི་རྒྱལ་སྲུང་ཚན་རྩལ་བཟོ་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་སྲུང་བཟོ་ལས་དོ་དམ་བྱེད་པའི་འགན་ནུས་དང་། རྒྱལ་ཁབ་འཆར་འགོད་ཨུ་ཡོན་ལྷན་ཁང་གི་རྒྱལ་སྲུང་སིའི་འགན་ནུས། དེ་བཞིན་དམག་དོན་བཟོ་ལས་སྤྱི་ཁྱབ་ཀུང་སི་ཁག་གིས་འཁུར་བའི་སྲིད་གཞུང་གི་འགན་ནུས་བཅས་གཅིག་གྱུར་གྱིས་གསར་འཛུགས་བྱས་པའི་རྒྱལ་སྲུང་ཚན་རིག་ལག་རྩལ་བཟོ་ལས་ཨུ་ཡོན་ལྷན་ཁང་གིས་དོ་དམ་བྱ་རྒྱུ)དང་། རྒྱལ་ཁབ་དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང(རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་ལས་ཀར་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་ཆེད། རྒྱལ་ཁབ་དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཐོ་རིམ་དོན་གྲོས་ལས་ཁུངས་སུ་བསྒྱུར་རྒྱུ་དང་། ཙུང་ལི་དང་ཀྲུའུ་རེན་གཅིག་ལྕོགས། འབྲེལ་ཡོད་པུའུ་ཀྲང་གི་ཁོངས་མི་ཡིན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་གི་གྲས་སུ་མི་འཇུག་རྒྱུ།)    

གསར་དུ་བཙུགས་པའི་སྡེ་ཁག་དང་ཨུ་ལྷན4ཡོད་པ་སྟེ། རྒྱལ་སྲུང་ཚན་རིག་ལག་རྩལ་བཟོ་ལས་ཨུ་ཡོན་ལྷན་ཁང་དང་། ཆ་འཕྲིན་ཐོན་ལས་སྡེ་ཁག ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྡེ་ཁག     

མིང་བརྗེ་བའི་སྡེ་ཁག་དང་ཨུ་ཡོན་ལྷན་ཁང3ཡོད་དེ། རྒྱལ་ཁབ་འཆར་འགོད་ཨུ་ཡོན་ལྷན་ཁང་གི་མིང་དེ་རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་ཨུ་ཡོན་ལྷན་ཁང་དུ་བསྒྱུར། ཚན་རིག་ལག་རྩལ་ཨུ་ཡོན་ལྷན་ཁང་ཞེས་པ་དེ་ཚན་རིག་ལག་རྩལ་སྡེ་ཁག་ཞེས་པར་བསྒྱུར་རྒྱུ། རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་གི་མིང་དེ་སློབ་གསོ་སྡེ་ཁག་ཅེས་པར་བསྒྱུར།     

སོར་ཉར་བྱས་པའི་སྡེ་ཁག་དང་། ཨུ་ལྷན། དངུལ་ཁང་། ཧྲུའུ་བཅས22ཡོད་པ་སྟེ། ཕྱི་འབྲེལ་སྡེ་ཁག་དང་། རྒྱལ་སྲུང་སྡེ་ཁག རྒྱལ་ཁབ་དཔལ་འབྱོར་ཉོ་ཚོང་ཨུ་ཡོན་ལྷན་ཁང་། མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། སྤྱི་བདེ་སྡེ་ཁག རྒྱལ་ཁབ་བདེ་འཇགས་སྡེ་ཁག ལྟ་ཞིབ་སྡེ་ཁག དམངས་སྲིད་སྡེ་ཁག ཁྲིམས་འཛིན་སྡེ་ཁག ནོར་སྲིད་སྡེ་ཁག མི་དོན་སྡེ་ཁག འཛུགས་སྐྲུན་སྡེ་ཁག ལྕགས་ལམ་སྡེ་ཁག འགྲིམ་འགྲུལ་སྡེ་ཁག ཆུ་བེད་སྡེ་ཁག ཞིང་ལས་སྡེ་ཁག ཕྱི་ཕྱོགས་ཉོ་ཚོང་དཔལ་འབྱོར་མཉམ་ལས་སྡེ་ཁག རིག་གནས་སྡེ་ཁག འཕྲོད་བསྟེན་སྡེ་ཁག རྒྱལ་ཁབ་འཆར་ལྡན་བུ་བཙའི་ཨུ་ཡོན་ལྷན་ཁང་། ཀྲུང་གོའི་མི་དམངས་དངུལ་ཁང་། རྩིས་བཤེར་ཁང་།    

བཅོས་བསྒྱུར་བྱས་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཁང་ཕུད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན་གྱིས་སྔར་ཡོད་ཀྱི40ནས29བར་ཉུང་དུ་ཕྱིན་ཡོད། དེའི་ནང་རྒྱལ་ཁབ་སྲིད་དོན་སྡེ་ཚན12ཚུད་ཡོད་པ་སྟེ། ཕྱི་འབྲེལ་སྡེ་ཁག་དང་། རྒྱལ་སྲུང་སྡེ་ཁག རིག་གནས་སྡེ་ཁག འཕྲོད་བསྟེན་སྡེ་ཁག རྒྱལ་ཁབ་འཆར་ལྡན་བུ་བཙའི་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། དམངས་སྲིད་སྡེ་ཁག ཁྲིམས་འཛིན་སྡེ་ཁག སྤྱི་བདེ་སྡེ་ཁག རྒྱལ་ཁབ་བདེ་འཇགས་སྡེ་ཁག་དང་ལྟ་ཞིབ་སྡེ་ཁག རྩིས་བཤེར་ཁང་། སྤྱི་ཁོག་སྙོམས་སྒྲིག་སྡེ་ཁག4སྟེ། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཁབ་དཔལ་འབྱོར་ཉོ་ཚོང་ཨུ་ཡོན་ལྷན་ཁང་། ནོར་སྲིད་སྡེ་ཁག ཀྲུང་གོའི་མི་དམངས་དངུལ་ཁང་། ཆེད་ལས་དཔལ་འབྱོར་དོ་དམ་སྡེ་ཚན8ཡོད་པ་སྟེ། འཛུགས་སྐྲུན་སྡེ་ཁག ལྕགས་ལམ་སྡེ་ཁག འགྲིམ་འགྲུལ་སྡེ་ཁག ཆ་འཕྲིན་ཐོན་ལས་སྡེ་ཁག ཆུ་བེད་སྡེ་ཁག ཞིང་ལས་སྡེ་ཁག ཕྱི་ཕྱོགས་ཉོ་ཚོང་དཔལ་འབྱོར་མཉམ་ལས་སྡེ་ཁག རྒྱལ་སྲུང་ཚན་རིག་ལག་རྩལ་བཟོ་ལས་ཨུ་ཡོན་ལྷན་ཚོགས། སློབ་གསོ་དང་ཚན་རྩལ། རིག་གནས། སྤྱི་ཚོགས་འགན་སྲུང་། ཐོན་ཁུངས་དོ་དམ་བཅས་ཚན་པ5ཡོད་པ་སྟེ། སློབ་གསོ་སྡེ་ཁག་དང་། ཚན་རིག་ལག་རྩལ་སྡེ་ཁག མི་དོན་སྡེ་ཁག ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྡེ་ཁག     

སྤྱི་ལོ1998ལོ་ནས་བཟུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་བསྒྱུར་ཐོག་མར་བྱས་པ་དང་དེ་རྗེས་ཀྲུང་གུང་ཀྲུང་དབྱང་གི་སྡེ་ཚན་ཁག་དང་རྒྱལ་ཁབ་ལས་ཁུངས་གཞན་དག་དང་དེ་བཞིན་སྒྲིག་གཞི་བཅོས་བསྒྱུར་སྔ་རྗེས་སུ་བྱས་པ། སྤྱི་ལོ1999ལོའི་རྗེས་སུ་ཞིང་ཆེན་རིམ་པའི་སྲིད་གཞུང་དང་ཏང་ཨུའི་སྒྲིག་གཞི་བཅོས་བསྒྱུར་སོ་སོར་སྤེལ་ཞིང་། སྤྱི་ལོ2000ལོར་གྲོང་ཁྱེར་དང་རྫོང་ཞང་བཅས་ཀྱི་སྒྲིག་གཞི་བཅོས་བསྒྱུར་ཕྱོགས་ཡོངས་ནས་བྱེད་འགོ་བརྩམས། སྤྱི་ལོ2002ལོའི་ཟླ6པའི་བར་དུ། ལོ་བཞི་དང་ཕྱེད་ཀའི་སྒྲིག་གཞི་བཅོས་བསྒྱུར་བྱས་པ་བརྒྱུད། རྒྱལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་སྲིད་མང་ཚོགས་ལས་ཁུངས་ཀྱིས་ཁྱོན་བསྡོམས་སྲིད་འཛིན་སྒྲིག་ཁོངས་མི་ཁྲི115ཙམ་ཁུ་བསྡུ་བྱས།

3_10 སྤྱི་ལོ2003ལོ།    

སྤྱི་ལོ2003ལོའི་སྲིད་གཞུང་གི་སྒྲིག་གཞི་བཅོས་བསྒྱུར་བྱ་རྒྱུ་ནི་འཛམ་གླིང་ཚོང་དོན་ཚོགས་པར་ཞུགས་པའི་རྒྱབ་ལྗོངས་ཆེན་པོའི་འོག་སྤེལ་བ་ཞིག་ཡིན། ཟླ3ཚེས6ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་བསྒྱུར་ཇུས་གཞི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོར་གྲོས་ཞིབ་གནང་རྒྱུར་ཕུལ་ནས་བཅོས་བསྒྱུར་སྒོ་དབྱེ་བྱས་ཚུན་གྱི་སྒྲིག་གཞི་བཅོས་བསྒྱུར་ཐེངས་ལྔ་པ་བྱེད་འགོ་ཚུགས་པ་རེད། ཟླ3ཚེས10ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་བསྒྱུར་ཇུས་གཞིའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་བ་རེད། ཇུས་གཞིའི་ནང“ཐབས་ཇུས་དང་། ལག་བསྟར། ལྟ་སྐུལ་བཅས”ཀྱི་དབང་གསུམ་མཐུན་སྦྱོར་གྱི་བླང་བྱ་དམིགས་བསལ་དུ་བཏོན་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་ཕུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན29ཡིས་བཅོས་བསྒྱུར་ལེགས་སྒྲིག་བྱས་པ་བརྒྱུད་རྒྱལ་ཁབ་དཔལ་འབྱོར་ཉོ་ཚོང་ཨུ་ལྷན་དང་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་པུའུ་སོར་འཇོག་མི་བྱེད་པ་དང་དེའི་འགན་ནུས་གསར་དུ་བཙུགས་པའི་ཚོང་དོན་པུའི་ནང་འཇུག་རྒྱུ་ཡིན་པ་རེད།     

བཅོས་བསྒྱུར་བྱེད་པའི་དམིགས་ཡུལ་ནི་གོམ་གང་མདུན་སྤོས་ཀྱིས་སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་། དོ་དམ་བྱེད་སྟངས་ལེགས་བཅོས། གློག་རྡུལ་སྲིད་དོན་སྐུལ་སྤེལ། སྲིད་འཛིན་ལས་ཆོད་ཆེར་གཏོང་། སྲིད་འཛིན་གྱི་མ་གནས་དམའ་རུ་གཏོང་བ་བཅས་བྱ་རྒྱུ་དེ་ཡིན། བཅོས་བསྒྱུར་གྱི་དམིགས་ཚད་ནི་རིམ་བཞིན་མཐུན་སྦྱོར་དང་། འཁོར་སྐྱོད་མཐུན་སྦྱོར། དྲང་གཞག་ཁ་གསལ། སྤྱོད་གཙང་ནུས་ཆེའི་སྲིད་འཛིན་དོ་དམ་སྒྲིག་སྲོལ་རིམ་བཞིན་ཆགས་པར་བྱ་དགོས། བཅོས་བསྒྱུར་བྱེད་པའི་གཙོ་གནད་ནི། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་དོ་དམ་བྱེད་པའི་སྒྲིག་སྲོལ་བཅོས་བསྒྱུར་ཟབ་སྤེལ་དང་། སྤྱི་ཁོག་སྙོམས་སྒྲིག་གི་མ་ལག་འཐུས་ཚང་དུ་གཏོང་བ། དངུལ་རྩའི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། འཁོར་རྒྱུག་སྒྲིག་སྲོལ་བཅོས་བསྒྱུར་ལ་མུ་མཐུད་སྐུལ་འདེད་གཏོང་བ། ཟས་རིགས་ཉེན་མེད་དང་ཐོན་སྐྱེད་ཉེན་མེད་ལ་ལྟ་སྐུལ་དོ་དམ་བྱེད་པའི་སྒྲིག་སྲོལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཡིན། ད་ཐེངས་ཀྱི་བཅོས་བསྒྱུར་གལ་འགངས་ཆེ་བའི་ལོ་རྒྱུས་ཀྱི་ཡར་རྒྱས་ནི་སྐབས་དེའི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་དུས་རིམ་གྱི་གནད་དོན་མངོན་གསལ་དོད་རིགས་དམ་འཛིན་བྱས་ནས་སྲིད་གཞུང་གི་འགན་ནུས་སྔར་ལས་ལྷག་པར་བསྒྱུར་རྒྱུ་དེ་རེད།    

ཇུས་གཞིར་གཞིགས་ན། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་ཨུ་ཡོན་ལྷན་ཁང་དེ་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དུ་བཅོས་སྒྲིག་བྱས་ཤིང་། དེའི་ལས་འགན་ནི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་སྲིད་ཇུས་ཞིབ་འཇུག་དང་བཟོ་འགོད་བྱས་ནས་བསྡོམས་འབོར་དོ་མཉམ་ཡོང་བ་དང་། སྤྱི་ཡོངས་ཀྱི་དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་བྱེད་པར་སློབ་སྟོན་བྱ་རྒྱུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང(བསྡུས་མིང་ལ“རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ཨུ་ཡོན་ལྷན་ཁང”ཞེས་འབོད་རྒྱུ)བཙུགས་ནས་རྒྱལ་ཁབ་ལ་དབང་བའི་ཁེ་ལས་བཅོས་བསྒྱུར་དང་བསྐྱར་སྒྲིག་བྱེད་པར་ཁྲིད་སྟོན་དང་སྐུལ་འདེད་གཏོང་རྒྱུ། ཀྲུང་གོའི་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང(བསྡུས་མིང་ལ“དངུལ་ཁང”ཞེས་འབོད)བཙུགས་ནས་དངུལ་རྩར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་དངུལ་རྩའི་སྒྲིག་གཞི་ཉེན་མེད་དང་། བརྟན་པོ། ཕན་ནུས་ཆེ་བ་བཅས་ཀྱི་སྒོ་ནས་འཁོར་སྐྱོད་ཐུབ་པར་འགན་ལེན་ཏན་ཏིག་བྱ་དགོས། ཚོང་དོན་སྡེ་ཁག་བཙུགས་ནས་འཁོར་རྒྱུག་སྒྲིག་སྲོལ་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་རྒྱུ། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་དེ་རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་སུ་བསྐྱར་སྒྲིག་བྱས་པ་དང་། དེ་སྔ་རྒྱལ་ཁབ་དཔལ་འབྱོར་ཉོ་ཚོང་ཨུ་ཡོན་ལྷན་ཁང་གིས་དོ་དམ་བྱེད་པའི་རྒྱལ་ཁབ་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ཅུས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་སྒྲིག་གཞིར་བསྒྱུར་བ་དང་དུས་མཚུངས་སུ་རྒྱལ་ཁབ་འཆར་ལྡན་བུ་བཙའི་ཨུ་ཡོན་ལྷན་ཁང་དེ་རྒྱལ་ཁབ་མི་འབོར་དང་འཆར་ལྡན་བུ་བཙའི་ཨུ་ཡོན་ལྷན་ཁང་དུ་བསྒྱུར་ཡོད།

3_11 སྤྱི་ལོ2008ལོ།     

སྤྱི་ལོ2008ལོའི་ཟླ3ཚེས15ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་བསྒྱུར་ཇུས་གཞིའི་སྐོར་གྱི་ཧྭ་ཅན་རྨིན་གྱི་གསལ་བཤད་གསན་པ་དང་ཟླ3ཚེས15ཉིན་ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་བསྒྱུར་ཇུས་གཞིའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་ནས་ཇུས་གཞི་དེར་ཆོག་མཆན་སྤྲད་པ་རེད།     

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་བསྒྱུར་བྱ་རྒྱུ་ནི་སྲིད་འཛིན་དོ་དམ་སྒྲིག་སྲོལ་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཧྲག་བསྡུས་དང་གཅིག་གྱུར་ནུས་ཆེའི་རྩ་དོན་དང་། ཇུས་ཐག་གཅོད་དབང་། ལག་བསྟར་བྱེད་དབང་། ལྟ་སྐུལ་བྱེད་དབང་བཅས་ཕན་ཚུན་ཚོད་འཛིན་བྱེད་ལ་ཕན་ཚུན་མཐུན་སྦྱོར་ཡང་བྱེད་པའི་བླང་བྱ་ལྟར། རྩ་འཛུགས་ཀྱི་གྲུབ་ཚུལ་ལེགས་སྒྱུར་ཤུགས་ཆེན་དང་། སྒྲིག་གཞི་བཀོད་སྒྲིག་ཚད་ལྡན་དུ་གཏོང་བ། འཁོར་སྐྱོད་ནང་རྐྱེན་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པར་རྩ་འཛུགས་ཀྱི་འགན་སྲུང་འདོན་སྤྲོད་བྱ་དགོས། སྲིད་འཛིན་དོ་དམ་སྒྲིག་སྲོལ་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་སྤྱིའི་དམིགས་འབེན་ནི་སྤྱི་ལོ2020ལོར་སླེབས་སྐབས་ཅུང་འཐུས་སྒོ་ཚང་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་འཛིན་དོ་དམ་སྒྲིག་སྲོལ་འཛུགས་རྒྱུ་དེ་ཡིན།    

3_11_1  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་བསྒྱུར་བྱ་རྒྱུའི་ཇུས་གཞིའི་ནང་དོན་གཙོ་བོ་གཤམ་གསལ།

གཅིག སྤྱི་ཁོག་སྙོམས་སྒྲིག་སྡེ་ཁག་གི་འགན་ནུས། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་སྔར་ལས་ལྷག་པའི་སྒོ་ནས་འགན་ནུས་སྒྲུབ་པ་དང་། དོ་དམ་ལས་དོན་དང་ཞིབ་ཕྲའི་ཞིབ་མཆན་འགོད་པའི་དོན་དག་ཉུང་དུ་བཏང་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་སྤྱི་ཁོག་སྙོམས་སྒྲིག་དམ་འཛིན་བྱ་དགོས། ནོར་སྲིད་སྡེ་ཁག་གིས་སྔོན་རྩིས་དང་ཁྲལ་སྲིད་དོ་དམ་བཅོས་བསྒྱུར་དང་འཐུས་ཚང་དུ་གཏོང་བ་དང་། ཀྲུང་དབྱང་དང་ས་གནས་ཀྱི་ནོར་ཤུགས་དང་དོན་གཅོད་དབང་ཆ་ཕན་ཚུན་འཚམ་པའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། སྤྱི་པའི་ནོར་སྲིད་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས། ཀྲུང་གོའི་མི་དམངས་དངུལ་ཁང་གིས་དངུལ་ལོར་སྲིད་ཇུས་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། དངུལ་རྩའི་ལྟ་སྐུལ་དོ་དམ་སྡེ་ཁག་དང་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་དངུལ་རྩའི་བདེ་འཇགས་སྲུང་སྐྱོང་བྱ་དགོས། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་། ནོར་སྲིད་སྡེ་ཁག ཀྲུང་གོའི་མི་དམངས་དངུལ་ཁང་སོགས་སྡེ་ཁག་གིས་མཐུན་སྦྱོར་ནང་རྐྱེན་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྔར་ལས་འཐུས་སྒོ་ཚང་བའི་སྤྱི་ཁོག་སྙོམས་སྒྲིག་མ་ལག་ཆགས་པར་བྱ་དགོས།

གཉིས། ནུས་ཁུངས་དོ་དམ་སྒྲིག་གཞིར་ཤུགས་སྣོན་རྒྱག་དགོས། རིམ་པ་མཐོ་བའི་དོན་གྲོས་མཐུན་སྦྱོར་སྒྲིག་གཞི་རྒྱལ་ཁབ་ནུས་ཁུངས་ཨུ་ཡོན་ལྷན་ཁང་བཙུགས། རྒྱལ་ཁབ་ནུས་ཁུངས་ཅུས་བཙུགས་ནས་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་དོ་དམ་བྱ་རྒྱུ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ནུས་ཁུངས་ལས་རིགས་དོ་དམ་གྱི་འབྲེལ་ཡོད་འགན་འཁྲི་དང་ལས་ཁུངས། རྒྱལ་ཁབ་ནུས་ཁུངས་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་འགན་འཁྲི། རྒྱལ་སྲུང་ཚན་རིག་ལག་རྩལ་བཟོ་ལས་ཨུ་ཡོན་ལྷན་ཁང་གི་ཉིང་རྡུལ་གློག་ཤུགས་དོ་དམ་བྱེད་འགན་བཅས་དང་སྡེབ་སྒྲིག་བྱས་ཏེ་ཅུས་དེའི་ཁོངས་སུ་འཇུག་རྒྱུ། རྒྱལ་ཁབ་ནུས་ཁུངས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ལས་དོན་རྒྱལ་ཁབ་ནུས་ཁུངས་ཅུས་ཀྱིས་སྒྲུབ་འགན་འཁུར་རྒྱུ། རྒྱལ་ཁབ་ནུས་ཁུངས་འགོ་ཁྲིད་ཚོ་ཆུང་དང་དེའི་དོན་གཅོད་ལས་ཁུངས་སོར་འཇོག་མི་བྱེད།

གསུམ། བཟོ་ལས་དང་ཆ་འཕྲིན་ཅན་སྡེ་ཁག་འཛུགས་རྒྱུ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་བཟོ་ལས་ལས་རིགས་དོ་དམ་གྱི་འབྲེལ་ཡོད་འགན་འཁྲི་དང་། རྒྱལ་སྲུང་ཚན་རིག་ལག་རྩལ་བཟོ་ལས་ཨུ་ཡོན་ལྷན་ཁང་གི་ཉིང་རྡུལ་གློག་ཤུགས་དོ་དམ་ཕུད་པའི་འགན་འཁྲི། ཆ་འཕྲིན་ཐོན་ལས་སྡེ་ཁག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆ་འཕྲིན་ཅན་ལས་དོན་གཞུང་ལས་ཁང་གི་འགན་འཁྲི་བཅས་བཟོ་ལས་དང་ཆ་འཕྲིན་ཅན་སྡེ་ཁག་གི་ཁོངས་སུ་སྡེབ་སྒྲིག་བྱ་རྒྱུ། རྒྱལ་ཁབ་རྒྱལ་སྲུང་ཚན་རྩལ་བཟོ་ལས་ཅུས་བཙུགས་ནས་བཟོ་ལས་དང་ཆ་འཕྲིན་ཅན་སྡེ་ཁག་གིས་དོ་དམ་བྱ་རྒྱུ། རྒྱལ་ཁབ་རྡོ་ཐལ་ཆེད་འཚོང་ཅུས་དེ་བཟོ་ལས་དང་ཆ་འཕྲིན་ཅན་སྡེ་ཁག་གིས་དོ་དམ་བྱ་རྒྱུ། རྒྱལ་སྲུང་ཚན་རིག་ལག་རྩལ་བཟོ་ལས་ཨུ་ཡོན་ལྷན་ཁང་དང་། ཆ་འཕྲིན་ཐོན་ལས་སྡེ་ཁག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆ་འཕྲིན་ཅན་ལས་དོན་གཞུང་ལས་ཁང་བཅས་མི་དགོས་པར་བཟོ།

བཞི། འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་འཛུགས་རྒྱུ། འགྲིམ་འགྲུལ་སྡེ་ཁག་དང་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་སྤྱི་ཁྱབ་ཅུས་ཀྱི་འགན་འཁྲི། གྲོང་ཁྱེར་གྱི་འགྲུལ་སྐྱེལ་ལ་མཛུབ་ཁྲིད་བྱེད་པའི་འགན་འཁྲི་དེ་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་ཏུ་བསྡུ་སྒྲིལ་བྱེད་དགོས། རྒྱལ་ཁབ་དམངས་སྤྱོད་མཁའ་འགྲུལ་ཅུས་བཙུགས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་དོ་དམ་བྱ་རྒྱུ། རྒྱལ་ཁབ་སྦྲག་སྲིད་ཅུས་དེ་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་དོ་དམ་བྱ་རྒྱུར་བསྒྱུར་རྒྱུ། སྡེ་ཁག་སོར་ཉར་བྱས་ནས་བཅོས་བསྒྱུར་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། འགྲིམ་འགྲུལ་སྡེ་ཁག་དང་ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་སྤྱི་ཁྱབ་ཅུས་སོར་འཇོག་མི་བྱེད།     

ལྔ།  མི་ཤུགས་ཐོན་ཁུངས་དང་མི་རྒྱུ་སྒྲིག་འཛུགས་བྱ་དགོས། མི་དོན་སྡེ་ཁག་དང་ངལ་རྩོལ། གཞུང་གི་འགན་འཁྲི་དག་མི་ཤུགས་ཐོན་ཁུངས་དང་གཞུང་ཁོངས་སུ་སྡེབ་སྒྲིག་བྱ་དགོས། རྒྱལ་ཁབ་གཞུང་ལས་པའི་ཅུས་བཙུགས་ནས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་དོ་དམ་བྱ་རྒྱུ། མི་དོན་སྡེ་ཁག ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་སོར་འཇོག་མི་བྱེད་པ།   

དྲུག ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་འཛུགས་རྒྱུ། རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་སྤྱི་ཁྱབ་ཅུས་སོར་འཇོག་མི་བྱེད་པ།    

བདུན། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་རྒྱུ། འཛུགས་སྐྲུན་སྡེ་ཁག་སོར་འཇོག་མི་བྱེད་པ།     

བརྒྱད། རྒྱལ་ཁབ་ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་དེ་འཕྲོད་བསྟེན་སྡེ་ཁག་གིས་དོ་དམ་བྱ་རྒྱུར་བསྒྱུར་རྒྱུ། འཕྲོད་བསྟེན་སྡེ་ཁག་གིས་ཟས་རིགས་བདེ་འཇགས་ཕྱོགས་བསྡུས་མཐུན་སྦྱོར་དང་། ཟས་རིགས་བདེ་འཇགས་ཞིབ་བཤེར་ཐག་གཅོད་སྒྲིག་འཛུགས་བྱེད་པའི་འགན་འཁྲི་ཁ་གསལ་བཟོ་དགོས། 

བཅོས་བསྒྱུར་བྱས་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཁང་ཕུད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན27བཙུགས་ཡོད། ད་ཐེངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཅོས་བསྒྱུར་དང་འབྲེལ་བ་ཡོད་པའི་སྒྲིག་གཞི15ཡོད་པ་དང་སྡེ་ཁག་རིམ་པའི་སྒྲིག་གཞི4ཉུང་དུ་ཕྱིན་ཡོད།    

ད་ཐེངས་ཀྱི་བཅོས་བསྒྱུར་ལ་གཙོ་གནད་གསུམ་མངོན་གསལ་དོད་པོ་ཡོད་པ་སྟེ། གཅིག་ནི་སྤྱི་ཁོག་སྙོམས་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གཉིས་ནི་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུར་དམིགས་ནས་སྤྱི་ཚོགས་དོ་དམ་དང་སྤྱི་བའི་ཞབས་ཞུར་ཤུགས་སྣོན་རྒྱག་དགོས་པ། གསུམ་ནི་འཚོལ་ཞིབ་འགན་ནུས་གཅིག་གྱུར་དམ་ཚགས་བྱེད་པའི་སྡེ་ཁག་ཆེན་པོའི་སྒྲིག་སྲོལ་གྱི་བླང་བྱ་ལྟར། འགན་ནུས་ཡོད་པའི་སྡེ་ཁག་ཁ་ཤས་སྡེབ་སྒྲིག་དང་། ཕྱོགས་བསྡུས་ཀྱིས་བཀོད་སྒྲིག་ལག་བསྟར། སྡེ་ཁག་གི་འགན་འཁྲིའི་འབྲེལ་བ་མཐུན་སྦྱོར་བཅས་བྱ་དགོས།

3_12 སྤྱི་ལོ2013ལོ།

སྤྱི་ལོ2013ལོའི་ཟླ2ཚེས28ཉིན། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་བསྒྱུར་དང་འགན་ནུས་བསྒྱུར་རྒྱུའི་ཇུས་གཞི》ལ་གྲོས་འཆམ་བྱུང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་འཛིན་སྒྲིག་སྲོལ་འཛུགས་རྒྱུའི་དམིགས་འབེན་སྐོར་གྱི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་བླང་བྱ་ལག་བསྟར་བྱས་ཤིང་། འགན་ནུས་བསྒྱུར་རྒྱུ་ལྟེ་བར་བཟུང་ནས་མུ་མཐུད་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད། སྒྲིག་གཞི་བཅོས་བསྒྱུར་ལ་སྐུལ་འདེད། ལམ་ལུགས་དང་ལམ་སྲོལ་འཐུས་ཚང་། སྲིད་འཛིན་གྱི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ཡོད། སྡེ་ཁག་ཆེ་གྲས་ཀྱི་ལམ་ལུགས་བཅོས་བསྒྱུར་གོམ་སྟབས་བརྟན་པོའི་ངང་སྤེལ་བ་དང་། མ་དངུལ་འཇོག་པར་ཞིབ་མཆན་འགོད་བྱའི་དོན་དག་ཉུང་འཕྲི་དང་གཤམ་སྤྲོད་བྱེད་པ། ཐོན་སྐྱེད་གཉེར་སྐྱོང་གི་བྱེད་སྒོའི་ཞིབ་མཆན་འགོད་བྱ་ཉུང་འཕྲི་དང་གཤམ་སྤྲོད་བྱེད་པ། ཐོབ་ཐང་གི་ཆོག་འཐུས་དང་ངོས་འཛིན་བྱེད་གྲངས་ཉུང་དུ་གཏོང་བ། ཆེད་དོན་སྤོ་སྒྱུར་གཏོང་སྤྲོད་དང་རིན་དངུལ་བསྡུ་གྲངས་ཉུང་དུ་གཏོང་བ། སྡེ་ཁག་གི་འགན་འཁྲི་སྣོལ་སྡེབ་དང་ཁ་ཐོར་ཉུང་དུ་གཏོང་བ། བཟོ་ཚོང་ཐོ་འགོད་ལམ་ལུགས་བཅོས་བསྒྱུར་བྱེད་པ། སྤྱི་ཚོགས་རྩ་འཛུགས་ཀྱི་དོ་དམ་ལམ་ལུགས་བཅོས་བསྒྱུར་བྱེད་པ། སྤྱི་ཁོག་དོ་དམ་ལེགས་བཅོས་དང་དེར་ཤུགས་སྣོན་རྒྱག་པ། རྨང་གཞིའི་རང་བཞིན་གྱི་ལམ་ལུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་ལྟར་སྲིད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་བཀོད་སྒྲིག་གལ་ཆེན་བྱས་ཡོད།

སྤྱི་ལོ2013ལོའི་ཟླ3ཚེས14ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་བསྒྱུར་དང་འགན་ནུས་གཞན་སྒྱུར་གྱི་ཇུས་གཞིའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་ཇུས་གཞི་དེར་ཆོག་མཆན་སྤྲད་པ་རེད། ད་ཐེངས་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་བསྒྱུར་བྱེད་སྐབས་འགན་ནུས་སྒྲུབ་པ་དང་འགན་འཁྲིའི་འབྲེལ་བ་མཐུན་སྦྱོར་བྱེད་པར་གཙོ་གནད་དུ་དམིགས་ཏེ་སྡེ་ཁག་ཆེ་གྲས་ཀྱི་ལམ་ལུགས་བཅོས་བསྒྱུར་བྱེད་པར་གོམ་སྟབས་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་། ལྕགས་ལམ་གྱི་བྱེད་ཐབས་ལག་བསྟར། འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ། ཟས་རིགས་དང་སྨན་རྫས། གསར་འགྱུར་དཔེ་སྐྲུན་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན། རྒྱ་མཚོ། ནུས་ཁུངས་དོ་དམ་ལས་ཁུངས་བཅས་སྡེབ་སྒྲིག་དང་དེར་ཤུགས་སྣོན་རྒྱག་དགོས།

གཅིག ལྕགས་ལམ་གྱི་སྲིད་ཁེ་ལག་བསྟར་སོ་སོར་བྱས་པ། ལྕགས་ལམ་སྡེ་ཁག་གིས་ལྕགས་ལམ་གོང་སྤེལ་འཆར་འགོད་དང་སྲིད་ཇུས་བཟོ་འགོད་བྱས་ནས་སྲིད་འཛིན་འགན་འཁྲི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གི་ཁོངས་སུ་འཇུག་དགོས། རྒྱལ་ཁབ་ལྕགས་ལམ་ཅུས་བཙུགས་ནས། འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་དོ་དམ་བྱས་ཏེ་ལྕགས་ལམ་སྡེ་ཁག་གི་སྲིད་འཛིན་འགན་འཁྲི་གཞན་དག་འཁུར་རྒྱུ། ཀྲུང་གོའི་ལྕགས་ལམ་སྤྱི་ཁྱབ་སྤྱི་གཉེར་ཁང་བཙུགས་ནས་ལྕགས་ལམ་སྡེ་ཁག་གི་ཁེ་ལས་ཀྱི་འགན་འཁྲི་འཁུར་དགོས། 

ལྕགས་ལམ་སྡེ་ཁག་སོར་འཇོག་མི་བྱེད་པ།      

གཉིས། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ།     

རྒྱལ་ཁབ་མི་འབོར་དང་འཆར་ལྡན་བུ་བཙའི་ཨུ་ཡོན་ལྷན་ཁང་གིས་མི་འབོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་འཆར་འགོད། དེ་བཞིན་མི་འབོར་སྲིད་ཇུས་བཅས་ཞིབ་འཇུག་དང་བཟོ་འགོད་བྱེད་པའི་འགན་འཁྲི་དེ་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་འཇུག་དགོས།     

རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ནི་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཨུ་ཡོན་ལྷན་ཁང་གིས་དོ་དམ་བྱ་རྒྱུ།     

འཕྲོད་བསྟེན་སྡེ་ཁག་དང་། རྒྱལ་ཁབ་མི་འབོར་དང་འཆར་ལྡན་བུ་བཙའི་ཨུ་ཡོན་ལྷན་ཁང་སོར་འཇོག་མི་བྱེད་པ།     

གསུམ། རྒྱལ་ཁབ་ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་འཛུགས་རྒྱུ།    

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་སོར་འཇོག་བྱ་རྒྱུ་དང་། ལས་ཀའི་ཞིབ་ཕྲ་རྒྱལ་ཁབ་ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་སྒྲུབ་འགན་འཁུར་རྒྱུ། རྒྱལ་ཁབ་ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་སྒོ་བྱང་སྣོན་འགེལ་བྱ་རྒྱུ།     

གསར་དུ་བཙུགས་པའི་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཨུ་ཡོན་ལྷན་ཁང་གིས་ལྗང་མདོག་ཟས་རིགས་ཡིན་མིན་དཔྱད་དཔོག་དང་ལྗང་མདོག་ཟས་རིགས་ཀྱི་ཚད་གཞི་གཏན་འབེབས་བྱེད་པའི་འགན་འཁུར་རྒྱུ། ཞིང་ལས་སྡེ་ཁག་གིས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་རྒྱུ། ཚོང་དོན་སྡེ་ཁག་གི་དམིགས་འཛུགས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དེ་ཞིང་ལས་སྡེ་ཁག་གི་ཁོངས་སུ་འཇུག་དགོས།

རྒྱལ་ཁབ་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་དང་ལོགས་སུ་བཙུགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་སོར་འཇོག་མི་བྱེད་པ།    

བཞི། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཅུས་འཛུགས་རྒྱུ།   

རྒྱལ་ཁབ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་དང་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཧྲུའུ་སོར་འཇོག་མི་བྱེད་པ།   

ལྔ། རྒྱལ་ཁབ་རྒྱ་མཚོ་ཅུས་བསྐྱར་འཛུགས་བྱ་རྒྱུ།    

རྒྱ་མཚོའི་ལས་དོན་གཅིག་གྱུར་གྱིས་འཆར་འགོད་དང་ཕྱོགས་བསྡུས་ཀྱིས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་ཆེད་རིམ་པ་མཐོ་བའི་དོན་གྲོས་མཐུན་སྦྱོར་སྒྲིག་གཞིའི་རྒྱལ་ཁབ་རྒྱ་མཚོ་ཨུ་ཡོན་ལྷན་ཁང་བཙུགས་ནས་རྒྱལ་ཁབ་ཀྱི་རྒྱ་མཚོ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཞིབ་འཇུག་དང་གཏན་འབེབས་བྱེད་འགན་འཁུར་རྒྱུ་དང་། རྒྱ་མཚོའི་བྱ་བ་གལ་ཆེན་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱ་རྒྱུ། རྒྱལ་ཁབ་རྒྱ་མཚོ་ཨུ་ཡོན་ལྷན་ཁང་གི་ལས་དོན་ཞིབ་ཕྲ་རྒྱལ་ཁབ་རྒྱ་མཚོ་ཅུས་ཀྱིས་སྒྲུབ་འགན་འཁུར་རྒྱུ། མཚོ་ཐོག་གཅིག་གྱུར་ཁྲིམས་འཛིན་ལ་སྐུལ་འདེད་གཏོང་བ་དང་ཁྲིམས་འཛིན་ཕན་ནུས་ཆེ་རུ་གཏོང་ཆེད། རྒྱལ་ཁབ་རྒྱ་མཚོ་ཅུས་ཀྱིས་ཀྲུང་གོ་མཚོ་ཐོག་ཉེན་རྟོག་ཅུས་ཀྱི་མིང་ཐོག་ནས་མཚོ་ཐོག་དབང་སྲུང་ཁྲིམས་འཛིན་བྱས་ཏེ་སྤྱི་བདེ་སྡེ་ཁག་གི་ལས་སྒོའི་མཛུབ་ཁྲིད་དང་ལེན་ཞུས་པ་རེད།    

དྲུག རྒྱལ་ཁབ་ནུས་ཁུངས་ཅུས་བསྐྱར་འཛུགས་བྱ་རྒྱུ།     

རྒྱལ་ཁབ་གློག་ཤུགས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་སོར་འཇོག་མི་བྱེད་པ།   

ད་ཐེངས་ཀྱི་བཅོས་བསྒྱུར་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་རིམ་པའི་སྒྲིག་གཞི4ཉུང་དུ་བཏང་བའི་ནང་གྲུབ་ཆའི་སྡེ་ཚན2ཉུང་དུ་ཕྱིན་པ་དང་རིམ་པ་ཕལ་བའི་སྡེ་ཁག་སྒྲིག་གཞི་ཕན་ཚུན་ཁ་འཐབ་བཏང་བའི་གྲངས་འབོར་མི་འགྱུར་བ་རེད། བཅོས་བསྒྱུར་བྱས་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཁང་ཕུད། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་གཏོགས་སྡེ་ཚན25བཙུགས་ཡོད།

3_13 སྤྱི་ལོ2018ལོ།     

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་གྲོས་ཞིབ་གནང་རྒྱུར་ཕུལ་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་བསྒྱུར་ཇུས་གཞིའི་གྲོས་གཞི་གཞིར་བཟུང་། བཅོས་བསྒྱུར་བྱས་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་རིམ་པའི་སྒྲིག་གཞི8ཉུང་དུ་ཕྱིན་པ་དང་རིམ་པ་ཕལ་བའི་སྡེ་ཁག་སྒྲིག་གཞི7ཉུང་དུ་ཕྱིན་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཁང་ཕུད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་གཏོགས་སྡེ་ཚན26ཡོད།

3_13_1 གཅིག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་ལེགས་སྒྲིག་བྱ་རྒྱུའི་སྐོར།    

(གཅིག) རང་བྱུང་ཐོན་ཁུངས་སྡེ་ཁག་འཛུགས་རྒྱུ། རྒྱལ་ཁབ་རྒྱ་མཚོ་ཅུས། རྒྱལ་ཁབ་ཚོད་ལེན་རིས་འབྲི་ས་ཁམས་ཆ་འཕྲིན་ཅུས་བཅས་སོར་འཇོག་མི་བྱེད་པ།    

(གཉིས) སྐྱེ་ཁམས་ཁོར་ཡུག་སྡེ་ཁག་འཛུགས་རྒྱུ། ཁོར་ཡུག་སྲུང་སྐྱོང་སྡེ་ཁག་སོར་འཇོག་མི་བྱེད་པ།    

(གསུམ) ཞིང་ལས་ཞིང་སྡེའི་སྡེ་ཁག་འཛུགས་རྒྱུ། ཞིང་ལས་སྡེ་ཁག་སོར་འཇོག་མི་བྱེད་པ།   

(བཞི) རིག་གནས་དང་ཡུལ་སྐོར་སྡེ་ཁག་འཛུགས་རྒྱུ། རིག་གནས་སྡེ་ཁག་དང་རྒྱལ་ཁབ་ཡུལ་སྐོར་ཅུས་སོར་འཇོག་མི་བྱེད་པ།   

(ལྔ) རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཨུ་ཡོན་ལྷན་ཁང་སོར་འཇོག་མི་བྱེད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་བསྒྱུར་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་མི་འཛུགས་པ།   

(དྲུག) ཕྱིར་འཐེན་དམག་མིའི་ལས་དོན་སྡེ་ཁག་འཛུགས་རྒྱུ།    

(བདུན) མྱུར་སྒྲུབ་དོ་དམ་སྡེ་ཁག་འཛུགས་རྒྱུ། རྒྱལ་ཁབ་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་སོར་འཇོག་མི་བྱེད་པ།    

(བརྒྱད) ཚན་རིག་ལག་རྩལ་སྡེ་ཁག་བསྐྱར་འཛུགས་བྱ་རྒྱུ།     

(དགུ) ཁྲིམས་འཛིན་སྡེ་ཁག་བསྐྱར་དུ་སྒྲིག་འཛུགས་བྱ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲིམས་ལུགས་གཞུང་ལས་ཁང་སོར་འཇོག་མི་བྱེད་པ།     

(བཅུ ) ཆུ་བེད་སྡེ་ཁག་གི་འགན་འཁྲི་ལེགས་སྒྱུར་བྱ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲི་ཆུའི་འགག་གསུམ་ལས་གྲྭ་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་དང་དེའི་གཞུང་ལས་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་གྲྭ་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་དང་དེའི་གཞུང་ལས་ཁང་སོར་འཇོག་མི་བྱེད་པ།

(བཅུ་གཅིག) རྩིས་བཤེར་ཁང་གི་འགན་འཁྲི་ལེགས་སུ་གཏོང་དགོས། གཞུང་དབང་ཁེ་ལས་ཆེ་གྲས་གཙོ་བོའི་ལྟ་ཞིབ་པའི་ལྷན་ཚོགས་མི་འཛུགས་པ།

(བཅུ་གཉིས) ལྟ་ཞིབ་སྡེ་ཁག་དེ་གསར་དུ་བཙུགས་པའི་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དུ་ཟླ་སྒྲིལ་གཏོང་རྒྱུ། ལྟ་ཞིབ་སྡེ་ཁག་དང་རྒྱལ་ཁབ་རུལ་སུངས་སྔོན་འགོག་ཅུས་སོར་འཇོག་མི་བྱེད་པ།    

3_13_2  གཉིས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལེགས་སྒྲིག་གཞན་དག་གི་སྐོར།     

(གཅིག) རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་འཛུགས་རྒྱུ། རྒྱལ་ཁབ་བཟོ་ཚོང་སྲིད་འཛིན་དོ་དམ་སྤྱི་ཁྱབ་ཅུས། རྒྱལ་ཁབ་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་དང་རིམས་ནད་ཞིབ་བཤེར་སྤྱི་ཁྱབ་ཅུས། རྒྱལ་ཁབ་ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བཅས་སོར་འཇོག་མི་བྱེད་པ།   

(གཉིས) རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་འཛུགས་རྒྱུ། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཅུས་སོར་འཇོག་མི་བྱེད་པ།    

(གསུམ) ཀྲུང་གོའི་དངུལ་ཁང་གི་ཉེན་འགོག་འགན་ལེན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ། ཀྲུང་གོའི་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་ཀྲུང་གོའི་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་སོར་འཇོག་མི་བྱེད་པ།     

(བཞི) རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་གོང་སྤེལ་མཉམ་ལས་ཁང་འཛུགས་རྒྱུ།    

(ལྔ) རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་འཛུགས་རྒྱུ།     

(དྲུག) རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་འཛུགས་རྒྱུ། རྒྱལ་ཁབ་འབྲུ་རིགས་ཅུས་སོར་འཇོག་མི་བྱེད་པ།   

(བདུན) རྒྱལ་ཁབ་གནས་སྤོ་ཡུལ་མི་དོ་དམ་ཅུས་འཛུགས་རྒྱུ།    

(བརྒྱད) རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་འཛུགས་རྒྱུ། རྒྱལ་ཁབ་ནགས་ལས་ཅུས་སོར་འཇོག་མི་བྱེད་པ།     

(དགུ) རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུས་བསྐྱར་འཛུགས་བྱ་དགོས།   

(བཅུ) རྒྱལ་ཡོངས་སྤྱི་ཚོགས་འགན་སྲུང་ཐེབས་རྩའི་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་འབྲེལ་བ་ལེགས་སྒྲིག་བྱ་དགོས།     

(བཅུ་གཅིག) རྒྱལ་ཁྲལ་དང་ས་ཁྲལ་གྱི་སྒྲིག་སྲོལ་བཅོས་བསྒྱུར་བྱེད་དགོས།

3_13_3 གསུམ། ལེགས་སྒྲིག་བྱས་རྗེས་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་གི་མིང་ཐོ(26)    

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྡེ་ཁག་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་སྡེ་ཁག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོ་སྡེ་ཁག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་སྡེ་ཁག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ལས་དང་ཆ་འཕྲིན་ཅན་སྡེ་ཁག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་སྡེ་ཁག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་སྲིད་སྡེ་ཁག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་འཛིན་སྡེ་ཁག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནོར་སྲིད་སྡེ་ཁག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁུངས་སྡེ་ཁག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྡེ་ཁག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡོད་ཁང་དང་གྲོང་ཁྱེར། གྲོང་གསེབ་འཛུགས་སྐྲུན་སྡེ་ཁག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུ་བེད་སྡེ་ཁག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་ཞིང་སྡེའི་སྡེ་ཁག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚོང་དོན་སྡེ་ཁག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གནས་དང་ཡུལ་སྐོར་སྡེ་ཁག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱིར་འཐེན་དམག་མིའི་ལས་དོན་སྡེ་ཁག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མྱུར་སྒྲུབ་དོ་དམ་སྡེ་ཁག ཀྲུང་གོའི་མི་དམངས་དངུལ་ཁང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩིས་བཤེར་ཁང་བཅས་སོ།།

4 བཅོས་བསྒྱུར་གྱི་དོན་སྙིང་། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་བཀོད་སྒྲིག་གལ་ཆེན་གནང་བ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་རྒྱུའི་གནད་དོན་ལ་ཞིབ་འཇུག་གནང་བ་དང་འབྲེལ་གཏན་འབེབས་ཀྱང་གནང་བ་རེད། 《ཆོད་དོན》ནང་དུ། “ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་ཟབ་སྤེལ་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་འཕོ་འགྱུར་གཏིང་ཟབ་ཅིག་ཡིན”ཞེས་གསལ་པོར་བསྟན་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། འཐབ་ཇུས་ཀྱི་ཁྱོན་ཡོངས་དང་ཕུགས་ཀྱི་འཕེལ་རྒྱས་ཀྱི་མཐོ་ཚད་ནས་འཕོ་འགྱུར་གཏིང་ཟབ་འདིར་སྐུལ་འདེད་གཏོང་བའི་དགོས་ངེས་རང་བཞིན་ལ་ངོས་འཛིན་བྱས་ཏེ། རང་རྟོགས་ཀྱིས་ལག་བསྟར་དོན་འཁྱོལ་བྱེད་དགོས།

4_1 གཅིག བཅོས་བསྒྱུར་གཏིང་ཟབ་འདིར་སྐུལ་འདེད་གཏོང་བའི་ལོ་རྒྱུས་དང་དོན་དངོས་ཀྱི་ལྡོག་མེད་རང་བཞིན་ལ་ངོས་འཛིན་གང་ལེགས་བྱ་དགོས།     


ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་འཛུགས་སྐྱོང་དང་བཅོས་བསྒྱུར་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། གཙོ་གནད་ཁྱབ་ཁོངས་མངོན་གསལ། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཁག་གཅིག་ལ་གྲུབ་འབྲས་གལ་ཆེན་ཐོབ་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་རྒྱུར་འགན་ལེན་ནུས་ལྡན་བྱས་ཡོད། དུས་རབས་གསར་པ་དང་ལས་འགན་གསར་པས་བཏོན་པའི་བླང་བྱ་གསར་པའི་མདུན་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐབ་ཇུས་བཀོད་སྒྲིག་ལྟར་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་ བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བར་ལོ་རྒྱུས་དང་དངོས་ཡོད་ཀྱི་ལྡོག་མེད་རང་བཞིན་ལྡན་ཡོད།     

(གཅིག) ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་ཟབ་སྤེལ་བྱེད་རྒྱུ་ནི་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་བླང་བྱ་ལྡོག་མེད་ཡིན། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞིའི་འགན་ནུས་མ་ལག་ནི་སྟེང་གི་བཀོད་པ་ཡིན་པའི་ཆ་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཡར་ཐོན་དང་དཔལ་འབྱོར་རྨང་གཞིའི་འགྱུར་ལྡོག་དང་འཚམ་པར་བྱས་ནས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ང་ཚོའི་ཏང་གི་འགོ་ཁྲིད་འོག རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་འཁེལ་བྱས་པ་དང་། རང་རྒྱལ་གྱི་ཁྱད་ཆོས་ལྡན་པའི་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞིའི་འགན་ནུས་མ་ལག་རིམ་བཞིན་བཙུགས་པས། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་བཏོན་ཡོད། བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་དུ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གོང་དུ་སྤེལ་བའི་དགོས་མཁོ་དང་འཚམ་པར་བྱས་ཏེ། ང་ཚོའི་ཏང་གིས་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་བ་དང་། ཕྱོགས་སོ་སོའི་སྒྲིག་གཞིའི་འགན་ནུས་རྒྱུན་མ་ཆད་པར་ལེགས་སྒྱུར་དང་རིམ་བཞིན་ཚད་ལྡན་དུ་བཏང་བས། བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་།  ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞིའི་འགན་ནུས་མ་ལག་ངེས་པར་དུ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་གཏོང་བའི་བླང་བྱ་དང་མཐུན་དགོས། འོན་ཀྱང་མིག་སྔའི་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཀོད་སྒྲིག་དང་འགན་ནུས་བཀོད་སྒྲིག་དེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་བླང་བྱ་དང་ད་དུང་རྦད་དེ་འཚམ་པོ་མེད་པ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་མངོན་འགྱུར་བྱེད་པའི་བླང་བྱ་དང་ད་དུང་རྦད་དེ་འཚམ་པོ་མེད་པས། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་བླང་བྱ་གཞིར་བཟུང་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་དགོས།     

(གཉིས) ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་ཟབ་སྤེལ་བྱེད་རྒྱུ་ནི་ཏང་གི་ཡུན་རིང་སྲིད་འཛིན་བྱེད་ནུས་ཆེ་རུ་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཡིན། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ཡིན། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞིའི་འགན་ནུས་མ་ལག་ནི་ང་ཚོའི་ཏང་གི་རྒྱལ་སྐྱོང་སྲིད་གཉེར་གྱི་འགན་ལེན་གལ་ཆེན་ཞིག་དང་ཏང་གིས་ཐོག་མཐའ་བར་གསུམ་དུ་དམ་འཛིན་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་རྒྱབ་རྟེན་གལ་ཆེན་ཞིག་རེད། ང་ཚོའི་ཏང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ཁག་བདེ་བླག་ངང་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་འགོ་ཁྲིད་དེ་འཐབ་རྩོད་རླབས་པོ་ཆེ་བྱེད་པ་དང་། ལས་གཞི་རླབས་པོ་ཆེ་འཛུགས་སྐྲུན་བྱེད་པ། བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བ། ཕུགས་འདུན་རླབས་པོ་ཆེ་མངོན་འགྱུར་བྱེད་པ་བཅས་ལ་ངེས་པར་དུ་རྩ་འཛུགས་ལས་ཁུངས་ནས་ཏང་གི་འགོ་ཁྲིད་བྱེད་པའི་ལམ་ལུགས་ཀྱི་ཁྱད་ཡོན་ཆེ་ཤོས་འདི་འདོན་སྤེལ་བྱེད་པ་དང་། ཏང་གི་འགོ་ཁྲིད་དེ་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ཕྱོགས་ཡོངས་ནས་འགན་འཁྲི་ཡང་དག་པར་སྒྲུབ་པའི་ཁྱབ་ཁོངས་ཁག་དང་ལྷུ་ཚིགས་ཁག་ཏུ་ལག་བསྟར་དོན་འཁྱོལ་སྔར་ལས་ལྷག་པར་བྱས་ཏེ། ལམ་ལུགས་ཀྱི་ཐོག་ནས་ཏང་གི་ཡུན་རིང་སྲིད་སྐྱོང་དང་རྒྱལ་ཁབ་ཡུན་རིང་བདེ་འགོད་ཡོང་བར་འགན་ལེན་བྱ་དགོས། མིག་སྔར་ཁྱབ་ཁོངས་ཁ་ཤས་སུ་ཏང་གི་སྒྲིག་གཞི་བཀོད་སྒྲིག་དང་འགན་ནུས་བཀོད་སྒྲིག་ད་དུང་འཐུས་ཚང་ནུས་ལྡན་བྱུང་མེད་པས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་འགན་སྲུང་དང་། ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བར་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་ད་དུང་འཐུས་ཚང་དུ་གཏོང་དགོས། ཏང་གི་དུས་ཡུན་རིང་པོའི་སྲིད་སྐྱོང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བར་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་འགན་ལེན་བྱེད་པའི་ལམ་ལུགས་བཀོད་སྒྲིག་འཐུས་ཚང་དུ་གཏོང་བ། ཏང་གི་འགོ་ཁྲིད་བྱེད་སྟངས་དང་སྲིད་འཛིན་བྱེད་སྟངས་ལེགས་སུ་གཏོང་བ་བཅས་བྱས་ཏེ་ཏང་གིས་ཁ་ཕྱོགས་འཛིན་པ་དང་། སྤྱི་ཡོངས་ལ་ལྟ་བ། སྲིད་ཇུས་གཏན་འཁེལ། བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་དང་ངེས་ཤུགས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

(གསུམ) ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་ཟབ་སྤེལ་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རང་ངོས་འཐུས་ཚང་དང་འཕེལ་རྒྱས་གཏོང་བའི་བླང་བྱ་ལྡོག་མེད་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ནི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་སྤྱིའི་དམིགས་འབེན་ཡིན། སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་རྒྱུ་དེ་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་ཁྱབ་ཁོངས་ཁག་གི་བཅོས་བསྒྱུར་ལ་སྒྲིག་གཞིའི་འདེགས་སྐྱོར་དང་འགན་ལེན་གྱི་ནུས་པ་འདོན་སྤེལ་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཕྱོགས་ཁག་གི་སྒྲིག་སྲོལ་དང་ལམ་སྲོལ་གྱི་ཞན་ཆ་མཐའ་གཅིག་ཏུ་སེལ་བ་དང་། ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་བཅོས་བསྒྱུར་ལ་འཕེལ་རྒྱས་ཆེན་པོ་བྱུང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད། འོན་ཀྱང་ངེས་པར་དུ་ཤེས་དགོས་པ་ཞིག་ལ། འཕེལ་རྒྱས་ཁྲོད་ཀྱི་གཏིང་རིམ་ཟབ་སའི་འགལ་བ་དང་གནད་དོན་མང་པོ་ཞིག་རྩ་བའི་ཐོག་ནས་ཐག་གཅོད་བྱ་དགོས་པ་དང་། བཅོས་བསྒྱུར་གྱི་གྲུབ་འབྲས་ཐོབ་རིགས་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་ན། ངེས་པར་དུ་བཅོས་བསྒྱུར་དེ་སྒྲིག་གཞིའི་ཁྲོད་དུ་ཟབ་སྤེལ་བྱ་དགོས། མིག་སྔར་རང་རྒྱལ་གྱི་ཁྱབ་ཁོངས་ཁ་ཤས་ཀྱི་ཏང་སྲིད་སྒྲིག་གཞི་དང་། འགན་འཁྲི་སྣོལ་བ། དབང་འགན་ཐ་དད་བཅས་ཀྱི་གནད་དོན་མངོན་གསལ་དོད་ཙམ་ཡོད་པ་དང་། སྲིད་གཞུང་གི་སྒྲིག་གཞི་འཛུགས་སྟངས་དང་འགན་འཁྲི་དབྱེ་སྟངས་ཚན་རིག་དང་དེ་ཙམ་མི་མཐུན་པ་དང་། འགན་འཁྲི་སྟོང་པར་ལུས་པ་དང་ནུས་ཕྱོད་མཐོ་པོ་མེད་པའི་གནད་དོན་མངོན་གསལ་དོད་པ། སྲིད་གཞུང་གི་འགན་ནུས་བསྒྱུར་རྒྱུ་ད་དུང་དམིགས་སར་སླེབས་མེད་པ། ཁྱབ་ཁོངས་ཁ་ཤས་ཀྱི་ཀྲུང་དབྱང་དང་ས་གནས་ཀྱི་སྒྲིག་གཞིའི་འགན་ནུས་གོང་འོག་སྤྱིར་བཏང་སྦོམ་ཞིང་། དབང་འགན་དབྱེ་འབྱེད་ལུགས་མཐུན་སོགས་ཡིན། གནད་དོན་དེ་དག་ཐག་གཅོད་བྱ་དགོས་ན། ངེས་པར་དུ་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་ཟབ་སྤེལ་བྱས་ཏེ། དཔལ་འབྱོར་དང་། སྤྱི་ཚོགས། ཆབ་སྲིད། རིག་གནས། སྐྱེ་ཁམས་དཔལ་ཡོན་སོགས་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་རྒྱུན་མཐུད་ངང་ཟབ་སྤེལ་དང་། འགག་སྒྲོལ་དཀའ་སེལ་བྱེད་པར་སྒྲིག་སྲོལ་གྱི་འདེགས་སྐྱོར་དང་འགན་སྲུང་འདོན་སྤྲོད་བྱ་དགོས།

(བཞི) ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་ནི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བཅས་བྱེད་པའི་དགོས་ངེས་ཀྱི་བླང་བྱ་ཡིན། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་ཆེད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་འཐབ་ཇུས་བཀོད་སྒྲིག་བྱས་པ་སྟེ། སྤྱི་ལོ2020ལོར་སླེབས་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ་དང་། སྤྱི་ལོ2035ལོར་སླེབས་དུས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་དགོས། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞིའི་འགན་ནུས་ཀྱིས་ངེས་པར་དུ་མངོན་གསལ་དོད་པའི་འགལ་བ་ཐག་གཅོད་བྱས་ཏེ་ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་བ་དང་། གནད་སྨིན་དབུལ་སྒྲོལ། སྦགས་བཙོག་འགོག་བཅོས་བཅས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུར་འགན་ལེན་བྱེད་དགོས་པ་དང་། དུས་མཚུངས་སུ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་དགོས་ན་ངེས་པར་དུ་ཕུགས་དང་འབྲེལ་བ་ཡོད་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་གནད་དོན་ཐག་གཅོད་བྱེད་པར་དོ་སྣང་བྱེད་དགོས། འོན་ཀྱང་མིག་སྔར་རང་རྒྱལ་གྱི་སྒྲིག་གཞི་བཀོད་སྒྲིག་དང་འགན་ནུས་བཀོད་སྒྲིག་ད་དུང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་བླང་བྱ་དང་མི་འཚམ་པ་དང་། ལྷག་པར་དུ་གཞི་རིམ་གྱི་སྒྲིག་གཞི་བཀོད་སྒྲིག་དང་དབང་ཆ་བཀོད་སྒྲིག་ད་དུང་འཐུས་ཚང་དུ་གཏོང་དགོས་པ་དང་། མང་ཚོགས་སྒྲིག་འཛུགས་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་སྔར་ལས་ཆེ་རུ་གཏོང་དགོས་པ་དང་། མང་ཚོགས་ཚོགས་པའི་རྩ་འཛུགས་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཆེ་རུ་གཏོང་དགོས་པ་སོགས་རེད། དེས་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། སྒྲིག་གཞིའི་འགན་ནུས་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱེད་པ། སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ལ་ལམ་ལུགས་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།     

4_2 གཉིས། འཕོ་འགྱུར་གཏིང་ཟབ་འདིའི་ཁྱད་ཆོས་གསལ་པོ་ཁོང་དུ་ཡང་དག་ཆུད་དགོས།    

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་བླང་བྱ་ཁ་གསལ་བཏོན་དོན། དུས་བབ་དང་འཚམ་པའི་བསམ་བློའི་འདུ་ཤེས་དང་སྒྲིག་སྲོལ་ལམ་སྲོལ་གྱི་ཞན་ཆ་མཐའ་དག་མཐའ་གཅིག་ཏུ་སེལ་བ་དང་། ཁེ་ཕན་སྲ་འགྱུར་གྱི་བཀག་རྒྱ་ལས་སྒྲོལ་བ། མིའི་རིགས་ཀྱི་ཤེས་དཔལ་གྱི་དགེ་མཚན་ལྡན་པའི་གྲུབ་འབྲས་བསྡུ་ལེན། མ་ལག་ཆ་ཚང་དང་། ཚན་རིག་དང་ཚད་ལྡན། འཁོར་སྐྱོད་ནུས་ལྡན་བཅས་ཀྱི་ལམ་ལུགས་མ་ལག་བཙུགས་ནས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་འདོན་སྤེལ་གང་ལེགས་བྱེད་དགོས། ད་ཐེངས་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་གང་ལེགས་མཚོན་ཡོད་པས་གཤམ་གསལ་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ཡོད།     

(གཅིག) ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ལྟེ་བའི་གནད་དོན་ཡིན། ཏང་སྲིད་དམག་དམངས་སློབ་དང་། ཤར་ལྷོ་ནུབ་བྱང་ཁྲོད། ཏང་ནི་ཐམས་ཅད་ལ་འགོ་ཁྲིད་བྱེད་མཁན་ཡིན། 《ཆོད་དོན》ནང་ཏང་གིས་ཁྱབ་ཁོངས་ཁག་དང་ཕྱོགས་ཁག་གི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་ལས་འགན་ཨང་དང་པོ་ཡིན་ཞེས་ཁ་གསལ་བཏོན་ཡོད། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལམ་ལུགས་འཐུས་ཚང་དང་རྒྱུན་འཁྱོངས་བྱེད་ཆེད། 《ཆོད་དོན》གྱི་བླང་བྱ་ནི། གཅིག་ནི་ཏང་གིས་ལས་དོན་གལ་ཆེན་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ཐོག་མར་ཏང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་ལས་དོན་གལ་ཆེན་ལ་གཅིག་བསྡུས་དང་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་དགོས། ཏང་ཀྲུང་དབྱང་གི་ཇུས་ཆོད་གྲོས་མོལ་མཐུན་སྦྱོར་ལས་ཁུངས་ཇེ་ལེགས་སུ་གཏོང་། ཏང་གིས་བཅོས་བསྒྱུར་ཟབ་སྤེལ་དང་། ཁྲིམས་ལྟར་རྒྱལ་སྐྱོང་། དཔལ་འབྱོར། ཞིང་ལས་དང་གྲོང་གསེབ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ། བསམ་བློ་དང་རིག་གནས། དྲིལ་བསྒྲགས། རྒྱལ་ཁབ་བདེ་འཇགས། སྲིད་ཁྲིམས། ཀུན། སློབ་གསོ། ཚན་རྩལ། དྲ་འཕྲིན། ཕྱི་འབྲེལ། རྩིས་བཤེར་སོགས་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལེགས་སྒྱུར་བྱ་དགོས། ཕྱོགས་གཞན་པའི་ཐད་ཀྱི་གྲོས་དོན་མཐུན་སྦྱོར་ལས་ཁུངས་ནི་ཏང་ཀྲུང་དབྱང་གི་ཇུས་ཆོད་གྲོས་མོལ་མཐུན་སྦྱོར་ལས་ཁུངས་འཛུགས་པ་དང་ལེགས་སྒྲིག་བྱེད་པ་དང་སྦྲེལ་མཐུད་བྱ་དགོས། གཉིས་ནི་རིམ་པ་གཅིག་མཚུངས་ཀྱི་རྩ་འཛུགས་ཁྲོད་ཀྱི་ཏང་གི་རྩ་འཛུགས་ཀྱི་འགོ་ཁྲིད་གོ་གནས་ཤུགས་ཆེ་རུ་གཏོང་བ་དང་། ཏང་དང་ཕྱོགས་ཁག་གི་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱེད་དགོས། གསུམ་ནི་ཏང་གི་འགན་ནུས་སྡེ་ཁག་གི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པར་བྱེད་པ་དང་། ཁོངས་གཏོགས་མཐུན་སྦྱོར་འགན་ནུས་ལ་ཤུགས་སྣོན་རྒྱག་པ། ཁོངས་གཏོགས་དེ་ག་དང་ཁྱབ་ཁོངས་དེ་གའི་ལས་ཀར་གཅིག་གྱུར་འཆར་འགོད་བཅས་བྱ་དགོས། བཞི་ནི་ཏང་སྲིད་སྒྲིག་གཞི་གཅིག་གྱུར་གྱིས་འཛུགས་རྒྱུ་དང་། ཏང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་འགན་ནུས་དང་འབྲེལ་བ་དམ་ཟབ་ཡོད་པའི་སྡེ་ཁག་གཞན་དག་དང་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ། ཟླ་སྒྲིལ་གྱིས་འཛུགས་པའམ་ཡང་ན་མཉམ་འབྲེལ་གྱིས་ལས་སྒྲུབ་བྱས་ཆོག ལྔ་ནི་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་སྒྲིག་སྲོལ་དང་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་བཅོས་བསྒྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར། རྫོང་བཅས་ཀྱི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་བཙུགས་ནས་སྤྱི་པའི་དབང་ཆ་སྤྱོད་པའི་ལྟ་ཞིབ་ཡོངས་སུ་ཁྱབ་པར་བྱ་དགོས།     

(གཉིས) བཅོས་བསྒྱུར་ཁྱབ་ཁོངས་ཀྱི་ཕྱོགས་ཡོངས་རང་བཞིན་ནི་ཁྱད་ཆོས་འབུར་ཐོན་ཡིན། དེ་སྔའི་སྒྲིག་གཞི་བཅོས་བསྒྱུར་བྱ་རྒྱུ་དེ་གཙོ་བོ་སྲིད་གཞུང་གི་སྒྲིག་གཞི་དང་སྲིད་འཛིན་སྒྲིག་སྲོལ་དང་མི་འདྲ། ད་རེས་ཀྱི་སྒྲིག་གཞི་བཅོས་བསྒྱུར་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་བཅོས་བསྒྱུར་བྱ་རྒྱུ་ཡིན་ཞིང་། དེའི་ནང་ཏང་དང་། སྲིད་གཞུང་། མི་དམངས་འཐུས་ཚོགས། སྲིད་གྲོས། ཁྲིམས་འཛིན། སྤྱི་ཚོགས་རྩ་འཛུགས། བྱ་ལས་སྡེ་ཚན། དམག་ཁོངས་ལས་བརྒལ་བའི་ས་གནས། ཀྲུང་དབྱང་དང་ས་གནས་ཀྱི་རིམ་པ་ཁག་གི་སྒྲིག་གཞི་བཅས་ཚུད་ཡོད། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་ཕུད། གཅིག་ནི་སྲིད་གཞུང་གི་སྒྲིག་གཞི་འཛུགས་སྟངས་དང་འགན་ནུས་བཀོད་སྒྲིག་ལེགས་སུ་གཏོང་དགོས། སྤྱི་ཁོག་དོ་དམ་སྡེ་ཚན་གྱི་འགན་ནུས་སྒྲུབ་ནས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རང་བྱུང་ཐོན་ཁུངས་དང་སྣོད་བཅུད་ཁོར་ཡུག་དོ་དམ་སྒྲིག་སྲོལ་བཅོས་བསྒྱུར་བྱེད་པ། སྤྱི་པའི་ཞབས་ཞུའི་དོ་དམ་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། གཉིས་ནི་ཚོགས་པའི་སྒྲིག་གཞི་བཅོས་བསྒྱུར་གཅིག་གྱུར་འཆར་འགོད་བྱེད་དགོས། ཏང་སྲིད་ལས་ཁུངས་ཀྱི་བཀོད་པ་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་དམངས་འཐུས་ཚོགས་དང་། སྲིད་གྲོས། ཁྲིམས་འཛིན་ལས་ཁུངས་བཅས་ཀྱི་བཅོས་བསྒྱུར་ཟབ་སྤེལ། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་བཅོས་བསྒྱུར་ཟབ་སྤེལ། སྤྱི་ཚོགས་རྩ་འཛུགས་ཀྱི་བཅོས་བསྒྱུར་ལ་སྐུལ་འདེད། བྱ་ལས་སྡེ་ཚན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་མགྱོགས་སུ་གཏོང་བ། དམག་ཁོངས་ལས་བརྒལ་བའི་བཅོས་བསྒྱུར་ཟབ་སྤེལ་བཅས་བྱ་དགོས་པའི་བླང་བྱ་བཏོན་ཡོད། གསུམ་ནི་ས་གནས་ཀྱི་སྒྲིག་གཞི་ལུགས་མཐུན་ངང་འཛུགས་དགོས། གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འགན་ལེན་བྱས་ནས་ཞིང་ཆེན་རིམ་པ་དང་དེ་མན་ཆད་ཀྱི་སྒྲིག་གཞིར་རང་བདག་དབང་ཆ་དེ་བས་མང་བ་སྤྲོད་པ་དང་། སྟབས་བདེ་ནུས་ཆེའི་གཞི་རིམ་གྱི་དོ་དམ་སྒྲིག་སྲོལ་འཛུགས་པ། ཐད་ཀའི་དོ་དམ་སྒྲིག་སྲོལ་དང་ས་གནས་ཀྱི་རིམ་དབྱེའི་དོ་དམ་སྒྲིག་སྲོལ་ཚད་ལྡན་བཟོ་བ་སོགས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།   

(གསུམ) བཅོས་བསྒྱུར་གྱི་གཏིང་ཚད་ལ་གསར་བརྗེ་རང་བཞིན་ལྡན་ཡོད། ད་ཐེངས་ཀྱི་བཅོས་བསྒྱུར་ལ་དབང་ཆ་དང་ཁེ་ཕན་ལེགས་སྒྲིག་ལ་གཡོལ་ཐབས་མི་བྱེད་པ་ནི་ད་ཡོད་ཀྱི་སྲོལ་རྒྱུན་ལ་ཐོབ་ཟིན་པའི་ཁེ་ཕན་བསྡུ་སྒྲིལ་བྱས་ནས་ཁེ་ཕན་གྱི་རྣམ་པ་གསར་པ་བསྐྱར་དུ་གཏོད་རྒྱུ་དེ་རེད། 《ཆོད་དོན》ནང་དུ། ཐོན་ཁུངས་བགོ་སྒྲིག་ཁྲོད་ཚོང་རས་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་དུ་འཇུག་པ་དང་། སྲིད་གཞུང་གི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་ཞན་ཆ་མཐའ་གཅིག་ཏུ་སེལ་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ཏེ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ་དང་། སྲིད་གཞུང་གི་དཔལ་འབྱོར་སྙོམས་སྒྲིག ཚོང་རར་ལྟ་སྐུལ་དོ་དམ། སྤྱི་ཚོགས་དོ་དམ། སྤྱི་པའི་ཞབས་ཞུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་འགན་ནུས་ལ་ཤུགས་སྣོན་དང་འཐུས་ཚང་དུ་གཏོང་བ། སྲིད་གཞུང་གི་སྒྲིག་གཞིའི་འགན་ནུས་ལེགས་སྒྲིག་དང་ལེགས་སྒྱུར་བཅས་བྱེད་དགོས། དཔེར་ན། དོ་དམ་ལས་དོན་དང་ཞིབ་བཤེར་ཆོག་མཆན་གྱི་ཞིབ་ཕྲའི་དོན་ཚན་ཉུང་དུ་གཏོང་རྒྱུ་དང་། སྲིད་གཞུང་གིས་ཁྲོམ་རའི་ཐོན་ཁུངས་ཐད་ཀར་བཀོད་སྒྲིག་བྱེད་རྒྱུ་ཉུང་དུ་གཏོང་གང་ཐུབ་བྱེད་རྒྱུ། སྲིད་གཞུང་གིས་ཁྲོམ་རའི་བྱེད་སྒོར་ཐད་ཀར་ཐེ་ཇུས་བྱེད་རྒྱུ་ཉུང་དུ་གཏོང་གང་ཐུབ་བྱེད་རྒྱུ། ཞབས་ཞུའི་ལས་རིགས་ལ་ཞུགས་པའི་ཚད་བཀག་ཁྱབ་ཁོངས་ཚད་ཇེ་ཆེར་གཏོང་བ་དང་། ཚོང་རར་ཞུགས་པའི་བཀག་རྒྱའི་གསལ་ཐོའི་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱ་དགོས། རྒྱལ་ཁབ་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་དང་ལྟ་སྐུལ་དོ་དམ་ལས་ཁུངས་འཛུགས་པ་དང་། སྐྱེ་ཁམས་ཁོར་ཡུག་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དབང་མཁན་གྱི་འགན་འཁྲི་གཅིག་གྱུར་གྱིས་སྤྱོད་པ། རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་གི་སྤྱོད་སྒོ་དོ་དམ་དང་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་འགན་འཁྲི་གཅིག་གྱུར་གྱིས་སྤྱོད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྦགས་བཙོག་འབུད་གཏོང་དང་སྲིད་འཛིན་ཁྲིམས་བསྟར་ལ་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁྲི་གཅིག་གྱུར་གྱིས་ལག་བསྟར་བཅས་བྱ་དགོས། སྲིད་དང་ཚོགས་པ་སོ་སོར་འབྱེད་པ་གང་མགྱོགས་ངང་ལག་བསྟར་བྱས་ཏེ། སྤྱི་ཚོགས་རྩ་འཛུགས་སྲིད་འཛིན་ཅན་དུ་འགྱུར་བའི་ཕྱོགས་ལྷུང་ཁྱད་བསད་བྱ་དགོས། སྲིད་གཞུང་དང་བྱ་ལས་སྡེ་ཚན་སོ་སོར་ཕྱེ་ནས་སྲིད་འཛིན་གྱི་འགན་ནུས་སྒྲུབ་འགན་འཁུར་བའི་བྱ་ལས་སྡེ་ཚན་མི་འཛུགས་རྒྱུ། སྤྱི་ཚོགས་ལ་ཁ་ཕྱོགས་ནས་སྤྱི་ཕན་ཞབས་ཞུ་མཁོ་འདོན་བྱེད་པའི་བྱ་ལས་སྡེ་ཚན་གྱིས་དོ་དམ་དང་ལས་སྒྲུབ་ལོགས་སུ་འབྱེད་པ་དང་། སྤྱི་ཕན་གྱི་ངོ་བོ་ཤུགས་ཆེ་རུ་གཏོང་བ། ཁེ་གཉེར་ནང་རྐྱེན་མེད་པ་བཟོ་བ་བཅས་བྱ་དགོས།

(བཞི) བཅོས་བསྒྱུར་གྱི་ཇུས་འགོད་ལ་ཚན་རིག་གི་རང་བཞིན་ལྡན་པ་མཚོན་ཡོད། ཚན་རིག་རང་བཞིན་ནི་བཅོས་བསྒྱུར་ཀྱི་ཇུས་གཞི་ཧྲིལ་པོར་དགོས་མཁོ་ཡོད་མེད་དང་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མཐུན་མིན་དང་། བཅོས་བསྒྱུར་གྱི་རྒྱལ་ཕམ་ཐག་གཅོད་བྱེད་པའི་གནད་འགག་ཡིན། རང་རྒྱལ་གྱི་སྒྲིག་ཁོངས་ཚན་རིག་ཅན་དང་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་པ་དང་། ཁྱབ་ཁོངས་ཁ་ཤས་ཀྱི་དབང་ཆ་འཁོར་སྐྱོད་ཚོད་འཛིན་དང་ལྟ་སྐུལ་ལམ་སྲོལ་འཐུས་ཚང་མིན་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། 《ཆོད་དོན》ནང་མཐུན་སྦྱོར་ནུས་ཆེའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ངེས་པར་དུ་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཀོད་སྒྲིག་དང་འགན་ནུས་བཀོད་སྒྲིག་ལེགས་སྒྱུར་བྱེད་དགོས་པའི་ནན་བཤད་བྱས་ཡོད། གཅིག་ནི་དོན་ཚན་རིགས་གཅིག་རྩ་དོན་ཐོག་སྡེ་ཚན་གཅིག་གིས་སྤྱི་འདོམས་བྱེད་པ་དང་། དོན་དག་ཅིག་རྩ་དོན་ཐོག་སྡེ་ཚན་གཅིག་གིས་འགན་འཁུར་བ། འབྲེལ་ཡོད་སྒྲིག་གཞིས་གཞོགས་འདེགས་མཉམ་འགུལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། སྲིད་དོན་ཐོན་མཁན་མང་བ་དང་། འགན་འཁྲི་ཁ་གསལ་མེད་པ། ཁག་འགན་ཕར་དཀྲི་ཚུར་དཀྲི་བཅས་མི་ཡོང་བ་བྱེད་དགོས། གཉིས་ནས་རིམ་ཁག་སྲིད་གཞུང་སྡེ་ཚན་དང་དེའི་སྒྲིག་གཞི་བཙུགས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་དབང་ཆ་བཀོད་སྒྲིག་བྱེད་པ་དང་། སྒྲིག་གཞིའི་གྲངས་འབོར་ཉུང་དུ་གཏོང་བ། བར་རིམ་སྟབས་བདེ་རུ་གཏོང་བ། ལེབ་སྙོམས་ཅན་གྱི་དོ་དམ་ཁྱབ་གདལ་གཏོང་བ་བཅས་བྱས་ནས་ལས་ཕྱོད་ཆེ་བའི་རྩ་འཛུགས་མ་ལག་ཅིག་ཆགས་པ་བྱེད་དགོས་པའི་བླང་བྱ་བཏོན་པ། གསུམ་ནི་ཏང་སྲིད་ཀྱི་འགན་འཁྲི་ལས་བགོས་ལ་གོ་བ་ཡང་དག་ལེན་པ་དང་དོན་འཁྱོལ་བྱེད་པ་དང་། ཏང་སྲིད་སྒྲིག་གཞིའི་འགན་འཁྲིའི་འབྲེལ་བ་མཐུན་སྦྱོར་བྱེད་པ། ཏང་གིས་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལག་ལེན་བསྟར་བར་འགན་ལེན་བྱེད་པ། སྒྲིག་གཞི་གཞན་དག་མཉམ་དུ་མཉམ་འགུལ་དང་འཁོར་སྐྱོད་ནུས་ལྡན་ཡོང་བའི་འགན་ལེན་བྱེད་པ་བཅས་ཀྱི་བླང་བྱ་ཁ་གསལ་བཏོན་ཡོད། སྣེ་མང་དོ་དམ་དང་འགན་འཁྲི་ཁ་ཐོར་སྣོལ་མར་ཉུང་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། བཞི་ནི་དམག་ཞབས་ཐིམས་པའི་དམག་མིའི་དོ་དམ་འགན་ལེན་སྒྲིག་གཞི་བཙུགས་ནས་ཕྱོགས་ཁག་གི་སྟོབས་ཤུགས་མཐུན་སྦྱོར་བྱས་ཏེ་དམག་ཞབས་ཐིམས་པའི་དམག་མིར་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས་པ། ལྔ་ནི་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་ཁག་གིས་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་དང་། རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཅིག་གྱུར། སྲིད་བཀའ་གཅིག་གྱུར། ཚོང་ར་གཅིག་གྱུར་བཅས་དང་འབྲེལ་བ་ཡོད་པའི་སྒྲིག་གཞིའི་འགན་ནུས་གཞི་རྩའི་ཆ་ནས་དོ་མཉམ་ཡོང་བ་བྱ་དགོས། ཐད་ཀར་གཞི་རིམ་ལ་ཁ་ཕྱོགས་པ་དང་། གྲངས་འབོར་མང་ཞིང་གཞི་ཁྱོན་ཆེ་བ། ས་གནས་ཀྱིས་སྔར་ལས་སྟབས་བདེ་ཞིང་ཕན་ནུས་ལྡན་པའི་དཔལ་འབྱོར་དང་སྤྱི་ཚོགས་དོ་དམ་གྱི་དོན་དག་ས་གནས་ལ་སྤྲོད་དགོས། ས་གནས་ཀྱིས་ཡུལ་བབ་དང་བསྟུན་ནས་སྒྲིག་གཞི་འཛུགས་ཆོག་པ་དང་འགན་ནུས་བཀོད་སྒྲིག་བྱས་ཆོག་ལ། “ཆ་གཅིག་མང”ཡང་བྱས་ཆོག     

(ལྔ) བཅོས་བསྒྱུར་གྱི་གྲུབ་འབྲས་ཁྲིམས་བཀོད་ཅན་དུ་བསྒྱུར་དགོས། ཁྲིམས་བཀོད་ཅན་དུ་འགྱུར་བར་བརྟེན་ནས་བཅོས་བསྒྱུར་གྱི་གྲུབ་འབྲས་སྲ་འགྱུར་དང་ལམ་ལུགས་ཅན་དུ་འགྱུར་བ་བྱ་རྒྱུ་ནི་ལོ་འདི་དག་རིང་བཅོས་བསྒྱུར་ལ་སྐུལ་སྤེལ་གཏོང་བའི་བྱེད་ཐབས་ལམ་ལྷོང་བྱུང་བ་ཞིག་རེད། 《ཆོད་དོན》ནང་དུ། སྒྲིག་ཁོངས་ཁྲིམས་བཀོད་ཅན་ནི་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་འགན་ལེན་གལ་ཆེན་ཞིག་ཡིན། རང་རྒྱལ་གྱི་སྒྲིག་ཁོངས་ཚད་ལྡན་ཅན་དང་ཁྲིམས་བཀོད་ཅན་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་པ་དང་སྒྲིག་ཁོངས་དོ་དམ་བྱེད་སྟངས་ལེགས་སུ་གཏོང་དགོས་པ་སོགས་ཀྱི་གནད་དོན་ལ་དམིགས་ནས《ཆོད་དོན》ནང་སྒྲིག་ཁོངས་ཁྲིམས་གཏན་འཁེལ་བའི་རང་བཞིན་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད། ཁྲིམས་ལྟར་རྩ་འཛུགས་སྒྲིག་གཞི་སྣ་ཚོགས་ལ་དོ་དམ་བྱེད་པ་དང་། སྒྲིག་གཞི། འགན་ནུས། དབང་ཚད། གོ་རིམ། འགན་འཁྲི་བཅས་ཁྲིམས་བཀོད་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་སུ་གཏོང་དགོས། གཅིག་ནི་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞིའི་ཁྲིམས་སྲོལ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྒྲིག་ཁོངས་སྐོར་གྱི་བཅའ་ཁྲིམས་ཞིབ་འཇུག་དང་གཏན་འབེབས་བྱས་ཏེ། “གཏན་འཁེལ་གསུམ”གྱི་གཏན་འབེབས་དང་དབང་གྲགས་རང་བཞིན་ཆེ་རུ་གཏོང་དགོས། སྲིད་གཞུང་སྡེ་ཚན་གྱི་དབང་འགན་རྩིས་ཁྲའི་ལམ་ལུགས་བཟོས་ནས་དབང་འགན་གསལ་ཐོ་དེ“གཏན་འཁེལ་གསུམ”གྱི་གཏན་འབེབས་དང་སྦྲེལ་མཐུད་ནུས་ལྡན་ཡོང་བ་བྱས་ཏེ་འགན་སྒྲུབ་བྱ་སྤྱོད་ཚད་ལྡན་དང་ཚོད་འཛིན་བྱེད་དགོས། གཉིས་ནི་སྒྲིག་ཁོངས་དོ་དམ་གྱི་གཅུན་སྡོམ་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཏང་གིས་སྒྲིག་ཁོངས་ལས་དོན་ལ་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒྲིག་ཁོངས་ཐོན་ཁུངས་སྣ་ཚོགས་གཅིག་གྱུར་འཆར་འགོད་དང་བེད་སྤྱོད་གཏོང་བ། སྡེ་ཚན་དབར་དང་ས་ཁུལ་དབར་སྒྲིག་ཁོངས་སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ལས་ཁུངས་ཀྱི་བཅད་གྲངས་དང་། འགོ་ཁྲིད་ཀྱི་འགན་གྲངས། སྒྲིག་ཁོངས་ཀྱི་རྣམ་གྲངས། བསྡོམས་འབོར་སོགས་ཀྱི་གཏན་འབེབས་ལག་བསྟར་ནན་པོ་བྱ་དགོས། སྒྲིག་ཁོངས་སུ་མེད་པའི་གདན་ཞུས་བཀོལ་སྤྱོད་མི་སྣར་ཚོད་འཛིན་ནན་པོ་བྱ་དགོས། གསུམ་ནས་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས་འགན་འཁྲི་བདའ་འདེད་ནན་པོ་བཏང་བ།     

4_3 གསུམ། སྒྲིག་གཞི་བཅོས་བསྒྱུར་ལ་སྐུལ་འདེད་ནུས་ལྡན་གཏོང་བར་འགན་སྲུང་ཏན་ཏིག་བྱ་དགོས།  

ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་ནི་རྒྱུད་རིམ་ལྡན་པའི་ལས་གཞི་ཞིག་ཡིན་པས། རྙོག་འཛིང་ཆེ་བ་དང་། སྒྲིག་འཛུགས་དང་ལག་བསྟར་བྱེད་པའི་དཀའ་ཁག་ཆེན་པོ་ཡོད། ང་ཚོས་ངེས་པར་དུ་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། བཅོས་བསྒྱུར་ཀྱི་ཁ་ཕྱོགས་ཡང་དག་མཐའ་འཁྱོངས། བསམ་བློ་དང་བྱ་སྤྱོད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཐོག་གཅིག་གྱུར་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ་བཅས་བྱེད་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། བཅོས་བསྒྱུར་དང་འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་འབྲེལ་བ་སྟངས་འཛིན་ཡག་པོ་བྱེད་པ། ཡིད་ཆེས་བརྟན་པོ། གོ་སྐབས་དམ་འཛིན། གཙོ་གནད་ཡོད་པའི་སྒོ་ནས་དུས་མཚམས་རང་བཞིན་གྱི་མངོན་གསལ་དོད་པའི་འགལ་བ་ཐག་གཅོད་བྱེད་པ། ལས་དོན་གཏིང་ཟབ་དང་ཞིབ་ཚགས་བཅས་བྱས་ཏེ་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་བླང་བྱ་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།     

(གཅིག) ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་རྒྱུ་ནི་མིག་སྔའི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན། ངེས་པར་དུ་བཅོས་བསྒྱུར་དང་། གོང་སྤེལ། བརྟན་ལྷིང་བཅས་ཀྱི་ཁྱོན་ཡོངས་ཁྲོད་ཀྱི་ཏང་གི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཆབ་སྲིད་ཀྱི་དགེ་མཚན་ལ་བརྟེན་ནས་བཅོས་བསྒྱུར་གལ་ཆེན་འདིར་སྣེ་ཁྲིད་དང་སྐུལ་འདེད་གཏོང་དགོས། ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་ལས་དོན་ལ་གཅིག་གྱུར་འགོ་ཁྲིད་བྱས་ཏེ་སྤྱི་འདོམས་མཐུན་སྦྱོར་དང་། སྤྱི་ཡོངས་སྐུལ་འདེད། དོན་འཁྱོལ་ལ་སྐུལ་འདེད་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ཡོད། བཅོས་བསྒྱུར་གྱི་མ་ལག་རང་བཞིན་དང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་རྒྱུའི་ལས་འགན་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ་ཏང་ཨུད་དང་སྲིད་གཞུང་གིས་བྱེད་པོའི་འགན་འཁྲི་བསྒྲུབས་ནས་འགན་འཁུར་ཕོད་པ་དང་འགན་འཁུར་ཕོད་པ་བྱེད་དགོས།

(གཉིས) ཁྲིམས་ལྟར་གོ་རིམ་ལྡན་པའི་སྒོ་ནས་བཅོས་བསྒྱུར་ཇུས་གཞི་དོན་འཁྱོལ་བྱ་དགོས། སྒྲིག་གཞི་བཅོས་བསྒྱུར་གྱི་བླང་བྱ་ཁག་ཚང་མ་བཅོས་བསྒྱུར་ཀྱི་ཇུས་གཞིའི་ཐོག་མཚོན་དགོས། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་བཅོས་བསྒྱུར་ཇུས་གཞི་དོན་འཁྱོལ་ནན་ཏན་བྱས་ཏེ་གོམ་སྟབས་མྱུར་སྤོས་ཀྱིས་བརྟན་པོ་ཡོང་བར་བྱ་དགོས། སྒྲིག་གཞི་བཅོས་བསྒྱུར་གྱི་ཇུས་གཞི་ལག་བསྟར་བྱེད་པར་བཅའ་ཁྲིམས་དང་ཁྲིམས་སྲོལ་བཟོ་བའམ་ཡང་ན་བཟོ་བཅོས་རྒྱག་དགོས་ཚེ་དུས་ཐོག་ཏུ་འབྲེལ་ཡོད་གོ་རིམ་སྤེལ་འགོ་འཛུགས་དགོས། སྡེ་ཚན་ཁག་གིས“གཏན་འཁེལ་གསུམ”སོགས་ཞིབ་ཕྲའི་ལག་བསྟར་ཇུས་གཞི་བཟོ་སྐབས་དང་ལྷག་པར་དུ་སྒྲིག་གཞིའི་འགན་ནུས་ལེགས་སྒྲིག་དང་འབྲེལ་བ་ཡོད་པའི་སྡེ་ཚན་གྱིས་སྤྱི་ཡོངས་ལ་སྣང་ཆེན་དང་རང་རྟོགས་ངང་ཀྲུང་དབྱང་གི་གཏན་འབེབས་ལ་བརྩི་སྲུང་ཞུས་ནས་སྒྲིག་གཞིའི་འགན་ནུས་སོགས་བླང་བྱ་གཞིར་བཟུང་དུས་ཐོག་ཏུ་ལེགས་སྒྲིག་དམིགས་སར་འབྱོར་བའི་འགན་ལེན་བྱེད་པ་དང་གཞན་སྒྱུར་རྩིས་སྤྲོད་རྩིས་ལེན་བྱ་རྒྱུ་དམ་འཛིན་བྱེད་པ་ལས་བབ་བསྟུན་བཅོས་བསྒྱུར་དང་བཅོས་བསྒྱུར་ནར་འགྱངས་བྱེད་མི་ཆོག ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་འོག་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྒྲིག་གཞི་བཅོས་བསྒྱུར་བྱེད་འགོ་བཙུགས་པ་དང་ཞིང་ཆེན་རིམ་པ་མན་གྱི་སྒྲིག་གཞི་བཅོས་བསྒྱུར་དེ་ཞིང་ཆེན་རིམ་པའི་སྒྲིག་གཞི་བཅོས་བསྒྱུར་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་རྗེས་སྤེལ་ཏེ་སྐས་རིམ་བཞིན་སྐུལ་འདེད་བཏང་ཡོད།     

(གསུམ) ཀྲུང་དབྱང་དང་ས་གནས་གཉིས་ཀྱི་ཧུར་སེམས་འདོན་སྤེལ་གང་ལེགས་བྱ་དགོས། རང་རྒྱལ་གྱི་མངའ་ཁོངས་རྒྱ་ཆེ་ཞིང་མི་གྲངས་མང་བ་དང་། རིམ་པ་ཁག་དང་ས་གནས་ཁག་གི་གནས་ཚུལ་ལ་ཁྱད་པར་ཆེན་པོ་ཡོད། ཕྱོགས་གཅིག་ནས་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། རྩེ་རིམ་ཇུས་འགོད་དང་སྤྱི་ཡོངས་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ། ཆ་རྐྱེན་སྨིན་པའི་ཚད་ཤུགས་བསྣན་ནས་ཐོལ་བརྒལ་ཡོང་བ་བྱེད་པ། ཆ་རྐྱེན་གནས་སྐབས་མི་འཛོམས་པའི་སྔོན་ལ་ཚོད་ལྟ་བྱེད་པ། ཁྱབ་ཁོངས་གཞན་དག་ཁག་གི་བཅོས་བསྒྱུར་དང་སྦྲེལ་མཐུད་ཡག་པོ་བྱེད་པ་བཅས་བྱས་ནས་རྒྱལ་ཡོངས་ནི་མིག་མངས་ཤིག་ཡིན་པ་དང་བྱ་སྤྱོད་གཅིག་གྱུར་ཡོང་བ་བྱེད་དགོས། ཕྱོགས་གཞན་ཞིག་ནས་ས་གནས་ཁག་གི་དོན་དངོས་ལའང་བསམ་གཞིགས་གང་ལེགས་བྱས་ཏེ་ས་གནས་ཀྱི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་སྐུལ་སློང་དང་འདོན་སྤེལ་བྱ་དགོས་པ། ས་གནས་དང་གཞི་རིམ་གྱིས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཡུལ་བབ་དང་བསྟུན་ཏེ་འཚོལ་ཞིབ་ཧུར་ཐག་བྱ་རྒྱུར་བསྔགས་སྐུལ་བྱ་དགོས། ཡོངས་ཁྱབ་ཀྱི་དོན་སྙིང་ལྡན་པའི་བྱེད་ཐབས་དག་ཉམས་མྱོང་ཕྱོགས་བསྡོམས་བྱས་ནས་དུས་ཐོག་ཏུ་རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་དགོས།     

(བཞི) ཏན་ཏིག་དང་ཞིབ་ཚགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་རྒྱུ་དེ་སྡེ་ཚན་དང་མི་སྒེར་གྱི་ཁེ་ཕན་ལེགས་སྒྲིག་དང་འབྲེལ་བ་ཡོད་པ་དང་བཅོས་བསྒྱུར་ཇུས་གཞིའི་ལས་དོན་ཕུན་སུམ་ཚོགས་པོ་ཡོད། ལ་ལ་ལེགས་སྒྲིག་བྱས་ཏེ། ཇུས་གཞི་བཏོན་རྗེས་ཀྱི་ཟླ་འགའི་ནང་ཚུན་དུ་དོན་འཁྱོལ་བྱེད་དགོས། བཅོས་བསྒྱུར་ཁ་ཤས་ལ་དུས་ཚོད་ངེས་ཅན་ཞིག་དགོས་པ་དང་། དེ་དག་ཚང་མར་ལས་ཀ་ཞིབ་ཚགས་དང་བདེན་པ་བདེན་ཐུབ་བྱ་དགོས། ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་འགོ་ཁྲིད་ཀྱི་འགན་འཁྲི་སྒྲུབ་པ་དང་། སྒྲིག་གཞི་བཅོས་བསྒྱུར་བྱེད་རིམ་དུ་ཐོན་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཞིབ་འཇུག་དང་ཐག་གཅོད་བྱེད་པ། བསམ་བློ་དང་ཆབ་སྲིད་ཀྱི་ལས་ཀར་ཤུགས་སྣོན་རྒྱག་པ། དེ་དང་འབྲེལ་བ་ཡོད་པའི་སྡེ་ཁག་དང་མི་སྒེར་ལ་ངང་རྒྱུད་རིང་ཞིང་ཞིབ་ཚགས་པའི་འགྲེལ་བཤད་ཀྱི་སློབ་གསོའི་ལས་ཀ་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། བསམ་བློ་མི་འཁྲུག་པ་དང་། དཔུང་ཁག་མི་ཐོར་བ། འཁོར་སྐྱོད་རྒྱུན་ལྡན་བཅས་ཡོང་བ་བྱ་དགོས། འབྲེལ་ཡོད་སྡེ་ཚན་གྱིས་སྤྱི་ཚོགས་ཀྱི་གླེང་ཕྱོགས་ལ་ཁྲིད་སྟོན་ཡང་དག་བྱས་ཏེ་དྲིལ་བསྒྲགས་གསལ་འགྲེལ་དང་དོགས་གནད་སེལ་རྒྱུའི་ལས་དོན་ཡག་པོ་བསྒྲུབས་ནས་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་དེ་ལས་དོན་ཁག་བརྟན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ནུས་ལྡན་གཏོང་རྒྱུའི་འགན་ལེན་བྱེད་དགོས།

5 སྤྱི་ཚོགས་ཀྱི་དཔྱད་བརྗོད།
5_1 བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་སྐབས་དེར།    

གནའ་མིའི་བཤད་རྒྱུན་ལ། གནམ་འོག་གི་བཅོས་སྐྱོང་ལ་རྒྱུ་རྐྱེན་ཡོད་ཅིང་། དུས་དང་བསྟུན་ནས་བཅོས་སྐྱོང་འོས་འཚམ་བྱེད་པ་ཙམ་ཡིན།

དུས་རབས་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ཡིན།     

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། ཀྲུང་གོའི་རྒྱལ་ཁབ་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགྱུར་ལྡོག་གཏིང་ཟབ་བྱུང་དང་འབྱུང་མུས་ཡིན་པས། རྒྱལ་སྐྱོང་སྲིད་གཉེར་གྱི་ལས་འགན་སྔར་ལས་དཀའ་ཚེགས་ཆེ་བར་གྱུར་ཡོད། དེ་དག་ཚང་མས་རྒྱལ་ཁབ་ཀྱི་སྒྲིག་གཞི་བཀོད་སྒྲིག་དང་འགན་ནུས་བཀོད་སྒྲིག་བྱེད་པར་བླང་བྱ་གསར་པ་བཏོན་ཡོད། རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་ཟབ་སྤེལ་བྱེད་ན། མ་ལག་ཆ་ཚང་དང་། ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པ། འཁོར་སྐྱོད་ལས་ཆོད་ཆེ་བ་བཅས་ཀྱི་རྒྱལ་ཁབ་ཀྱི་སྒྲིག་གཞིའི་འགན་ནུས་མ་ལག་གང་མགྱོགས་ཆགས་པར་བྱས་ཏེ། རྒྱལ་ཁབ་བཅོས་སྐྱོང་ནུས་ལྡན་དང་ཡུན་རིང་བདེ་འགོད་ཡོང་བར་བྱ་དགོས།     

འཇར་མན་གྱི《འཛམ་གླིང་ཚགས་པར》གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོར“ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ”བཅས་ཀྱི་དུས་རབས་གསར་པར་སླེབས་ཡོད། དུས་རབས་གསར་པའི་འཕེལ་རྒྱས་ལ་སྲིད་འཛིན་སྒྲིག་གཞིའི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་དགོས་པའི་ནང་བཅོས་བསྒྱུར་སྒྲིག་གཞི་བཀོད་སྒྲིག་དང་འགན་ནུས་བཀོད་སྒྲིག་ལེགས་པོ་སོགས་ཚུད་ཡོད།    

སིང་ག་ཕོར་རྒྱལ་བཙུགས་སློབ་ཆེན་ཨེ་ཤེ་ཡ་ཤར་མའི་ཞིབ་འཇུག་ཁང་གི་འགོ་འཛིན་ཀྲེང་ཡུང་ཉན་གྱིས“རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་བ་བྱ་རྒྱུ་དེ་ལམ་ལུགས་འཛུགས་སྐྱོང་ལ་རག་ལས་ཡོད།རྒྱལ་ཁབ་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ནི་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་ལམ་ལུགས་འཛུགས་སྐྱོང་གི་བྱེད་ཐབས་གལ་ཆེན་ཞིག་རེད། ཁོང་གིས་ཀྲུང་གོ་འདི་ཉིད་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་མགྱོགས་ཙམ་འགྲོ་བའི་དུས་མཚམས་སུ་གནས་ཡོད་པས་བཅོས་སྐྱོང་མ་ལག་ལེགས་སྒྲིག་བྱས་ནས་བཅོས་བསྒྱུར་དེ་དག་དང་འཚམ་པ་བྱས་ཏེ་ཐོན་ཁུངས་འཕྲོ་བརླག་མི་འགྲོ་བ་བྱེད་པ་དང་སྲིད་འཛིན་གྱི་ལས་ཕྱོད་ཆེ་རུ་གཏོང་དགོས་པའི་ངོས་འཛིན་གནང་བ་རེད།     

ཨེ་ཀྭ་ཏོར་རྒྱལ་ཁབ་མཐོ་རིམ་ཞིབ་འཇུག་ཁང་གི་ཀྲུང་གོའི་གནད་དོན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་སྨིར་ཏུན·ལེ་ཡེ་སིས་ཀྲུང་གོ་འདི་ཉིད་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་དེ་ཐོག་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་ཕྱིན་པ་མཚོན་པ་མ་ཟད། སྲིད་འཛིན་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཆུ་ཚད་ལའང་བླང་བྱ་དེ་བས་མཐོ་བ་བཏོན་ཡོད། ཀྲུང་གོས་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་དམིགས་ཚད་ཧ་ཅང་ཁ་གསལ་དང་གོ་སྐབས་ཧ་ཅང་འཚམ་པོ་ཡོད་པས་རྒྱལ་ཁབ་ཀྱི་སྒྲིག་གཞིའི་འགན་ནུས་བགོ་བཤའ་དེ་བས་ལུགས་མཐུན་ཡོང་རྒྱུ་རེད།     

ཨ་རིའི་ཕྱི་ཁོངས་ཀྲུང་གོ་བའི་ཆབ་སྲིད་དང་བཅའ་ཁྲིམས་ཀྱི་མཁས་དབང་ཀྲང་ཅུན་གྱིས་ཉེ་བའི་ལོ་ཤས་རིང་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས། “ད་ཆ་སྔར་ཡོད་ལམ་སྲོལ་གྱི་སྒྲོམ་གཞི་ལེགས་སྒྲིག་བྱས་ཏེ། རྒྱལ་ཁབ་ཀྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པའི་དུས་མཚམས་གསར་པར་སླེབས་ནས། རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་དུས་སྐབས་སླེབས་ནས་ཡོད།”

5_2 ལས་ཁུངས་ཀྱི་ལས་ཆོད་ཆེ་རུ་གཏོང་རྒྱུ་ལེགས་སྒྲིག་བྱེད་པ།  

ད་ལོ་ནི་ཀྲུང་གོས་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ40འགོར་བའི་ལོ་ཞིག་ཡིན་པ་དང་བཅོས་བསྒྱུར་སྒོ་འབྱེད་ཀྱི་བྱ་གཞག་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་ཡོད།    

བཅོས་བསྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་། ཀྲུང་གོས་ཞབས་ཞུ་ཅན་གྱི་སྲིད་གཞུང་འཛུགས་སྐྱོང་ཧུར་ཐག་དང་། དབང་ཆ་འཁོར་སྐྱོད། ལྟ་སྐུལ་མ་ལག་འཛུགས་སྐྱོང་ཧུར་ཐག་བྱས་ཏེ། སྔར་བས་དྲང་སྙོམས་དྲང་བདེན་གྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་ལམ་ལུགས་བཀོད་སྒྲིག་སྔར་བས་གསར་གཏོད་དང་རྒྱལ་ཁབ་སྒྲིག་གཞིའི་འགན་སྒྲུབ་ནུས་པ་ཆེ་རུ་བཏང་ནས་སྤྱི་ཚོགས་དོ་དམ་དང་སྤྱི་བའི་ཞབས་ཞུའི་ཆུ་ཚད་ཇེ་ལེགས་དང་སྟོབས་ཆེར་གཏོང་རྒྱུ། སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་དང་མི་དམངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུར་སྔར་བས་སྐུལ་འདེད་གཏོང་རྒྱུ་རེད།     

ལུའུ་ཐོའུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་ནས་ད་ཐེངས་ཀྱི་བཅོས་བསྒྱུར་ལས་ཀྲུང་གོའི་སྲིད་གཞུང་གི་སྒྲིག་གཞིའི་ལས་ཕྱོད་ཆེ་རུ་འགྲོ་རྒྱུ་རེད། དེ་རིང་ཨུ་རུ་སུས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་སྒྱུར་ཇུས་གཞི་དེ་སྲིད་གཞུང་གིས་རང་ངོས་ཀྱི་གྲུབ་ཆ་འཐུས་ཚང་དུ་གཏོང་བ་དང་སྲིད་འཛིན་གྱི་ལས་ཕྱོད་ཆེ་རུ་བཏང་ནས་དམངས་ཚོགས་ཀྱི་དགོས་མཁོ་དངོས་དེ་བས་ལེགས་པའི་སྒོ་ནས་སྐོང་རྒྱུར་ཕན་ཐོགས་ཡོད།     

སིང་ག་ཕོར་གྱི《མཉམ་འབྲེལ་ཞོགས་པའི་ཚགས་པར》གྱི་ཆེད་མཁས་ཅན་གྱི་ལྟ་ཚུལ་ལྟར་ན། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་རྒྱུའི་ཇུས་གཞི》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། དེ་སྔའི་སྒྲིག་གཞི་བཅོས་བསྒྱུར་དང་བསྡུར་ན། ད་ཐེངས་ཀྱི་བཅོས་བསྒྱུར་དེ་སྲིད་གཞུང་གི་སྒྲིག་གཞི་བསྡུ་སྒྲིལ་བྱ་རྒྱུ་དང་འབྲེལ་བ་ཡོད་པ་མ་ཟད། ཏང་སྲིད་སྒྲིག་གཞི་སྤྱི་འདོམས་བཀོད་སྒྲིག་བྱ་རྒྱུ་དེ་བས་ནན་བཤད་བྱེད་ཀྱི་ཡོད། དེས་ཀྲུང་གོའི་ཏང་སྲིད་ལས་ཁུངས་སྒྲིག་གཞི་ཁུ་བསྡུ་དང་འགན་ནུས་ཁ་གསལ་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུ་མ་ཟད། སྡེ་ཚན་ཁག་གི་འགན་འཁྲི་དེ་བས་ཁ་གསལ་དུ་ཕྱིན་ནས་དབང་ཆ་དང་འགན་འཁྲིར་གཡོལ་ཐུབ་རྒྱུ་རེད།     

ཨ་རིའི་ཧྲེང་ཐུའོ་མཱ་སི་སློབ་ཆེན་གྱི་ཞིའུ་སི་ཏུན་ཡན་ལག་སློབ་གྲྭའི་དགེ་རྒན་ཆེན་མོ་བ་ཆའོ་ཨེན·ཐའེ་ལེའི་ལྟ་ཚུལ་ལྟར་ན། ཀྲུང་གོས་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བར་སྒྲིག་གཞི་འཁོར་སྐྱོད་ཀྱི་ལས་ཕྱོད་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཕན་པ་ཡོད་པ་དང་ཀྲུང་དབྱང་གི་སྲིད་ཇུས་སྔར་བས་ཁྱོན་ཡོངས་དང་ནུས་ལྡན་ངང་ཁྱབ་གདལ་དང་ལག་བསྟར་བྱ་རྒྱུར་ཕན་པ་ཡོད་པའི་ངོས་འཛིན་བྱས་པ་རེད། ཀྲུང་དབྱང་དང་ས་གནས་ཀྱི་སྒྲིག་གཞིའི་དབང་ཆ་བསྐྱར་དུ་བཀོད་སྒྲིག་བྱས་ན་དོ་དམ་དེ་བས་ལུགས་མཐུན་དང་ལས་ཕྱོད་ཆེ་བ་ཡོང་རྒྱུར་ཕན་ཐོགས་ཡོད།     

མོ་ཞི་ཁོའི་རྒྱལ་བཙུགས་རང་སྐྱོང་སློབ་ཆེན་གྱི་ཀྲུང་གོའི་གནད་དོན་གྱི་ཆེད་མཁས་ཅན་དབྱི་ཀེ་ན་ཤིས་ཨའོ·ཁོའར་ཐེ་སིས་སྒྲིག་གཞི་བཅོས་བསྒྱུར་བྱས་པ་དེས། ཀྲུང་གོས་སྒྲིག་གཞི་བཀོད་སྒྲིག་དང་ལེགས་སྒྲིག འབྲེལ་ཡོད་བཅའ་ཁྲིམས་སྒྲོམ་གཞི་རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་དང་། སྲིད་གཞུང་གིས་སྔར་བས་ནུས་པ་ཆེན་པོའི་སྒོ་ནས་འགན་ནུས་འདོན་སྤེལ་བྱས་ཏེ་འབྱུང་འགྱུར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་བཅོས་སྐྱོང་གི་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུར་ཡང་ཕན་ཐོགས་ཡོད་པའི་ངོས་འཛིན་བྱས་པ་རེད།


དཔྱད་གཞིའི་ཡིག་ཆ།