གཅུང་བཙན་སྲོང་།སྔ་མའི་པར་གཞི་དེ ལ་ཁ་གནམ་ལྷ་ཚེ་རིང  ནས 2019-09-24 14:53ལ་འགྲུབ།

གཅུང་བཙན་སྲོང་།

གཅུང་བཙན་སྲོང་ནི་གནམ་རི་སྲོང་བཙན་གྱི་སྲས་གུང་སྲོང་གུང་བཙན་ཡིན་པར་འདོད་དོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
王弟赞松
ཕྱི་ཡིག་གི་མིང་།
gcung btshan srong
རིགས།
ཚིག་འགྲེལ།
1 ​རྒྱས་འགྲེལ། 

དེ་ཡང་ཏུན་ཧོང་ཡིག་ཚགསP.T.1288ལས། བཙན་པོ་གཅེན་སྲོང་རྩན་དང་། གཅུང་བཙན་སྲོང་གཉྀས་ནོལད་ནས། གཅུང་ཏ་མཁའ་སྲེགས་འཁུསྟེ། མཉལད་གྱྀ་གཟེན་དུ་གཅུང་བཙན་སྲོང་ཞུགསུ། ཞེས་གཅུང་བཙན་སྲོང་ནི་འབྲི་གུང་ཚང་གིས་གནམ་རི་སྲོང་བཙན་གྱི་སྲས་གུང་སྲོང་གུང་བཙན་འདི་ཉིད་ཡིན་ཞིང་། ཏ་མཁས་སྲེགས་ཀྱིས་འཁུས་ཏེ། མཉན་གྱི་གཟེན་དུ་གཅུང་བཙན་སྲོང་བཞུགས་སུ་གསོལ་ཞེས་བྱུང་བ་དང་། ཡང་ལྡེའུ་གསང་བ་ཕྱག་རྒྱ་ཅན་གྱི་ནང་དུ་བཙན་སྲོང་བཞུགས་དུས་ལྷོ་ཁར་རྟ་གྲིར་བཀྲོངས་ཞེས་བྱུང་བས། གུང་སྲོང་གུང་བཙན་འདི་ཉིད་ལྷོ་ཁར་རྟ་རྒོད་བཏུལ་བའི་སྐབས་དང་བསྟུན་ནས་བཀྲོངས་པར་འདོད་དོ། །

བརྡ་འགྲེལ་གདོང་འཛར།

བཙན་པོ། ལྡེའུ། གཅུང་།