བསྟན་ཁོ།སྔ་མའི་པར་གཞི་དེ སྦྱིན་པ།  ནས 2019-03-11 08:30ལ་འགྲུབ།

བསྟན་ཁོ།

བསྟན་ཁོ།
ཁོང་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གུང་ཧོ་རྫོང་དུ་སྐྱེས། ཀྲུང་གུང་ཏང་ཡོན། མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི་རབ་འབྱམས་པའི་སློབ་གཉེར་བརྒྱུད་རིམ་ལྡན་པ་རེད། ད་ལྟ་བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པའི་འགན་གཅིག་ལྕོགས་སུ་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
旦科
སྐྱེས་ལོ།
སྤྱི་ལོ1962ལོའི་ཟླ9པ།
རྒྱལ་ཁབ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
མི་རིགས།
བོད་རིགས།
སྐྱེས་ཡུལ།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་།
ཏང་ཞུགས་དུས་ཚོད།
སྤྱི་ལོ1988ལོའི་ཟླ3པ།
མཐར་ཕྱིན་སློབ་གྲྭ།
མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭ།
1 ​ངོ་སྤྲོད།

ཁོང་ནི་སྤྱི་ལོ1962ལོའི་ཟླ9བར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གུང་ཧོ་རྫོང་དུ་སྐྱེས། ཀྲུང་གུང་ཏང་ཡོན།  སྤྱི་ལོ1981ལོའི་ཟླ7པར་བྱ་བར་ཞུགས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི་རབ་འབྱམས་པའི་སློབ་གཉེར་བརྒྱུད་རིམ་ལྡན་པ་རེད། ད་ལྟ་བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པའི་འགན་གཅིག་ལྕོགས་སུ་བཞེས་ཡོད།

2 བྱ་བའི་བརྒྱུད་རིམ།

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་ཨུའི་རྒྱུན་ཨུ་དང་རྫོང་དཔོན་གཞོན་པ། རྫོང་ཨུ་ཧྲུའུ་ཅི་གཞོན་པ། རྫོང་དཔོན། ཀོས་ནན་རྫོང་ཨུ་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཚབ་མ་སོགས་ཀྱི་འགན་བཞེས་མྱོང་།

སྤྱི་ལོ2000ལོའི་ཟླ4བ་ནས2000ལོའི་ཟླ12པའི་བར།  མཚོ་བྱང་ཁུལ་ཨུ་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2000ལོའི་ཟླ12པ་ནས2001ལོའི་ཟླ4བའི་བར། མཚོ་བྱང་ཁུལ་ཨུ་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་གཞོན་པའི་འགན་བཞེས།

སྤྱི་ལོ2001ལོའི་ཟླ4པ་ནས2005ལོའི་ཟླ4པོའི་བར། མཚོ་བྱང་ཁུལ་ཨུ་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་གྱི་འགན་བཞེས།

སྤྱི་ལོ2005ལོའི་ཟླ1པ་ནས2007ལོའི་ཟླ7པའི་བར། མཚོ་བྱང་ཁུལ་ཨུ་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2007ལོའི་ཟླ7པ་ནས2010ལོའི་ཟླ6པའི་བར། མཚོ་ལྷོ་ཁུལ་ཨུ་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2010ལོའི་ཟླ6པ་ནས2012ལོའི་ཟླ5བའི་བར། ཡུལ་ཤུལ་ཁུལ་ཨུ་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2012ལོའི་ཟླ5པ་ནས2013ལོའི་ཟླ2པའི་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཡུལ་ཤུལ་ཁུལ་ཨུ་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2013ལོའི་ཟླ2པ་ནས2016ལོའི་ཟླ10པའི་བར།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2016ལོའི་ཟླ10པ་ནས2017ལོའི་ཟླ1པོའི་བར། བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2017ལོའི་ཟླ1པོ་ནས་ད་ལྟའི་བར། བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པའི་འགན་བཞེས་ཀྱིན་ཡོད།

སྐབས་བཅུ་བདུན་པ་དང་བཅོ་བརྒྱད་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན།  སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན།

3 བསྐོ་འཐེན་གནས་ཚུལ།

སྤྱི་ལོ2018ལོའི་ཟླ1པོའི་ཚེས29ཉིན་སྲིད་གྲོས་བོད་རང་སྐྱོང་ལྗོངས་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་བསྟན་ཁོ་ལགས་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པར་བདམས།

དཔྱད་གཞིའི་ཡིག་ཆ།