ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པ།སྔ་མའི་པར་གཞི་དེ སྦྱིན་པ།  ནས 2019-03-11 09:05ལ་འགྲུབ།

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པ།

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པ།
ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པ་ནི། སྐྱེ་རྒུ་གྲོང་རྡལ་བྱ་ཤུལ་ཁོག་ཏུ་ཆགས་ཡོད། སྤྱི་ལོ༢༠༡༠ལོའི་ཡུལ་ཤུལ་ས་ཡོམ་རྗེས་སུ། ཀྲུང་གོའི་རྒྱ་གྲམ་དམར་པོས་སྔ་ཕྱིར་སྤྱི་ཚོགས་ལས་རིགས་ཁག་གི་བྱམས་ལྡན་མི་སྣ་རྣམས་ལས་རོགས་སྐྱོར་མ་དངུལ་སྒོར་ཁྲི༡༣༣༨༥བསྡུས་ཏེ། ཁུལ་ཡོངས་ཀྱི་སློབ་གསོའི་འཆར་གཞི་ནང་བཞིན་གསར་དུ་བཙུགས་པའི་བཅའ་སྡོད་ལམ་ལུགས་ཀྱི་མི་རིགས་མཐོ་རིམ་སློབ་འབྲིང་ཞིག་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པ།
རྒྱ་ཡིག་གི་མིང་།
玉树藏族自治州第二民族高级中学
དབྱིན་ཡིག་གི་མིང་།
NO.2 nationalities high school of Yushu prefecture
གནས་ཡུལ།
ཁམས་སྐྱེ་དགུ་མདོ།
བཙུགས་ལོ།
2012
རིགས་དབྱེ།
གཞུང་བཙུགས་སློབ་གྲྭ།
གཙོ་གཉེར་སྡེ་ཁག
ཡུལ་ཤུལ་ཁུལ་སློབ་གསོ་ལས་ཁུངས།
1 གནས་ཚུལ་མདོར་བསྡུས།

.jpg

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པ་ནི། སྐྱེ་རྒུ་གྲོང་རྡལ་བྱ་ཤུལ་ཁོག་ཏུ་ཆགས་ཡོད། སྤྱི་ལོ༢༠༡༠ལོའི་ཡུལ་ཤུལ་ས་ཡོམ་རྗེས་སུ། ཀྲུང་གོའི་རྒྱ་གྲམ་དམར་པོས་སྔ་ཕྱིར་སྤྱི་ཚོགས་ལས་རིགས་ཁག་གི་བྱམས་ལྡན་མི་སྣ་རྣམས་ལས་རོགས་སྐྱོར་མ་དངུལ་སྒོར་ཁྲི༡༣༣༨༥བསྡུས་ཏེ། ཁུལ་ཡོངས་ཀྱི་སློབ་གསོའི་འཆར་གཞི་ནང་བཞིན་གསར་དུ་བཙུགས་པའི་བཅའ་སྡོད་ལམ་ལུགས་ཀྱི་མི་རིགས་མཐོ་རིམ་སློབ་འབྲིང་ཞིག་ཡིན།

སློབ་གྲྭའི་སྤྱིའི་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ༣༩༨༠༠ཡོད་པ་ལས་སློབ་ཁྲིད་སྡིངས་ཀ་དང་གཞུང་དོན་ལས་ཤག རྩལ་སྦྱོང་ར་བ། སྣ་འཛོམས་ཁང་བརྩེགས་སོགས་ཀྱི་འཛུགས་བསྐྲུན་གཞི་རྒྱ་ལ་རྨི་གྲུ་བཞི་མ༣༦༦༩༩ལྷག་ཡོད། དེ་རུ་འཛིན་གྲྭ༦༠ལ་སློབ་མ༢༧༠༠ཡིས་སློབ་སྦྱོང་དང་འཚོ་བ་རོལ་ཆོག་པའི་ཆ་རྐྱེན་འཛོམས། དེ་དག་ལས་སློབ་ཁྲིད་སྡིངས་ཀ་ཁང་བརྩེགས་བཞི་དང་། བྱེད་ནུས་སྣ་འཛོམས་ཁང་བརྩེགས་གཉིས། སློབ་མའི་ཉལ་ཁང་ཁང་བརྩེགས་བཞི། དགེ་རྒན་གྱི་ཉལ་ཁང་ཁང་བརྩེགས་གཅིག གཞན་ཡང་རྐང་གྲུག་ར་བ་གཅིག་དང་གཟེབ་གྲུག་ར་བ་གཉིས་བཅས་ཡོད་པ་མ་ཟད། སློབ་ཁྲིད་མཁོ་ཆས་ཀྱི་ཆ་ནས་ཀྱང་། རྩིས་དངོས་རྫས་གསུམ་གྱི་དངོས་བརྟག་སློབ་ཁང་༡༣དང་། རྩིས་འཁོར་སློབ་ཁང་༣། སྐད་སྒྲའི་སློབ་ཁང་༤། གློག་རྡུལ་ལྟ་ཀློག་ཁང་༡། མཛེས་རྩལ་སློབ་ཁང༡། རོལ་དབྱངས་སློབ་ཁང་༡། སྒྲ་ལེན་རྒྱང་སྒྲོག་སློབ་ཁང༢། དཔེ་མཛོད་ཁང་༡། རིག་གཞུང་སྙན་ཞུའི་ཚོམས་ཆེན༡། ཚོགས་ར༡བཅས་ཆ་རྐྱེན་ཕུན་སུམ་ཚོགས་ཤིང་བྱེད་ནུས་འཛོམས་པོ་ཡོད།

༢༠༡༤ལོར་མཚོ་སྔོན་རྒྱ་གྲམ་དམར་པོ་ཚོགས་པས་ངེད་སློབ་གྲྭར་བོད་ཡིག་དཔེ་མཛོད་ཁང་བཞེངས་བསྐྲུན་གྱི་ཐེབས་དངུལ་ཁྲི༦༠ལྷག་གི་བཏང་བ་དང་། སྦྱིན་པ་བྱམས་བརྩེ་ཐེབས་རྩ་ཚོགས་པས་ཐེབས་དངུལ་བཏང་སྟེ་སློབ་རའི་སྨན་བཅོས་ཁང་བཙུགས་པ་མ་ཟད། ཡོ་ཆས་ཀྱང་རྒྱུན་མཁོའི་སྨན་རིགས་དང་བརྟག་དཔྱད་འཕྲུལ་ཆས་སྣ་ཚོགས་མཁོ་སྤྲོད་བྱས། ༢༠༡༦ལོར་ཕྱོགས་མང་པོའི་མ་དངུལ་བསྡུ་རུབ་ལ་བརྟེན་ནས་གེ་སར་རིག་གནས་ཁང་བཞེངས་བསྐྲུན་ལེགས་འགྲུབ་བྱུང་།

ངེད་སློབ་གྲྭ་ནི་བཅས་སྡོད་ལམ་ལུགས་ཀྱི་མཐོ་རིམ་སློབ་འབྲིང་ཞིག་ཡིན་པའི་ཆ་ནས། སློབ་མའི་ཐོན་ཁུངས་གཙོ་བོ་རྫོང་ཁག་ལྔ་དང་གྲོང་ཁྱེར་གཅིག་གི་འབྲོག་པ་དམངས་ཚོགས་ཀྱི་བུ་རྒྱུད་རྣམས་ཡིན། ༢༠༡༢ལོའི་ཟླ༩བར་སློབ་གྲྭ་ལེགས་འགྲུབ་བྱུང་སྟེ། ཚེས་༡༨ཉིན་ནས་བཟུང་དངོས་སུ་སློབ་མ་བསྡུས་ཤིང་སློབ་ཁྲིད་བྱ་བའི་མགོ་བརྩམས། གོང་རིམ་དབུ་ཁྲིད་རྣམས་ཀྱི་ཐུགས་ཁུར་དང་སྤྱི་ཚོགས་ལས་རིགས་ཁག་གི་རམ་འདེགས། སློབ་གྲྭའི་དགེ་བཟོ་བ་ཡོངས་ཀྱི་དཀའ་སྤྱད་འབད་བརྩོན་བཅས་ལ་བརྟེན་ནས། སྦྱིན་པ་དང་ཚུལ་ཁྲིམས། བཟོད་པ་དང་བརྩོན་འགྲུས། བསམ་གཏན་དང་ཤེས་རབ་བཅས་ཀྱི་དགོངས་དོན་རྒྱ་ཆེན་པོ་ཉིད་ད་ལྟའི་སློབ་གསོའི་གནས་བབ་དང་བསྟུན་པའི་སློབ་སྒྲུབ་དགོངས་གཞི་རུ་བཟུང་ཞིང་། ལོ་ངོ་གཅིག་རིང་ལ་རྨང་འདིང་ཞིང་། བགྲང་བྱ་གསུམ་རིང་གྲུབ་འབྲས་མངོན། ལོ་ལྔའི་དུས་སུ་མཐོ་རླབས་བསྙེག་རྒྱུའི་བྱ་བའི་དམིགས་འབེན་བཞག་སྟེ། མི་རིགས་སློབ་གསོའི་བྱ་གཞག་ལ་རང་ནུས་གང་ཡོད་འདོན་བཞིན་ཡོད།

.jpg

ད་ལྟ་སློབ་གྲྭ་ཡོངས་ལ་བསྡོམས་པས་སློབ་མ༢༤༠༠ལྷག་ཡོད་པ་དང་། འཛིན་གྲྭ༥༠ཡོད། དགེ་བཟོ་བ༢༡༠ཡོད་པ་ལས་ཆེད་བསྐོས་དགེ་རྒན་༡༦༢དང་། ལས་བཟོ་བ༣དང་། གནས་སྐབས་གླས་པའི་ལས་བྱེད་མི་སྣ༤༥བཅས་ཡོད།

རང་བྱུང་ས་ཡོམ་གནོད་འཚེ་ཡི་རྗེས་ནས་གསར་དུ་བཙུགས་པའི་སློབ་གྲྭ་འདི་ཉིད་ནི། སྤྱི་ཚོགས་ལས་རིགས་ཁག་གི་བྱམས་ལྡན་མི་སྣའི་བྱམས་བརྩེ་དང་རོགས་སྐྱོར་འོག་ནས་ལེགས་འགྲུབ་བྱུང་བ་ཡིན་ཕྱིར། ངེད་སློབ་གྲྭའི་འདས་དོན་གྱི་ཤོག་ངོས་རེ་རེ་ལས། ཏང་དང་རྒྱལ་ཁབ། སྤྱི་ཚོགས་ལས་རིགས་ཁག་གི་བྱམས་ལྡན་མི་སྣའི་བྱས་པ་ཤེས་ཤིང་དྲིན་དུ་གོ་བ་དང་། དྲིན་གཟོའི་ཚུལ་གྱིས་སློབ་གསོའི་ལས་དོན་ལ་འབད་བརྩོན་ལྷོད་མེད་གནང་བཞིན་པའི་ཡུལ་ཤུལ་སློབ་གསོའི་རྣམ་པ་ཉིང་བསྡུས་ཀྱིས་མཚོན་ཐུབ་ཅིང་། བགྲང་ཡས་སློབ་མའི་ཚོགས་ཀྱིས་ཕུགས་བསམ་གྱི་ལམ་བུ་སྙེགས་པའི་མཛེས་སྡུག་གི་ལེའུ་རེ་རེའང་མངོན་ཐུབ། སློབ་གྲྭའི་རྒྱ་ཆེའི་དགེ་བཟོ་བ་ཡོངས་ཀྱིས་སྔར་མུས་བཞིན་མཐུན་སྒྲིལ་དང་འབད་བརྩོན་སྒོས་གཙང་གསུམ་འབྱུང་ཡུལ་གྱི་དེང་རབས་ཁྱད་ཆོས་འཛོམས་པའི་སློབ་གྲྭ་ཞིག་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་འདོད་བློ་དང་མཐུན་ཞིང་ཡིད་ཚིམས་ནུས་པའི་ཕུལ་བྱུང་སློབ་གྲྭ་ཞིག་ཏུ་བརྩོན་ལེན་བྱེད་ངེས་ཡིན།

.jpg

2 སློབ་གཙོའི་ཞལ་གདམས།

ལྷག་བསམ་རྣམ་པར་དག་པའི་ཀུན་སློང་གིས། །

གཞན་གྱི་ཡོན་ཏན་ཆུང་ངུའང་ལྷུར་བླངས་ནས། །

ལྷོད་མེད་བརྩོན་འགྲུས་ཆེན་པོས་སྒྲུབ་ནུས་ན། །

གང་བརྩམས་ལས་རྣམས་ཡིད་བཞིན་འགྲུབ་པར་ངེས། །

སློབ་གཙོ་དབང་འདུས།

3 སློབ་སྒྲུབ་དགོངས་གཞི།

སྦྱིན་པ།

བྱང་ཆུབ་འདོད་པས་ལུས་ཀྱང་གཏང་དགོས་ན། །ཕྱི་རོལ་དངོས་པོ་རྣམས་ལ་སྨོས་ཅི་དགོས། །དེ་ཕྱིར་ལན་དང་རྣམ་སྨིན་མི་རེ་བའི། །སྦྱིན་པ་གཏོང་བ་རྒྱལ་སྲས་ལག་ལེན་ཡིན། །

ཚུལ་ཁྲིམས།

ཚུལ་ཁྲིམས་མེད་པར་རང་དོན་མི་འགྲུབ་ན། །གཞན་དོན་སྒྲུབ་པར་འདོད་པ་གད་མོའི་གནས། །དེ་ཕྱིར་སྲིད་པའི་འདུན་པ་མེད་པ་ཡིས། །ཚུལ་ཁྲིམས་བསྲུང་བ་རྒྱལ་སྲས་ལག་ལེན་ཡིན། །

བཟོད་པ།

དགེ་བའི་ལོངས་སྤྱོད་འདོད་པའི་རྒྱལ་སྲས་ལ། །གནོད་བྱེད་ཐབས་ཅད་རིན་ཆེན་གཏེར་དང་མཚུངས། །དེ་ཕྱིར་ཀུན་ལ་ཞེ་འགྲས་མེད་པ་ཡི། །བཟོད་པ་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན། །

བརྩོན་འགྲུས།

རང་དོན་འབའ་ཞིག་སྒྲུབ་པའི་ཉན་རང་ཡང་། །མགོ་ལ་མེ་ཤོར་བཟློག་ལྟར་བརྩོན་མཐོང་ན། །འགྲོ་ཀུན་དོན་དུ་ཡོན་ཏན་འབྱུང་གནས་ཀྱི། །བརྩོན་འགྲུས་རྩོམ་པ་རྒྱལ་སྲས་ལག་ལེན་ཡིན། །

བསམ་གཏན།

ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །གཟུགས་མེད་བཞི་ལས་ཡང་དག་འདས་པ་ཡི། །བསམ་གཏན་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན། །

ཤེས་རབ།

ཤེས་རབ་མེད་ན་ཕ་རོལ་ཕྱིན་ལྔ་ཡིས། །རྫོགས་པའི་བྱང་ཆུབ་ཐོབ་པར་མི་ནུས་པས། །ཐབས་དང་ལྡན་ཞིང་འཁོར་གསུམ་མི་རྟོག་པའི། །ཤེས་རབ་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན། །

4 འཕེལ་རྒྱས་དམིགས་འབེན།

གཅིག བྱ་བའི་གཙོ་གནད་འབུར་ཐོན་གྱིས་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་བསྙེག་རྒྱུ།

གཉིས། བཟོ་བསྐྲུན་ཆེན་པོ་གཉིས་ལག་བསྟར་སྒོས་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཚོལ་བ།

གསུམ། དགེ་རྒན་གྱི་དཔུང་སྡེ་འཛུགས་བསྐྲུན་ལ་ཤུགས་སྣོན་བྱས་ཏེ་སློབ་གསོའི་ཆུ་ཚད་གོང་དུ་སྤེལ་བ།

བཞི། ཀུན་སྤྱོད་སློབ་གསོ་གཙོར་བྱས་ཏེ་སྤུས་ཚད་མཐོ་ཞིང་འཇོན་ནུས་ཅན་གྱི་མི་སྣ་བསྐྱེད་སྲིང་བྱེད་རྒྱུ།

ལྔ། ཚན་རིག་གི་དོ་དམ་ལ་བརྟེན་ནས་ཕུལ་དུ་བྱུང་བའི་སྟེགས་བུ་བསྐྲུན་རྒྱུ།

དྲུག སློབ་མ་དགེ་རྒན་ཁྱིམ་བདག་གསུམ་གྱི་བློར་འབབ་པའི༼ཡིད་འབབ་རྣམ་པ་གསུམ༽གྱི་རྨང་གཞི་བསྐྲུན་རྒྱུ།

བདུན། ཟ་ཁང་གིས་སློབ་ཁང་ལ་ཁག་ཐེག་བྱེད་པའི་འདུ་ཤེས་ལག་བསྟར་དོན་འཁྱོལ་སྒོས་རྒྱབ་ཕྱོགས་མཁོ་སྒྲུབ་ལས་དོན་སྤུས་ཚད་སློབ་གསོའི་གྲས་སུ་བརྩི་རྒྱུ།

ང་ཚོས་འཆར་གཞི་ནང་བཞིན་ལག་བསྟར་དང་། དམིགས་འབེན་ནང་བཞིན་འབད་འབུངས་བྱས་ཏེ། སློབ་གྲྭ་འདི་ཉིད་ཁོར་ཡུག་མཛེས་ཤིང་གཙང་ལ། དོ་དམ་ལེགས་ཤིང་ཚད་ལྡན་ཡིན་པ། དགེ་རྒན་གྱི་དཔུང་སྡེའི་རྨང་བཙན་པ། ཐུན་མིན་གྱི་སློབ་སྒྲུབ་ཁྱད་ཆོས་འཛོམས་པའི་སློབ་གྲྭ་བཟང་པོ་ཞིག་ཏུ་བརྩོན་ལེན་བྱེད་ངེས་ཡིན། །

.jpg