རོང་བོ་དགོན་ཆེན་མཆོད་སྤྲིན་བདུག་སྤོས།སྔ་མའི་པར་གཞི་དེ མཐོ་སྒང་གི་མེལ་ཚེ།  ནས 2019-06-10 08:29ལ་འགྲུབ།

རོང་བོ་དགོན་ཆེན་མཆོད་སྤྲིན་བདུག་སྤོས།

རོང་བོ་དགོན་ཆེན་མཆོད་སྤྲིན་བདུག་སྤོས།
བོད་མི་རིགས་ཀྱི་རིག་གནས་ཆེ་བ་ལྔའི་ཡ་གྱལ་བཟོ་བ་རིག་པ་དང་གསོ་བ་རིག་པའི་གཞུང་ལུགས་ལས་ཇི་ལྟར་འབྱུང་བ་གཞི་བྱས་ཤིང་། སྔོན་བྱོན་མཁས་དབང་རིམ་བྱོན་ནས་བརྒྱུད་པའི་མན་ངག་ད་ལྟའི་བར་གནས་པའི་སྤོས་སྦྱོར་མང་པོའི་ཉིང་བཅུད་ཕྱོགས་གཅིག་ཏུ་བསྡུས་ཏེ། རང་དགོན་པའི་བླ་མ་དགེ་བའི་བཤེས་གཉེན་དག་གི་ཕྱག་ལེན་ཉམས་མྱོང་མཐོང་རྒྱུད་བཅས་ཀྱིས་ཟུར་བརྒྱན་ནས་སྦྱོར་བཟོ་བྱས་པའི་མཆོག་གྱུར་བདུག་སྤོས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
རོང་བོ་དགོན་ཆེན་མཆོད་སྤྲིན་བདུག་སྤོས།
དབྱིན་ཡིག་གི་མིང་།
Rong po monastery Offering Incense
རྒྱ་ཡིག་གི་མིང་།
隆务大寺供养藏香
ཐོན་སྐྱེལ་ས་གནས།
མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རོང་བོ་དགོན་ཆེན་བོད་སྤོས་བཟོ་གྲྭ།
1 རོང་བོ་དགོན་ཆེན་མཆོད་སྤྲིན་བདུག་སྤོས།

བོད་མི་རིགས་ཀྱི་རིག་གནས་ཆེ་བ་ལྔའི་ཡ་གྱལ་བཟོ་བ་རིག་པ་དང་གསོ་བ་རིག་པའི་གཞུང་ལུགས་ལས་ཇི་ལྟར་འབྱུང་བ་གཞི་བྱས་ཤིང་། སྔོན་བྱོན་མཁས་དབང་རིམ་བྱོན་ནས་བརྒྱུད་པའི་མན་ངག་ད་ལྟའི་བར་གནས་པའི་སྤོས་སྦྱོར་མང་པོའི་ཉིང་བཅུད་ཕྱོགས་གཅིག་ཏུ་བསྡུས་ཏེ། རང་དགོན་པའི་བླ་མ་དགེ་བའི་བཤེས་གཉེན་དག་གི་ཕྱག་ལེན་ཉམས་མྱོང་མཐོང་རྒྱུད་བཅས་ཀྱིས་ཟུར་བརྒྱན་ནས་སྦྱོར་བཟོ་བྱས་པའི་མཆོག་གྱུར་བདུག་སྤོས་ཤིག་ཡིན། 

2 སྦྱོར་བ།

ཙན་དན་དཀར་དམར་དང་། གུར་ཀུམ། ནཱ་གི གུ་གུལ་ནག་པོ། ཨར་དཀར། ཨར་ནག སྤང་སྤོས་སོགས་གཙོ་བྱས་པའི་མཐོ་སྒང་གི་ལྷན་སྐྱེས་དྲི་ལྡན་ཉི་ཤུ་ལྷག་སྦྱོར་སྣོན་མཛད་ནས་གྲུབ་པ་ཡིན། 

3 ཕན་ནུས།

ལྷ་ཁང་དང་གནས་ཁང་སོགས་སུ་རྒྱུན་འབུལ་བྱས་ན།  བླ་མ་དཀོན་མཆོག་དང་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་མཉེས་པ་དང་། གདོན་བགེགས་སྤྲོད་ཅིང་བར་ཆད་ཞི་བ། གོས་གྲིབ་ཟས་གྲིབ་སོགས་གྲིབ་རིགས་སེལ་བ། འགོས་ནད་སོགས་ནད་རིགས་སྣ་ཚོགས་སེལ་བ། ལུས་ཀྱི་འབྱུང་ཁམས་བདེ་ཞིང་དབང་པོ་གསལ་བ། ཕོངས་པ་སེལ་ཤིང་དཔལ་ཡོན་འཕེལ་བ། ཚེ་བསོད་རྒྱས་ཤིང་གྲགས་སྙན་དར་བ། ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་དག་པ་སོགས་ཀྱི་ཕན་ནུས་མཆོག་གྱུར་ལྡན། 

4 ཐོན་སྐྱེལ་ལས་གཉེར།

མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རོང་བོ་དགོན་ཆེན་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་།

5 ཐོན་སྐྱེལ་ས་གནས།

མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རོང་བོ་དགོན་ཆེན་བོད་སྤོས་བཟོ་གྲྭ།