དབུས་རྒྱུད་ས་ཁུལ།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2019-02-27 08:43ལ་འགྲུབ།

དབུས་རྒྱུད་ས་ཁུལ།

དབུས་རྒྱུད་ས་ཁུལ།
དབུས་རྒྱུད་ས་ཁུལ་ནི་ཀྲུང་གོའི་དཀྱིལ་དབུས་སུ་གནས་ཡོད་ཅིང་། ཤར་རྒྱུད་ཀྱི་དཔལ་འབྱོར་མུ་མཐུད་དུ་གོང་འཕེལ་དུ་འགྲོ་དགོས་ན་ངེས་པར་དུ་དབུས་རྒྱུད་ཀྱི་མ་བཅོས་རྒྱུ་ཆར་བརྟེན་དགོས་ཤིང་། དབུས་རྒྱུད་ལ་ཤར་རྒྱུད་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་དགེ་མཚན་ཆེན་པོ་ལྡན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
དབུས་རྒྱུད་ས་ཁུལ།
རྒྱ་ཡིག་གི་མིང་།
中间地带
ཁོངས་གཏོགས།
ས་ཁམས།
རིགས་དབྱེ།
ས་རྒྱུས།
1 ​ངོ་སྤྲོད།

དབུས་རྒྱུད་ས་ཁུལ་ནི་ཀྲུང་གོའི་དཀྱིལ་དབུས་སུ་གནས་ཡོད་ཅིང་། ཤར་རྒྱུད་ཀྱི་དཔལ་འབྱོར་མུ་མཐུད་དུ་གོང་འཕེལ་དུ་འགྲོ་དགོས་ན་ངེས་པར་དུ་དབུས་རྒྱུད་ཀྱི་མ་བཅོས་རྒྱུ་ཆར་བརྟེན་དགོས་ཤིང་། དབུས་རྒྱུད་ལ་ཤར་རྒྱུད་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་དགེ་མཚན་ཆེན་པོ་ལྡན།

2 ཁྱབ་ཁོངས།

དབུས་རྒྱུད་ལ་ཧའེ་ལུང་ཅང་ཞིང་ཆེན་དང་། ཅི་ལིན་ཞིང་ཆེན། ནང་སོག་རང་སྐྱོང་ལྗོངས། ཧྲན་ཞི་ཞིང་ཆེན། ཧའོ་ནན་ཞིང་ཆེན། ཨན་ཧུའེ་ཞིང་ཆེན། ཅང་ཞི་ཞིང་ཆེན། ཧུའུ་པེ་ཞིང་ཆེན། ཧུའུ་ནན་ཞིང་ཆེན་སོགས་ཞིང་ཆེན་རིམ་པའི་སྲིད་འཛིན9ཡོད།

3 དབུས་རྒྱུད་ཀྱི་དགེ་མཚན།

1.ནུས་ཁུངས་དང་གཏེར་ཁའི་ཐོན་ཁུངས་ཕྱོགས་ནས་མངོན་གསལ་གྱི་ལེགས་ཆ་ལྡན་པ།

2.བྱང་ཤར་ཁུལ་དུ་རང་རྒྱལ་གྱི་ཆེས་ཆེ་བའི་རང་བྱུང་ནགས་ཚལ་ཡོད་པ།

3.ལྕི་བའི་བཟོ་ལས་དར་རྒྱས་ཆེ་བ།

4 དཔལ་འབྱོར་འཕེལ་རྒྱས་ཁྲོད་གནས་པའི་གནད་དོན།

1.ལྕགས་ལམ་སྐྱེལ་འདྲེན་གྱི་ནུས་པ་ཞན་པས་ཧྲན་ཞིའི་རྡོ་སོལ་ཕྱིར་སྐྱེལ་བའི་དགོས་མཁོ་སྐོང་མི་ཐུབ་པ།

2.ས་སེར་མཐོ་སྒང་གི་ས་ཆུ་འབོར་ཆེན་ཤོར་བ།

3.རྨ་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་གྲམ་པར་བྱེ་མ་བསགས་ནས་ཇེ་མཐོར་གྱུར་བ།

4.བྱང་ཤར་ས་ཁུལ་གྱི་ནགས་ཚལ་བཅད་པ་ཚད་ལས་བརྒལ་བ།

5.འབྲི་ཆུའི་བར་རྒྱུད་ཀྱི་ཆུ་ལོག་དང་ཞོད་སྐྱོན་ཚབ་ཆེ་བ།

5 དོ་སྣང་བྱེད་ཡུལ།

1.ཐོན་ཁུངས་ཀྱི་ལེགས་ཆ་བེད་སྤྱོད་པ་དང་། ནུས་ཁུངས་འཕེལ་རྒྱས་དང་ཇེ་མགྱོགས་སུ་གཏོང་བ།

2.སྟོབས་ཤུགས་ཆེན་པོས་ཞིང་ལས་འཕེལ་རྒྱས་སུ་གཏོང་བ།

3.ཤར་ནས་དབུས་ཀྱི་སྐྱེལ་འདྲེན་ལམ་ཆེན་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ།

4.གཙང་བོ་དང་ཆུ་བོ་ཆེན་པོ། མཚེའུ་བཅས་བཅོས་བསྒྱུར་ལེགས་པོ་བྱེད་པ།