ཁོར་ཡུག་ལྟོས་བྱུང་སྨྲ་བ།སྔ་མའི་པར་གཞི་དེ བོན་སྐོར་པད་མ་རྒྱལ།  ནས 2019-03-01 10:07ལ་འགྲུབ།

ཁོར་ཡུག་ལྟོས་བྱུང་སྨྲ་བ།

ཁོར་ཡུག་ལྟོས་བྱུང་སྨྲ་བ།
ལྟ་བ་འདི་ནི་དུས་རབས་ཉི་ཤུ་བའི་ལོ་རབས་དྲུག་ཅུ་བའི་རྗེས་སུ་བྱུང་བ་ཞིག་སྟེ། གཙོ་བོ་འགྲོ་བ་མིའི་རིགས་དང་ཁོར་ཡུག་བར་གྱི་འབྲེལ་བ་ཐག་གཅོད་བྱེད་པའི་སྐྱེ་ཁམས་ཁོར་ཡུག་ཞིབ་འཇུག་གི་གཞུང་ལུགས་གལ་ཆེན་ཞིག་ཡིན།
1 ངོ་སྤྲོད།

ལྟ་བ་འདི་དུས་རབས་ཉི་ཤུ་བའི་ལོ་རབས་དྲུག་ཅུ་བའི་རྗེས་སུ་བྱུང་བ་ཞིག་སྟེ། ཁོར་ཡུག་དང་མིའི་རིགས་འབྲེལ་བའི་ཁྲོད་འགྲོ་བ་མི་ཡི་རྒྱུ་རྐྱེན་ལ་ཞིབ་འཇུག་བྱེད་པ་དེ་གལ་ཆེན་དུ་འཛིན་ཞིང་། ལྷག་པར་དུ་འགྲོ་བ་མིའི་སེམས་ཁམས་རྒྱུ་རྐྱེན་ལ་ཞིབ་འཇུག་གཙོ་བོར་བྱེད། རིག་གནས་ཀྱིས་མི་སྒེར་དང་ཚོགས་པ་གང་ཞིག་གི་རིན་ཐང་མ་ལག་ཐག་གཅོད་པ་དང་། དེ་ནས་ཕྱིར་ལྡོག་སྟེ་འགྲོ་བ་མིས་ཁོར་ཡུག་ལ་སེམས་ཁམས་གདེང་འཇོག་བྱེད་པ་དེར་ཤུགས་རྐྱེན་བཟོ་ལ། མིའི་རིགས་བྱ་སྤྱོད་ཀྱི་ཀུན་སློང་ལདབང་བསྒྱུར་བ་ཡིན། དེའི་སྟབས་ཀྱིས་ཁོར་ཡུག་ལྟོས་བྱུང་སྨྲ་འདིར་རང་སྣང་རིང་ལུགས་ཀྱི་ཁ་དོག་ངེས་ཅན་ཞིག་ལྡན་པ་ཡིན། དཔེར་ན། རིག་གནས་མི་འདྲ་བས་ཁོར་ཡུག་གི་རང་བྱུང་ཐོན་ཁུངས་ཐད་ལ་བཅངས་པའི་རྣམ་འགྱུར་མི་འདྲ་ཞིང་། ཁོར་ཡུག་འདྲ་ནའང་རིག་གནས་མི་འདྲ་བའི་མིའི་རིགས་ཀྱི་རྣམ་འགྱུར་ནི་འདྲ་མིན་ཐ་དད་ཡིན་ནོ། །