ཁོར་ཡུག་ཐག་གཅོད་སྨྲ་བ་དུས་ཡུན་ངེས་ཅན་ཞིག་ལ་དར་འཕེལ་བྱུང་རྗེས། མཁས་པ་ལ་ལས་ལྟ་བ་དེར་ཞན་ཆ་གསབ་ཐབས་མེད་པ་ཞིག་ལྡན་པ་རྟོགས་པ་སྟེ། དེ་ནི་འགྲོ་བ་མིའི་རིགས་ཀྱི་སྟོབས་ཤུགས་སྣང་མེད་དུ་བཞག་པ་སྟེ་མིའི་རིགས་ཀྱི་སྤྱི་ཚོགས་རྒྱུ་རྐྱེན་ལ་མཐོང་ཆུང་བྱས་པ་དེའོ།། དཔེར་ན་མིའི་རིགས་རིག་པ་སྨྲ་མཁན་མ་ལེ་ཐེ་ལགས་ཀྱིས་ལྟ་བ་ལྟར་ན། མིའི་རིགས་ནི་རང་བྱུང་ཁམས་ཀྱིས་གང་འདོད་དུ་བསྒྱུར་བཀོད་བྱེད་པའི་སྲོག་ཆགས་ཤིག་མ་ཡིན་ཏེ། དེའི་འགུལ་སྐྱོད་ནི་ཁོར་ཡུག་གིས་ཐད་ཀར་ཐག་གཅོད་པ་ཞིག་མ་ཡིན་པར་འདོད། རང་བྱུང་ཁོར་ཡུག་གིས་མིའི་རིགས་ཀྱི་འགུལ་སྐྱོད་ལ་རྣམ་པ་མང་པོ་ཞིག་ཏུ་འགྱུར་སྲིད་པའི་ཁོར་ཡུག་མཁོ་སྤྲོད་བྱས་ནའང་། མིའི་རིགས་ཀྱིས་རང་བྱུང་ཁོར་ཡུག་ཁྲོད་དུ་སྤྱད་པའི་རྣམ་པ་ནི་རིགས་པས་གདམ་གསེས་བརྒྱུད་པའི་འབྲས་བུ་སྟེ། གདམ་གསེས་འདིའི་རིགས་ལ་ཁོར་ཡུག་གི་ཤུགས་རྐྱེན་ཐེབས་སྲིད་ལ། དེ་ནི་མིའི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱས་པའི་འབྲས་བུའང་ཡིན་པར་འདོད་དོ། །