སྤྱི་ཁོག་དང་ཕྲ་མཐོང་།སྔ་མའི་པར་གཞི་དེ བོན་སྐོར་པད་མ་རྒྱལ།  ནས 2019-01-23 16:27ལ་འགྲུབ།

སྤྱི་ཁོག་དང་ཕྲ་མཐོང་།

སྤྱི་ཁོག་དང་ཕྲ་མཐོང་།
དེ་ཡང་སྤྱི་ཁོག་དང་ཕྲ་མཐོང་ཞེས་པ་ནི་རྟོག་དཔྱོད་ཞིབ་འཇུག་གི་མཐོང་རྒྱ་དང་ཁྱབ་ཁོངས་ཀྱི་ཆ་ནས་དབྱེ་བའི་ཞིབ་འཇུག་ཐབས་ཇུས་གཉིས་ཏེ། ཕན་ཚུན་ལྟོས་འཇོག་གིས་བརྗོད་པ་ཡིན། སྤྱིར་བཏང་དུ་བརྗོད་ན། ཡུལ་གྱི་ཁྱབ་ཁོངས་ཅུང་ཆེ་བའི་ས་ཁུལ་གང་ཞིག་ལ་རྟོག་དཔྱོད་བྱ་བ་ནི་སྤྱི་ཁོག་རྟོག་ཞིབ་ཀྱི་རིགས་སུ་གཏོགས་ཏེ། དཔེར་ན། ནུབ་བྱང་ས་ཁུལ་དང་ལྷོ་ནུབ་ས་ཁུལ། བོད་རིགས་ས་ཁུལ་ལྟ་བུ་ལ་རྟོག་དཔྱོད་ཞིབ་འཇུག་བྱེད་པ་ལྟ་བུའོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
宏观与微观
ཕྱི་ཡིག་གི་མིང་།
macroscopic and microcosmic
ཁོངས་གཏོགས།
ཚན་རིག
1 ངོ་སྤྲོད།

སྤྱི་ཁོག་དང་ཕྲ་མཐོང་ཞེས་པ་ནི་རྟོག་དཔྱོད་ཞིབ་འཇུག་གི་མཐོང་རྒྱ་དང་ཁྱབ་ཁོངས་ཀྱི་ཆ་ནས་དབྱེ་བའི་ཞིབ་འཇུག་ཐབས་ཇུས་གཉིས་ཏེ། ཕན་ཚུན་ལྟོས་འཇོག་གིས་བརྗོད་པ་ཡིན། སྤྱིར་བཏང་དུ་བརྗོད་ན། ཡུལ་གྱི་ཁྱབ་ཁོངས་ཅུང་ཆེ་བའི་ས་ཁུལ་གང་ཞིག་ལ་རྟོག་དཔྱོད་བྱ་བ་ནི་སྤྱི་ཁོག་རྟོག་ཞིབ་ཀྱི་རིགས་སུ་གཏོགས་ཏེ། དཔེར་ན། ནུབ་བྱང་ས་ཁུལ་དང་ལྷོ་ནུབ་ས་ཁུལ། བོད་རིགས་ས་ཁུལ་ལྟ་བུ་ལ་རྟོག་དཔྱོད་ཞིབ་འཇུག་བྱེད་པ་ལྟ་བུའོ།། ཕྲ་མཐོང་རྟོག་ཞིབ་ཅེས་པ་ནི། ས་ཁུལ་ངེས་ཅན་ཞིག་ཏུ་མི་ཁཤས་ཀྱིས་ཀྱང་ཐད་ཀར་ལྟ་ཞིབ་བྱ་ནུས་པའི་ཁྱབ་ཁོངས་ཤིག་རུ་སྤེལ་བའི་ཡུལ་དངོས་རྟོག་དཔྱོད་ལ་བྱ་ཞིང་། ཕྲ་ཞེས་པ་ནི་འཚོ་བར་དངོས་སུ་གཏིང་ཟབ་ཏུ་ཞུགས་པར་འདོད་དགོས་པ་ལས་སྤྱིར་བཏང་བའི་ཕྱི་ངོས་ཞིབ་འབྲི་བྱ་བ་ཙམ་ལ་གོབ་མིན། དེ་ཡང་བྱེ་བྲག་གི་ས་གནས་དང་དུས་ཚོད། མི་སྣ་སོགས་དགོས་པར་མ་ཟད། བྱ་སྤྱོད་དང་མཇུག་འབྲས་སོགས་ཕྱོགས་ཡོངས་ལ་ཕྲ་ཞིང་ཞིབ་པའི་རྟོག་གཞིགས་བྱེད་པ་ཞིག་ལ་ད་གཟོད་ཐད་ཀར་བའི་ལྟ་རྟོག་ཅེས་བྱ། ཕྲ་ཞིང་ཞིབ་པའི་བྱེ་བྲག་གི་རྟོག་དཔྱོད་ཞིབ་འཇུག་འདི་ལྟ་བུ་ནི་མི་རིགས་ཞིབ་འཇུག་གི་རྨང་གཞི་སྟེ། རྣམ་པ་མི་འདྲ་བའི་ཕྲ་མཐོང་གི་རིགས་རྣམས་ཕན་ཚུན་གཤིབ་བསྡུར་བྱས་ན་ད་གཟོད་ཕྱོགས་ཡོངས་ཀྱི་སྤྱི་ཁོག་གི་ལྟ་བ་ཞིག་གྲུབ་འོང་བ་ཡིན། སྤྱིར་བཏང་དུ་གྲོང་བརྡལ་གང་ཞིག་ལ་རྟོག་དཔྱོད་ཞིབ་འཇུག་བྱ་བ་ནི་ཕྲ་མཐོང་གི་རྟོག་ཞིབ་ཏུ་གཏོགས་པ་ཡིན། གོ་སླ་མོར་བརྗོད་ན། སྤྱི་ཁོག་རྟོག་ཞིབ་ནི་ངོས་ལ་བྱ་ཞིང་ཕྲ་མཐོང་གི་རྟོག་ཞིབ་ནི་གནས་ལ་བྱ་བ་ཡིན་ཏེ། ངོས་དང་གནས་གཉིས་ཟུང་འབྲེལ་བྱས་ན། ད་གཟོད་ས་གནས་རིག་གནས་དེའི་ངོ་བོ་ལ་གཏིང་ཟབ་པའི་ཆིག་སྒྲིལ་དང་ཤེས་རྟོགས་བྱ་ནུས།

སྤྱི་ཁོག་རྟོག་ཞིབ་དང་ཕྲ་མཐོང་རྟོག་ཞིབ་ཀྱི་ཐབས་ཇུས་གང་ཞིག་སྤྱོད་རྒྱུ་དེ་ནི་ཞིབ་འཇུག་མཁན་དེའི་དམིགས་ཡུལ་ལ་རག་ལས་ཏེ། དེ་ཡང་ཞིབ་འཇུག་མི་སྣ་དེས་ཅི་ཞིག་རྟོགས་འདོད་པ་དང་ཞིབ་འཇུག་གི་གཞུང་ལུགས་ནི་གང་ཡིན་པ། བརྟག་བྱ་དེའི་ཁྱབ་ཁོངས་དང་ངོ་བོ་ནི་ཇི་ལྟར་ཡིན་པ་སོགས་ལ་འབྲེལ་བ་ལྡན། སྤྱིར་བཏང་དུ་བརྗོད་ན། བརྡ་རྟགས་སྨྲ་བ་རྣམས་ཀྱིས་ཕྲ་མཐོང་གི་རྟོག་ཞིབ་ཐབས་ལམ་སྤྱོད་པ་དང་། གྲུབ་ཚུལ་རིང་ལུགས་སྨྲ་བ་རྣམས་ཀྱིས་སྤྱི་ཁོག་གི་རྟོག་ཞིབ་ཐབས་ལམ་འདི་ཉིད་སྤྱོད་པར་བྱེད་དོ། །