ངལ་རྩོལ་གན་རྒྱའི་ཡི་གེསྔ་མའི་པར་གཞི་དེ བསམ་འགྲུབ་རྒྱ་མཚོ།  ནས 2019-03-01 09:30ལ་འགྲུབ།

ངལ་རྩོལ་གན་རྒྱའི་ཡི་གེ

ངལ་རྩོལ་གན་རྒྱའི་ཡི་གེ
ངལ་རྩོལ་གན་རྒྱ་ནི་ངལ་རྩོལ་མཁན་དང་ཁེ་ལས། རྒྱལ་ཁབ་ལས་ཁུངས། ལས་དོན་ལས་ཁུངས། དམངས་སྒྲུབ་ཁེ་ལས་མིན་པའི་ལས་ཁུངས། ཁེར་རྐྱང་གི་དཔལ་འབྱོར་རྩ་འཛུགས་སོགས་མི་སྤྱོད་ལས་ཁུངས་ཀྱི་བར་དུ་འབྲི་བའི་ཕྱོགས་གཉིས་ཀའི་ཁེ་དབང་དང་འོས་འགན་མངོན་གསལ་ཡིན་པའི་གྲོས་ཆིངས་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
劳动合同书
ཕྱི་ཡིག་གི་མིང་།
The labor contract
1 ངོ་སྤྲོད།

ངལ་རྩོལ་གན་རྒྱ་ནི་སྤྱོད་མིའི་ལས་ཁུངས་དང་ངལ་རྩོལ་མཁན་བར་གྱི་ངལ་རྩོལ་འབྲེལ་བ་གཏན་འཁེལ་ལ་ཟེར། 

2 ངལ་རྩོལ་གན་རྒྱའི་ཡི་གེ ༼  མ་དཔེ  ༽

ངལ་རྩོལ་གན་རྒྱའི་ཡི་གེ

གན་རྒྱའི་ཨང་རིམ                            

ཀ་ཕྱོགས                                           ས་གནས                                                        

ཁྲིམས་བཀོད་འཐུས་ཚབ་པ༼  འགན་འཁུར་པ་གཙོ་བོ  ༽                                                 

ཁ་ཕྱོགས                                                         ཕོ་མོ                                              

ཐོབ་དབང་ཨང་གྲངས                                                                                            

མིག་སྔའི་སྡོད་གནས                                                                                               

ཁ་པར་ཨང་གྲངས                                                                                                  

ངལ་རྩོལ་འབྲེལ་བ་འཛུགས་པ་དང་ཁེ་དབང་འོས་འགན་མངོན་གསལ་ཡོང་བའི་ཆེད་དུ། ངལ་རྩོལ་བཅའ་ཁྲིམས་དང་ངལ་རྩོལ་གན་རྒྱའི་བཅའ་ཁྲིམས་སོགས་འབྲེལ་ཡོད་བཅའ་ཁྲིམས་གཏན་འཁེལ་གཞིར་བཟུང་ཏེ།  འདྲ་མཉམ་རང་མོས་དང་གྲོས་མོལ་གཅིག་མཐུན་གྱི་རྨང་གཞིའི་སྟེང་། གན་རྒྱ་འདི་བྲིས་བ་ཡིན།

དོན་ཚན་དང་པོ།  གན་རྒྱའི་དུས་ཡུན་ནི་                       ལོའི་ཟླ་                      པའི་ཚེས་                     ཉིན་ནས་                             ལོའི་ཟླ་པའི་ཚེས་                    ཉིན་བར་དུ་ཡིན།  དེའི་ཁྲོད་དུ་ཚོད་སྤྱོད་དུས་ཡུན་ནི་                       ལོའི་ཟླ་                      པའི་ཚེས་                     ཉིན་ནས་                             ལོའི་ཟླ་པའི་ཚེས་                    ཉིན་བར་དུ་ཡིན།  

དོན་ཚན་གཉིས་པ། ཀ་ཕྱོགས་ཀྱི་བྱ་བའི་དགོས་མཁོ་ལྟར། ཁ་ཕྱོགས་ལ་                                                                                                                         བྱ་བ་བཀོད་སྒྲིག་བྱས་ཡོད། ཁ་ཕྱོགས་ཀྱི་བྱ་བའི་འགན་འཁུར་ནི་                                                                                                    ཡིན།  བྱ་བའི་ས་གནས་                                                                          ཡིན།  ཕྱོགས་གཉིས་ཀའི་གྲོས་མོལ་ཡིད་མཐུན་བྱུང་བ་བརྒྱུད།  ཀ་ཕྱོགས་ཀྱིས་ཁ་ཕྱོགས་ཀྱི་བྱ་བའི་ལས་རིགས་དང་ལས་གནས། བྱ་བའི་ས་གནས་བརྗེ་སྤོར་བྱས་ཆོག  ཁ་ཕྱོགས་ཀྱིས་ངེས་པར་དུ་ལས་གནས་འགན་འཁྲི་ལག་བསྟར་དང་རིགས་སོ་སོའི་སྒྲིག་སྲོལ་ལམ་ལུགས་བརྩི་སྲུང་བྱེད་དགོས། དོ་དམ་ལ་བརྩི་སྲུང་བྱས་ནས་དུས་ལྟར་དུ་བྱ་བའི་འགན་འཁུར་ལེགས་འགྲུབ་བྱེད་དགོས།

དོན་ཚན་གསུམ་པ།    ཁ་ཕྱོགས་ཀྱིས་ཀ་ཕྱོགས་ཀྱི་གཏན་འཁེལ་བྱས་བའི་བྱ་བའི་འགན་འཁུར་ལེགས་འགྲུབ་བྱུང་དུས།  ཀ་ཕྱོགས་ཀྱིས་ཁ་ཕྱོགས་ལ་ཟླ་རེར་གླ་ཕོགས་སྒོར་                     སྟེར་དགོས།  དེའི་ཁྲོད་དུ་ཚོད་སྤྱོད་དུས་ཀྱི་ཟླ་རེར་ཟླ་ཕོགས་སྒོར་                    ཡིན།

དོན་ཚན་བཞི་བ།  བྱ་བའི་དུས་ཚོད་དང་ངལ་གསོ། གུང་གསེང་། སྤྱི་ཚོགས་འགན་སྲུང་། ངལ་རྩོལ་སྲུང་སྐྱོབ། ངལ་རྩོལ་ཆ་རྐྱེན་དང་ལས་རིགས་ཉེན་ཁའི་འགོག་སྲུང་སོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་སྒྲིག་སྲོལ་ནང་ལྟར་ལག་ལེན་བྱ་རྒྱུ།

དོན་ཚན་ལྔ་བ། ཕྱོགས་གཉིས་ཀའི་ངལ་རྩོལ་གན་རྒྱ་ཕྱིར་འཐེན་དང་མཚམས་འཇོག་བྱེད་དུས་ངེས་པར་དུ་གཏན་འཁེལ་གྱི་བརྒྱུད་རིམ་ནང་ལྟར་སྒྲུབ་དགོས། ཀ་ཕྱོགས་ཀྱིས་ཁ་ཕྱོགས་ལ་ངལ་རྩོལ་གན་རྒྱ་ཕྱིན་འཐེན་དང་མཚམས་འཇོག་བྱེད་པའི་བརྡ་སྦྱོར་ཡི་གེ་འམ་འབྲེལ་ཡོད་བདེན་དབང་འདོན་སྤྲོད་བྱས་ནས།  བཅའ་ཁྲིམས་ཁྲིམས་སྲོལ་གཏན་འཁེལ་དང་མཐུན་ཞིང་། དཔལ་འབྱོར་གྱི་ཁ་གསབ་གཏོང་སྤྲོད་བྱེད་དགོས།

དོན་ཚན་དྲུག་པ།  གན་རྒྱ་ཡི་གེ་འདིའི་ནང་དུ་བྲིས་མེད་པའི་དོན་དག་གཞན་པ་རྒྱལ་ཁབ་དང་ས་གནས་ཀྱིས་མིག་སྔར་ལག་བསྟར་བྱེད་བཞིན་པའི་འབྲེལ་ཡོད་གཏན་འཁེལ་ནང་བཞིན་ལག་བསྟར་བྱ་དགོས།

དོན་ཚན་བདུན་པ།   ཕྱོགས་གཉིས་ཀའི་ཁ་ཆད་གཞན་                                                          

དོན་ཚན་བརྒྱད་པ། གན་རྒྱ་ཡི་གེ་འདི་ཕྱོགས་གཉིས་ཀའི་གཅིག་རེ་འཛིན་དགོས། སུབ་བཅོས་བྱས་པའམ་དབང་འཛིན་འཐུས་ཚབ་པའི་མིང་བཀོད་མེད་ན་ནུས་མེད་ཡིན།

ཀ་ཕྱོགས་ཀྱིས་མིང་བཀོད་ས།  ༼  ཐམ་ཀ  ༽                                    

གན་རྒྱ་འཇོག་པའི་དུས་ཚོད།            ལོའི་ཟླ་          པའི་ཚེས་       ཉིན།

ངལ་རྩོལ་པའི་གན་རྒྱ་ཡི་གེ་ལེན་པའི་མིང་བཀོད་ས།