བྱང་ཆེན།སྔ་མའི་པར་གཞི་དེ ཚེ་རིང་འབུམ།  ནས 2019-01-18 09:59ལ་འགྲུབ།

བྱང་ཆེན།

སྲིད་ཞི་གཉིས་ཀྱི་མཐའ་ལས་འདས་པའི་ཐེག་ཆེན་མི་སློབ་ལམ་སྤང་བྱ་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་རྟོགས་བྱ་མཁྱེན་གཉིས་ཀྱི་ཡེ་ཤེས་ཡོན་ཏན་ཐམས་ཅད་ཁོང་དུ་ཆུབ་པའི་སངས་རྒྱས་ལ་བྱང་ཆུབ་ཆེན་པོ་ཞེས་བྱའོ། །
གཞི་རྩའི་གནས་ཚུལ།

མིང་གཞན།
བྱང་ཆུབ་ཆེན་པོ།
ཁོངས་གཏོགས།
ནང་བསྟན་གྱི་བརྡ་ཆད།
1 ངོ་སྤྲོད།

བྱང་ཆེན་ནི་བྱང་ཆུབ་ཆེན་པོ་སྟེ། སྤང་བྱ་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་རྟོགས་བྱ་མཁྱེན་གཉིས་ཀྱི་ཡེ་ཤེས་ཡོན་ཏན་ཐམས་ཅད་ཁོང་དུ་ཆུབ་པའི་སངས་རྒྱས་ལ་བྱང་ཆུབ་ཆེན་པོ་ཞེས་བྱའོ། །