ཕྱོགས་གླང་གྲགས་པའི་གཞུང་ལུགས།སྔ་མའི་པར་གཞི་དེ ཚེ་རིང་འབུམ།  ནས 2019-01-18 10:01ལ་འགྲུབ།

ཕྱོགས་གླང་གྲགས་པའི་གཞུང་ལུགས།

ཕྱོགས་གླང་གྲགས་པའི་གཞུང་ལུགས་ནི་རྒྱ་གར་ཚད་མའི་ཤིང་རྟའི་སྲོལ་འབྱེད་སློབ་དཔོན་ཕྱོགས་ཀྱི་གླང་བོ་དང་ཆོས་ཀྱི་གྲགས་པ་གཉིས་ཀྱི་གཞུང་ལུགས་ཏེ་ཚད་མའི་གཞུང་ལུགས། དེ་ཡང་སློབ་དཔོན་ཕྱོགས་གླང་གིས་གཏན་ཚིགས་རིག་པའི་གནས་མཐའ་དག་བསྡུས་པ《ཚད་མའི་མདོ་ཀུན་ལས་བཏུས་པ》མཛད་ཅིང་། དཔལ་ལྡན་ཆོས་གྲགས་ཀྱིས་དེའི་དགོངས་པ་འགྲེལ་བ་ལ་ཚད་མ་སྡེ་བདུན་ཏེ་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་མཛད་པའོ། །
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ནང་བསྟན་གྱི་བརྡ་ཆད།
1 ངོ་སྤྲོད།

ཕྱོགས་གླང་གྲགས་པའི་གཞུང་ལུགས་ནི་རྒྱ་གར་ཚད་མའི་ཤིང་རྟའི་སྲོལ་འབྱེད་སློབ་དཔོན་ཕྱོགས་ཀྱི་གླང་བོ་དང་ཆོས་ཀྱི་གྲགས་པ་གཉིས་ཀྱི་གཞུང་ལུགས་ཏེ་ཚད་མའི་གཞུང་ལུགས། དེ་ཡང་སློབ་དཔོན་ཕྱོགས་གླང་གིས་གཏན་ཚིགས་རིག་པའི་གནས་མཐའ་དག་བསྡུས་པ《ཚད་མའི་མདོ་ཀུན་ལས་བཏུས་པ》མཛད་ཅིང་། དཔལ་ལྡན་ཆོས་གྲགས་ཀྱིས་དེའི་དགོངས་པ་འགྲེལ་བ་ལ་ཚད་མ་སྡེ་བདུན་ཏེ་རྣམ་འགྲེལ། རྣམ་ངེས། རིགས་ཐིགས་བཅས་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་། གཏན་ཚིགས་ཐིགས་པ། རྩོད་པའི་རིགས་པ། འབྲེལ་བ་བརྟག་པ། རྒྱུད་གཞན་སྒྲུབ་པ་སྟེ་འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་མཛད་པའོ། །