སྐལ་བཟང་དགེ་ལེགས་རྒྱ་མཚོ།སྔ་མའི་པར་གཞི་དེ ཚེ་རིང་འབུམ།  ནས 2019-01-18 10:00ལ་འགྲུབ།

སྐལ་བཟང་དགེ་ལེགས་རྒྱ་མཚོ།

སྐལ་བཟང་དགེ་ལེགས་རྒྱ་མཚོ་ནི་རབ་བྱུང་བཅུ་གསུམ་པའི་མེ་སྤྲུལ(སྤྱི་ལོ1776)ལོར་འཕན་ཡུལ་དུ་འཁྲུངས། བཅུ་གཅིག་པ་མེ་སྟག་ལོར་མདོ་སྨད་དུ་ཆིབས་ཁ་བསྒྱུར། ཨ་རིག་གསུང་རབ་དང་གཙོས་དཀོན་མཆོག་གཉིས་རིམ་པར་དགེ་རྒན་དུ་བསྟེན་ནས་བསྡུས་གྲྭ་བློ་རྟགས་དབུ་ཕར་བཅས་སྦྱངས། རྗེ་སྐལ་ལྡན་པའི་གདན་ས་རོང་བོ་བཀྲ་ཤིས་ཆོས་རྫོང་གི་ཁྲིར་ལོ་ངོ་བཞིར་བཞུགས།
གཞི་རྩའི་གནས་ཚུལ།

འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1776-1833)ལོ།
འཁྲུངས་ཡུལ།
འཕན་ཡུལ་དུ་འཁྲུངས།
1 ངོ་སྤྲོད།

སྐལ་བཟང་དགེ་ལེགས་རྒྱ་མཚོ་ནི་རབ་བྱུང་བཅུ་གསུམ་པའི་མེ་སྤྲུལ(སྤྱི་ལོ1776)ལོར་འཕན་ཡུལ་དུ་འཁྲུངས། བཅུ་གཅིག་པ་མེ་སྟག་ལོར་མདོ་སྨད་དུ་ཆིབས་ཁ་བསྒྱུར། ཨ་རིག་གསུང་རབ་དང་གཙོས་དཀོན་མཆོག་གཉིས་རིམ་པར་དགེ་རྒན་དུ་བསྟེན་ནས་བསྡུས་གྲྭ་བློ་རྟགས་དབུ་ཕར་བཅས་སྦྱངས། རྗེ་སྐལ་ལྡན་པའི་གདན་ས་རོང་བོ་བཀྲ་ཤིས་ཆོས་རྫོང་གི་ཁྲིར་ལོ་ངོ་བཞིར་བཞུགས། རྒྱ་ནག་རི་བོ་རྩེ་ལྔ་དང་པེ་ཅིང་དུ་ཕེབས་མྱོང་། རབ་བྱུང་བཅུ་བཞི་བའི་ལྕགས་ཡོས(སྤྱི་ལོ1831)ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་གྱི་ཁྲིར་བཞུགས། དགུང་ལོ་ང་བརྒྱད་པ་རབ་བྱུང་བཅུ་བཞི་བའི་ཆུ་སྤྲུལ(སྤྱི་ལོ1833)ལོར་གཤེགས།