ཡེ་ཤེས་ཕུང་པོའི་སྐུ།སྔ་མའི་པར་གཞི་དེ ཚེ་རིང་འབུམ། ནས 2019-01-18 10:00ལ་འགྲུབ།
ཡེ་ཤེས་ཕུང་པོའི་སྐུ་ནི་ཡེ་ཤེས་སྐུ་སྟེ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་མཚན་གཞན་ཡིན་ལ། ངོ་བོ་རྒྱལ་བ་ཀུན་གྱི་མཁྱེན་རབ་གཅིག་ཏུ་འདུས་པའི་རང་གཟུགས། རྣམ་པ་ས་བཅུའི་བྱང་ཆུབ་སེམས་དཔའི་ཚུལ་འཆང་བ། ངག་གི་ཉེས་པའི་རྩུབ་རེག་དང་བྲལ་ཞིང༌། འཇམ་པའི་ཡོན་ཏན་དང་ལྡན་པའི་གསུང་དབྱངས་ཀྱི་བདག་ཉིད་དོ། །
རྗེ་བཙུན་འཇམ་པའི་དབྱངས་ཀྱི་མིང་གི་རྣམ་གྲངས་ལ་ངག་གི་རྒྱལ་པོ་དང༌། ངག་གི་དབང་ཕྱུག་འཇམ་དཔལ། བརྟན་པའི་འཁོར་ལོ། རྡོ་རྗེ་རྣོན་པོ། བློ་ཡི་གཏེར། སྨྲ་བའི་རྒྱལ། སྨྲ་བའི་སེང་གེ། སྨྲ་བའི་ལྷ། ཟུར་ཕུད་ལྔ་པ། ཡེ་ཤེས་སྐུ། ཡེ་ཤེས་མེ་ལོང༌། རལ་གྲི་ཅན། ཤེས་རབ་སྐུ། ཤེས་རབ་འཁོར་ལོ། སེང་གེ་རྩེན་བཅས་སོ། །