འཇིགས་མེད་རྒྱ་མཚོའི་སྡེ།སྔ་མའི་པར་གཞི་དེ ཚེ་རིང་འབུམ།  ནས 2019-01-22 09:59ལ་འགྲུབ།

འཇིགས་མེད་རྒྱ་མཚོའི་སྡེ།

འཇིགས་མེད་རྒྱ་མཚོའི་སྡེ་ནི་འཇམ་དབྱངས་བཞད་པ་སྐུ་ཕྲེང་གསུམ་པ་རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་སྟེ། རབ་བྱུང་བཅུ་གསུམ་པའི་ཆུ་བྱི་ལོར་མདོ་སྨད་རེབ་གོང་གཉན་ཐོག་འབྲོག་ནས་འཁྲུངས། དགུང་ལོ་བདུན་པ་ས་རྟ་ལོར་འཇིགས་བྲལ་ཆོས་ཀྱི་ཁྲི་ལ་དབང་བསྐུར། ལྷ་རམས་པ་བློ་བཟང་བསྟན་འཛིན་ཡོངས་འཛིན་དུ་བསྟེན། དགུང་ལོ་བཅོ་བརྒྱད་པ་ས་སྦྲུལ་ལོར་དབུས་གཙང་དུ་ཕེབས། ཉེར་གཉིས་པ་ཆུ་བྱ་ལོར་ཕྱིར་རང་གི་གདན་སར་ཕེབས། དགུང་ལོ་ཉེར་དྲུག་པ་མེ་གླང་ལོར་ཚོགས་ཆེན་ཁྲིར་ཞབས་པར་བཀོད།
གཞི་རྩའི་གནས་ཚུལ།

འཁྲུངས་ལོ།
སྤྱི་ལོ(1792)ལོ།
འཁྲུངས་ཡུལ།
མདོ་སྨད་རེབ་གོང་གཉན་ཐོག་འབྲོག་ནས་འཁྲུངས།
1 ངོ་སྤྲོད།

འཇིགས་མེད་རྒྱ་མཚོའི་སྡེ་ནི་འཇམ་དབྱངས་བཞད་པ་སྐུ་ཕྲེང་གསུམ་པ་རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་སྟེ། རབ་བྱུང་བཅུ་གསུམ་པའི་ཆུ་བྱི(སྤྱི་ལོ1792)ལོར་མདོ་སྨད་རེབ་གོང་གཉན་ཐོག་འབྲོག་ནས་འཁྲུངས། དགུང་ལོ་བདུན་པ་ས་རྟ་ལོར་འཇིགས་བྲལ་ཆོས་ཀྱི་ཁྲི་ལ་དབང་བསྐུར། ལྷ་རམས་པ་བློ་བཟང་བསྟན་འཛིན་ཡོངས་འཛིན་དུ་བསྟེན། དགུང་ལོ་བཅོ་བརྒྱད་པ་ས་སྦྲུལ་ལོར་དབུས་གཙང་དུ་ཕེབས། ཉེར་གཉིས་པ་ཆུ་བྱ་ལོར་ཕྱིར་རང་གི་གདན་སར་ཕེབས། དགུང་ལོ་ཉེར་དྲུག་པ་མེ་གླང་ལོར་ཚོགས་ཆེན་ཁྲིར་ཞབས་པར་བཀོད། སོ་དྲུག་པ་མེ་ཕག་ལོར་སོག་པོ་ཨོར་དུ་སུར་སྤྱན་དྲངས་སོ། །