དཀོན་མཆོག་རྒྱ་མཚོའི་སྡེ།སྔ་མའི་པར་གཞི་དེ ཚེ་རིང་འབུམ།  ནས 2019-01-22 11:24ལ་འགྲུབ།

དཀོན་མཆོག་རྒྱ་མཚོའི་སྡེ།

དཀོན་མཆོག་རྒྱ་མཚོའི་སྡེ་ནི་ཁྲི་བསོད་ནམས་གྲགས་པའི་སྤྲུལ་སྐུ་རྗེ་དཀོན་མཆོག་རྒྱ་མཚོ་སྟེ། རབ་བྱུང་བཅུ་གསུམ་པའི་ལྕགས་ཁྱི་ལོར་འཁྲུངས། དགུང་ལོ་ལྔའི་སྟེང་བཀྲ་ཤིས་འཁྱིལ་གྱི་གདན་སར་བཀོད། བཅུ་གཅིག་པར་ཆོས་གྲྭར་ཞུགས། ཆུ་ལུག་ལོར་རིགས་གྲྭར་རྡོ་རམས་པའི་དམ་བཅའ་བཞག བདེ་མོ་ཐང་དགའ་ལྡན་ཆོས་འཁོར་གླིང་གི་ཁྲིར་བཞུགས། རབ་བྱུང་བཅུ་བཞི་བའི་ལྕགས་སྟག་ལོར་དབུས་སུ་ཕེབས། ལྕགས་ཡོས་ལོར་ཕྱིར་མདོ་སྨད་དུ་བྱོན། ཤིང་འབྲུག་ལོར་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་གྱི་ཁྲིར་བཞུགས་ཏེ་བརྩི་བཞག་ཆག་མེད་མཛད།
གཞི་རྩའི་གནས་ཚུལ།

འཁྲུངས་འདས་ལོ་ཚིགས།
སྤྱི་ལོ (1795-1858)ལོ།
1 ངོ་སྤྲོད།

དཀོན་མཆོག་རྒྱ་མཚོའི་སྡེ་ནི་ཁྲི་བསོད་ནམས་གྲགས་པའི་སྤྲུལ་སྐུ་རྗེ་དཀོན་མཆོག་རྒྱ་མཚོ་སྟེ། རབ་བྱུང་བཅུ་གསུམ་པའི་ལྕགས་ཁྱི(སྤྱི་ལོ1795)ལོར་འཁྲུངས། དགུང་ལོ་ལྔའི་སྟེང་བཀྲ་ཤིས་འཁྱིལ་གྱི་གདན་སར་བཀོད། བཅུ་གཅིག་པར་ཆོས་གྲྭར་ཞུགས། ཆུ་ལུག་ལོར་རིགས་གྲྭར་རྡོ་རམས་པའི་དམ་བཅའ་བཞག བདེ་མོ་ཐང་དགའ་ལྡན་ཆོས་འཁོར་གླིང་གི་ཁྲིར་བཞུགས། རབ་བྱུང་བཅུ་བཞི་བའི་ལྕགས་སྟག(སྤྱི་ལོ1830)ལོར་དབུས་སུ་ཕེབས། ལྕགས་ཡོས་ལོར་ཕྱིར་མདོ་སྨད་དུ་བྱོན། ཤིང་འབྲུག(སྤྱི་ལོ1844)ལོར་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་གྱི་ཁྲིར་བཞུགས་ཏེ་བརྩི་བཞག་ཆག་མེད་མཛད། གཞན་ཡང་བྲག་དཀར་བྱང་ཆུབ་གླིང་། རྒྱལ་ལུང་རྣམ་རྒྱལ་གླིང་། གཞུང་བ་ཁ་གསུམ་གྱི་དགོན་སྡེ་གསུམ་སོགས་སུ་ཕེབས་ཏེ་ཆོས་བཀའ་ཅི་རིགས་སྩལ། རབ་བྱུང་བཞི་བའི(སྤྱི་ལོ1858)ལོར་སྐུ་གཤེགས།