རྔ་སྟོད་ཆོས་སྡེ་བདེ་ཆེན་གླིང་།སྔ་མའི་པར་གཞི་དེ ཚེ་རིང་འབུམ།  ནས 2019-01-22 09:59ལ་འགྲུབ།

རྔ་སྟོད་ཆོས་སྡེ་བདེ་ཆེན་གླིང་།

རྔ་སྟོད་ཆོས་སྡེ་བདེ་ཆེན་གླིང་ནི་རྔ་སྟོད་ཀྱི་སྒོ་མང་དགའ་ལྡན་བསླབ་གསུམ་ཟུང་འཇུག་བདེ་ཆེན་གླིང་སྟེ། ཐོག་མར་ཁྲི་ཆེན་དཀོན་མཆོག་བདེ་ཆེན་གྱི་མཚན་ཉིད་ཀྱི་གྲྭ་ཚང་ཞིག་བཙུགས་ཀྱང་ཡུན་རིང་མ་གནས། རབ་བྱུང་བཅུ་གསུམ་པའི་ལྕགས་ཕག་ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པའི་བཀའ་ལྟར་གུང་ཐང་བསྟན་པའི་སྒྲོན་མེ་དང་ཟུང་འཕན་ཏཱ་ཞིན་འོང་བ་ཟུང་འབྲེལ་གྱིས་རྒྱུད་གྲྭ་བཙུགས་ཤིང་གུང་ཐང་གིས་ཁྲི་མཛད་དེ་གདན་ས་བྱིན་གྱིས་བརླབས། ཁྲི་ཐོག་གཉིས་པ་ཁྲི་ཆེན་སྤྲུལ་པའི་སྐུ་འཇིགས་མེད་ནམ་མཁའ། བར་ཁྱ་དགེ་སྤྲུལ་པའི་སྐུ་དཀོན་མཆོག་ཆོས་ལྡན་གྱིས་ལེགས་པར་བསྐྱངས།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
དགོན་པ།
ཕྱག་འདེབས་གནང་མཁན།
གུང་ཐང་བསྟན་པའི་སྒྲོན་མེ།
ཕྱག་འདེབས་ལོ།
སྤྱི་ལོ(1791)ལོ།
1 ངོ་སྤྲོད།

རྔ་སྟོད་ཆོས་སྡེ་བདེ་ཆེན་གླིང་ནི་རྔ་སྟོད་ཀྱི་སྒོ་མང་དགའ་ལྡན་བསླབ་གསུམ་ཟུང་འཇུག་བདེ་ཆེན་གླིང་སྟེ། ཐོག་མར་ཁྲི་ཆེན་དཀོན་མཆོག་བདེ་ཆེན་གྱི་མཚན་ཉིད་ཀྱི་གྲྭ་ཚང་ཞིག་བཙུགས་ཀྱང་ཡུན་རིང་མ་གནས། རབ་བྱུང་བཅུ་གསུམ་པའི་ལྕགས་ཕག(སྤྱི་ལོ1791)ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པའི་བཀའ་ལྟར་གུང་ཐང་བསྟན་པའི་སྒྲོན་མེ་དང་ཟུང་འཕན་ཏཱ་ཞིན་འོང་བ་ཟུང་འབྲེལ་གྱིས་རྒྱུད་གྲྭ་བཙུགས་ཤིང་གུང་ཐང་གིས་ཁྲི་མཛད་དེ་གདན་ས་བྱིན་གྱིས་བརླབས། ཁྲི་ཐོག་གཉིས་པ་ཁྲི་ཆེན་སྤྲུལ་པའི་སྐུ་འཇིགས་མེད་ནམ་མཁའ། བར་ཁྱ་དགེ་སྤྲུལ་པའི་སྐུ་དཀོན་མཆོག་ཆོས་ལྡན་གྱིས་ལེགས་པར་བསྐྱངས། མི་དབང་བསོད་ནམས་སྟོབས་རྒྱས་ཀྱིས་བཞེངས་པའི་རྗེའི་རྣམ་ཐར་ཞལ་ཐང་སོགས་རྟེན་གཙོར་བཞུགས། རབ་འབྱམས་པ་དོན་ཡོད་ཀྱིས་བཞེངས་པའི་བྱམས་སྐུ་སོགས་རྟེན་མང་ངོ་། །