ཟི་ལིང་།སྔ་མའི་པར་གཞི་དེ བསམ་འགྲུབ་རྒྱ་མཚོ།  ནས 2019-03-01 09:30ལ་འགྲུབ།

ཟི་ལིང་།

མཚོ་སྔོན་ཞིང་ཆེན་གྱི་གཞུང་གནས་དང་གྲོང་ཁྱེར་ཆེན་པོ་དང་པོ།
1 ལོ་།

ཟི་ལིང་། 西宁

དབྱིན་ཡིག Xining (capital of Qinghai Province)

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  མཚོ་སྔོན་ཞིང་ཆེན་གྱི་གཞུང་གནས་དང་གྲོང་ཁྱེར་ཆེན་པོ་དང་པོ།

2.དུང་དཀར་ཚིག་མཛོད་ཆེན་མོ་ལས།  དེང་སང་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་ལྟེ་བ་རྒྱ་སྐད་དུ་ཞི་ཉིང(西宁)ཞེས་འབོད་པ་སྟེ་ཨ་མདོ་རྗེ་སྐུ་འབུམ་དགོན་པ(ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་གསུང་འབུམ་ནང་དགོན་པ་འདིའི་དཀར་ཆག་ཡོད)ཡོད་ས་དེ་ཡི་རྒྱུད་ཀྱི་ལུང་པའི་མིང༌།

3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  མཚོ་སྔོན་པོའི་བྱང་ཤར་ཕྱོགས་ཙོང་ཆུའི་ཆུ་སྐེད་ཀྱི་ལྷོ་འགྲམ་ན་ཆགས་པའི་གྲོང་ཁྱེར་ཞིག་སྟེ། ཏུང་ཧན་རྒྱལ་རབས་སྐབས་ཞི་ཏུའུ་རྫོང་བཙུགས་པ་ནས་བཟུང༌། སུང་རྒྱལ་རབས་ཀྱི་སྐབས་བར་ཟི་ལིང་ཀྲོའུ་དང༌། མིང་རྒྱལ་རབས་སྐབས་ཟི་ལིང་ཝེ། ཆིང་རྒྱལ་རབས་སྐབས་ཟི་ལིང་རྫོང་བཅས་རིམ་བཞིན་དུ་འགྱུར་ནས་1944ལོར་གཞི་ནས་ཟི་ལིང་གྲོང་ཁྱེར་དུ་བསྒྱུར། ད་ལྟ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་གནས་ཡུལ་ཡིན་ཞིང༌། ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་དང༌། དཔལ་འབྱོར། འགྲིམ་འགྲུལ། རིག་གནས་སོགས་ཀྱི་ལྟེ་གནས་ཡིན། 西宁。位于青海湖东北部徨水中游南岸。东汉置西都县,宋为西宁州,明改西宁卫,清改西宁县,1944年置西宁市,现为青海省人民政府驻地,是全省政治、经济、交通、文化中心。