རྡ་བེ་རྡི་རི་ཁཱ་དོ།སྔ་མའི་པར་གཞི་དེ བོན་སྐོར་པད་མ་རྒྱལ།  ནས 2019-01-21 10:05ལ་འགྲུབ།

རྡ་བེ་རྡི་རི་ཁཱ་དོ།

རྡ་བེ་རྡི་རི་ཁཱ་དོ།
ཁོང་ནི་སྤྱི་ལོ1823ལོར་དབྱིན་ཇིའི་ཡ་ཧི་དཱ་པའི་སྐུ་དྲག་ཞིག་གི་ཁྱིམ་དུ་སྐུ་འཁྲུངས་ཤིང་། ཕ་ནི་མ་རྐང་འཚོང་མཁན་ཕྱུག་པོ་ཞིག་ཡིན། རྡ་བེ་རྡི་རི་ཁཱ་དོས་སློབ་གསོ་མང་པོ་མྱངས་མེད། ཁོང་ལོ་བཅུ་བཞིའི་སྟེང་ཕའི་ཉོ་འཚོང་ཀུང་ཟིའི་བར་འཚོང་གི་ལས་ཀ་གཉེར་འགོ་བརྩམས། དངུལ་རྩའི་ཉོ་འཚོང་གི་བྱ་བར་བྱང་ཆུབ། ལོ་ཉེར་གཅིག་སྟེང་ཆོས་ལུགས་གྲུབ་མཐའ་མི་འདྲ་བའི་བུ་མོ་ཞིག་དང་གཉེན་བསྒྲིགས་པས་ཕས་འབྲེལ་བ་བཅད་པར་མ་ཟད་རྒྱུ་ནོར་རྒྱུད་འཛིན་མཁན་གྱི་དབང་ཆ་ཡང་འཕྲོག འོན་ཀྱང་རྡ་བེ་རྡི་རི་ཁཱ་དོ་བར་འཚོང་གི་བྱ་བར་བྱང་ཆུབ་ཅིང་གཏོང་འཇོག་ལ་མཁས་པས་རང་གིས་བར་འཚོང་བྱས་མཐར་སྐབས་དེར་དབྱིན་ཇིའི་དངུལ་རྩའི་ཚོང་བ་གྲགས་ཅན་ཞིག་ཏུ་གྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
大卫·李嘉图
ཕྱི་ཡིག་གི་མིང་།
David Ricardo
རྒྱལ་ཁབ།
དབྱིན་ཇི།
མི་རིགས།
ཡ་ཧི་དཱ་པ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1772-1823)
ལས་རིགས།
དཔལ་འབྱོར་རིག་པ་བ།
སློབ་གྲྭ།
ཧོ་ལན་ཚོང་ལས་སློབ་ཆེན།
བརྩམས་ཆོས།
《ཆབ་སྲིད་དཔལ་འབྱོར་རིག་པ་དང་དཔྱ་ཁྲལ་སྐོར་གྱི་རྩ་བའི་རིགས་པ》
1 ངོ་སྤྲོད་མདོར་བསྡུས།

རྡ་བེ་རྡི་རི་ཁཱ་དོ་ནི་དབྱིན་ཇིའི་ཡ་ཧི་དཱ་པའི་སྐུ་དྲག་ཞིག་གི་ཁྱིམ་དུ་སྐུ་འཁྲུངས་ཤིང་། ཕ་ནི་མ་རྐང་འཚོང་མཁན་ཕྱུག་པོ་ཞིག་ཡིན། རྡ་བེ་རྡི་རི་ཁཱ་དོས་སློབ་གསོ་མང་པོ་མྱངས་མེད། ལོ་བཅུ་བཞིའི་སྟེང་ཕའི་ཉོ་འཚོང་ཀུང་ཟིའི་བར་འཚོང་གི་ལས་ཀ་གཉེར་འགོ་བརྩམས། དངུལ་རྩའི་ཉོ་འཚོང་གི་བྱ་བར་བྱང་ཆུབ། ལོ་ཉེར་གཅིག་སྟེང་ཆོས་ལུགས་གྲུབ་མཐའ་མི་འདྲ་བའི་བུ་མོ་ཞིག་དང་གཉེན་བསྒྲིགས་པས་ཕས་འབྲེལ་བ་བཅད་པར་མ་ཟད་རྒྱུ་ནོར་རྒྱུད་འཛིན་མཁན་གྱི་དབང་ཆ་ཡང་འཕྲོག འོན་ཀྱང་རྡ་བེ་རྡི་རི་ཁཱ་དོ་བར་འཚོང་གི་བྱ་བར་བྱང་ཆུབ་ཅིང་གཏོང་འཇོག་ལ་མཁས་པས་རང་གི

ས་བར་འཚོང་བྱས་མཐར་སྐབས་དེར་དབྱིན་ཇིའི་དངུལ་རྩའི་ཚོང་བ་གྲགས་ཅན་ཞིག་ཏུ་གྱུར། སྐབས་དེར་ཁོས་དངུལ་རྩའི་བར་འཚོང་གི་ལས་ཀ་བྱས་ཞོར་དུ་རྩིས་རིག་དང་། རྫས་འགྱུར། དངོས་ལུགས། གཏེར་རྫས་རིག་པ། ས་གཤིས་རིག་པ་སོགས་ལ་ཞིབ་འཇུག་བྱས། སྤྱི་ལོ1799ལོར་ཁོ་དང་བཟའ་ཟླ་གཉིས་ལ《རྒྱལ་ཕྱུག་རྣམ་བཤད》ཀློག་པའི་གོ་སྐབས་ཐོབ་པས་ཡིད་ཀྱི་དང་བ་དབང་མེད་དུ་དྲངས། དེ་ནས་དཔལ་འབྱོར་རིག་པར་ཞིབ་འཇུག་བྱེད་པའི་འགོ་བརྩམས། ཁོས་སྐབས་དེའི་ཆབ་སྲིད་དཔལ་འབྱོར་རིག་པའི་གསུང་རྩོམ་གང་མང་ལ་ཞིབ་འཇུག་བྱས། སྐབས་དེར་མིང་དུ་གྲགས་པའི་མཁས་དབང་ཇམ་ཟི་མེལ་དང་། མོལ་ཟཱ་སི། སྦན་ཆི། ཟཱ་དབྱི། ཟི་སེ་མིན་རྡེ་སོགས་དང་གྲོགས་པོར་གྱུར་ཞིང་། ཁོ་ཚོའི་བསམ་བློ་དང་ལྟ་བས་རྡ་བེ་རྡི་ར་ཁཱ་དོའི་དཔལ་འབྱོར་རིག་པའི་རིག་གཞུང་མ་ལག་གྲུབ་པར་ཤུགས་རྐྱེན་གང་མང་ཐེབས་ཡོད།

2 ལོ་རྒྱུས་གནས་བབ།

རྡ་བེ་རྡི་རི་ཁཱ་དོའི་དུས་རབས་དེ་ནི་དབྱིན་ཇིའི་བཟོ་ལས་གསར་བརྗེ་ཚ་ཚ་འུར་འུར་དུ་འཕྱུར་བའི་དུས་ཡིན་ཞིང་། ཐོན་ལས་རྣམ་པ་དེ་མ་རྩ་རིང་ལུགས་ཀྱི་ལག་ཤེས་བཟོ་ཁང་ཅན་ནས་འཕྲུལ་ཆས་ཅན་དུ་འགྱུར་བའི་སྐབས་རེད། དབྱིན་ཇིའི་བཟོ་ལས་ཀྱི་རྒྱ་ཁྱོན་དེ་སྤྱི་ལོ1770ནས་སྤྱི་ལོ1820ལོའི་བར་དུ་ལྡབ་བཞི་འཕར་ཡོད་པ་དང་། གྲོང་ཁྱེར་གསར་བ་དང་བཟོ་ལས་གཙོ་བོར་བྱས་པའི་གྲོང་བརྡལ་མང་པོ་བྱུང་། བཟོ་ལས་འཕྲུལ་ཆས་ཅན་དུ་གྱུར་བས་ངལ་རྩོལ་ནུས་ཤུགས་ལ་ཡར་བསྐྱེད་ཆེན་པོ་བྱུང་ཞིང་། ཐོན་སྐྱེད་བྱེད་ཚད་ཀྱང་དེ་བཞིན་ལྡབ་འགྱུར་གྱིས་གོང་འཕེལ་བྱུང་བས་ཐོན་སྐྱེད་པས་མ་རྩ་ཆུང་བའི་ཐོན་རྫས་འབོར་ཆེན་བཟོ་སྐྲུན་བྱས་པ་དེ་དག་ཕྱི་ཕྱོགས་ཉོ་འཚོང་རྒྱ་བསྐྱེད་པ་དང་འགྲོགས་ཏེ་འཛམ་གླིང་གི་ཕྱོགས་སོ་སོར་ཁྱབ་འགོ་བརྩམས། དབྱིན་ཇིའི་བཟོ་ལས་གསར་བརྗེ་ཡིས་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་བླ་ལྷག་གིས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱས་པ་དང་དུས་མཚུངས་སྤྱི་ཚོགས་དཔལ་འབྱོར་གྱི་འབྲེལ་བ་ལའང་འགྱུར་ལྡོག་བཏང་། སྐབས་དེར་བཟོ་ལས་མ་རྩ་གྲལ་རིམ་གྱིས་སྤྱི་ཚོགས་སྟེང་དུ་གོ་གནས་གལ་ཆེན་ཟིན་ཞིང་། མ་རྩ་རིང་ལུགས་ཀྱི་ཐོན་སྐྱེད་ལམ་ལུགས་རིམ་བཞིན་ཆགས་འགོ་ཚུགས། སྐབས་དེར་བཟོ་བའི་གྲལ་རིམ་གྱི་ཚོགས་པའང་རིམ་བཞིན་རྒྱ་ཇེ་ཆེར་གྱུར་ནའང་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་ད་དུང་ཞིང་བདག་གྲལ་རིམ་དང་མ་རྩ་གྲལ་རིམ་བར་དུ་གནས་ཡོད། འགལ་བ་དེ་དག་མཚོན་པའི་བསམ་བློའི་བར་གྱི་རྩོད་པའང་ཧ་ཅང་ཛ་དྲག་ཏུ་ཡོད། འགལ་བ་དེ་དག་ལས་རྒྱལ་ཡོངས་སུ་གཞི་ཁྱོན་ཆེ་བའི་རྩོད་པ་ཐེངས་གཉིས་བྱུང་། རྡ་བེ་རྡི་རི་ཁཱ་དོ་ཡང་རྩོད་པ་ཐེངས་དེ་གཉིས་ལ་ཞུགས་ཤིང་རིམ་བཞིན་སྙན་གྲགས་པ་རྒྱས།