ཕོ་སུལ་བཀག་པ།སྔ་མའི་པར་གཞི་དེ ཚེ་དོན།577  ནས 2019-01-08 17:28ལ་འགྲུབ།

ཕོ་སུལ་བཀག་པ།

ཕོ་སུལ་བཀག་པའི་ནད་འདི་ནི་ཕོ་སུལ་བཀུམ་སྟོབས་ཇེ་ཆུང་དུ་སོང་ནས། དེའི་ནང་གི་སློ་མ་འཁོར་བར་བསྡད་དེ། དེའི་ཆུ་ཕོ་སུལ་གྱིས་བླངས་ནས་སྐམ་སྟེ་མར་འགྲོ་མ་ཐུབ་པར་བཀག་པའི་ནད་ཅིག་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ཕྱུགས་ནད།
1 ​ངོ་སྤྲོད།

ཕོ་སུལ་བཀག་པའི་ནད་འདི་ནི་ཕོ་སུལ་བཀུམ་སྟོབས་ཇེ་ཆུང་དུ་སོང་ནས། དེའི་ནང་གི་སློ་མ་འཁོར་བར་བསྡད་དེ། དེའི་ཆུ་ཆ་ཕོ་སུལ་གྱིས་བླངས་ནས་སྐམ་སྟེ་མར་འགྲོ་མ་ཐུབ་པར་བཀག་པའི་ནད་ཅིག་ཡིན།

2 ནད་རྟགས།

ནད་འདི་འབྱུང་ཡུན་རིང་། ཐོག་མར་གྲོད་པུར་སློ་བསགས་པའམ་ཡང་ན་ཕོ་ཁ་ལྷོད་པའི་ནད་རྟགས་མངོན། འདིའི་ཁྱད་རྟགས་གཙོ་བོ་ནི། ཁམས་ལྡིབ་ཅིང་སྣ་མགོ་སྐམ། ཐ་ན་གས་ཁ་འབྱུང་། སྐྱུག་ལྡད་མི་བྱེད་ཅིང་སོ་འཆའ། ཁ་སྐམ་ཞིང་ལྕེ་དྲེག་སེར་པོ་ཆགས་པ། དྲི་ངན་བྲོ། ལྕི་བ་སྐམ་ཞིང་ནག་པོ་རྩིས་ཕྲེང་དང་འདྲ། ཐ་ན་མི་གཏོང་། ཕོ་སུལ་གྱི་འགུལ་སྒྲ་ཧ་ཅང་ཆུང་། ཐ་ན་མི་ཐོས། རེག་པའམ་རྡུང་ན་ན་ནས་འདུག་མི་བཟོད་ཅིང་། ངུར་ནས་འཕྲ་ཡིས་རྒྱག ནད་སྐབས་རྗེས་མར་སླེབས་ཚེ། ཕོ་སུལ་གྱི་གཉེར་མ་རུལ་ཏེ་ལུས་དྲོད་ཇེ་མཐོ་དང་། སྙིང་འཕར་བ་དང་དབུགས་ལེན་པ་ཇེ་མགྱོགས་ལ་འགྲོ།

3 ཞིབ་གཅོད།

སྣ་མགོ་སྐམ་ཞིང་ལྕི་བ་སྐམ་ནས་གཏོང་དཀའ། ཕོ་སུལ་སྒྲ་ཞན་པའམ་མི་ཐོས། ཕོ་སུལ་ལ་མྱང་ཚེ་ན་ནས་ངུར་ཞིང་འཕྲ་ཡིས་རྒྱག་པ་སོགས་ཀྱི་ཁྱད་རྟགས་ལྟར་ཐག་བཅད་ཆོག

4 སྨན་བཅོས།

ནད་འདིའི་གནད་འགག་གཙོ་བོ་ནི། ཕོ་སུལ་འགུལ་སྟོབས་ཞན་པས་སློ་སྐམ་ནས་གཏོང་དཀའ་བ་དེ་ཡིན། དེའི་ཕྱིར་སྨན་གསོ་བྱེད་ན། བཤལ་སྨན་གཙོ་བོ་བྱེད། བཤལ་སྨན་གྱི་ཚད་མང་ཆོག ནོར་ལ་ལིའུ་ཟོན་ནཱ་ཁེ500-800 ཧྲི་ལཱ་ཡུག་ཧའོ་ཧྲེང1000-2000 གཡིས་རྒྱ་མ་དོ་བླུད་ན་ཆོག འདི་ནི་ཁབ་མགོ4×16-18ཅན་བཀོལ་ནས་གཡས་ཕྱོགས་རྩི་གུ་དགུ་བ་དང་དཔུང་ཚིགས་མཉམ་ཐིག་གི་འབྲེལ་མཚམས་སུ་ལི་སྨི10ཡས་མས་སར་དྲང་གཙག་བྱེད། ཕོ་སུལ་ནང་དུ་ངོ་མ་སོང་རྗེས། 25-30%ཅན་གྱི་ལིའུ་ཟོན་ནཱ་སྨན་ཆུ་ཧའོ་ཧྲེང300-500བརྒྱབ་ན་ཕན་ནུས་ཡོད། ལུག་ལ་སྨན་དང་རྒྱག་ཚུལ་དེ་དང་འདྲ་ལ། སྨན་ཚད་ཉུང་། ནོར་གྱི་ལྔ་ཆའི་གཅིག་གམ་དྲུག་ཆའི་གཅིག་ཡིན།

5 སྔོན་འགོག

ནོར་ལུག་གི་ཕོ་ཁའི་ནད་རྐྱེན་ལྟར་ཐབས་བཀོད་བྱས་ཏེ་ནད་དེ་དག་སྔོན་འགོག་བྱེད་དགོས།