མལ་གྲོ་གུང་དཀར་རྫོང་།སྔ་མའི་པར་གཞི་དེ བོན་སྐོར་པད་མ་རྒྱལ།  ནས 2019-03-01 10:10ལ་འགྲུབ།

མལ་གྲོ་གུང་དཀར་རྫོང་།

མལ་གྲོ་གུང་དཀར་རྫོང་།
བོད་ལྗོངས་ལྷ་སའི་ཡུལ་གྱི་རྫོང་ཞིག་སྟེ། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམ་གྲུ་བཞི་མ5512ཡོད་པ་དང་ས་ཞིང་མུའུ་ཁྲི8.63 རྩྭ་སའི་རྒྱ་ཁྱོན་ལ་མུའུ་ཁྲི4.9 གླིང་ག་མུའུ་ཁྲི42 སྤྱི་བསྡོམས་པའི་མི་འབོར་ཁྲི3.8བཅས་ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ4000ལྷག་ཙམ་གྱིས་མཐོ་བའི་སར་གནས་པའི་རྫོང་ཞིག་གོ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
墨竹工卡县
ཕྱི་ཡིག་གི་མིང་།
Maizhokunggar County
སྲིད་འཛིན་རིགས་དབྱེ།
རྫོང་།
སྲིད་འཛིན་ཁོངས་གཏོགས།
བོད་ལྗོངས་ལྷ་ས།
མངའ་ཁོངས།
གྲོང་རྡལ་གཅིག་དང་ཡུལ་ཚོ་བདུན།
སྲིད་གཞུང་གནས་ཡུལ།
གུང་དཀར་གྲོང་རྡལ།
ས་གནས།
བོད་ལྗོངས་ས་ཁུལ་གྱི་བར་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་ངོས་སྙོམ་གྲུ་བཞི་མ5512ཡོད།
སྐད་རིགས།
བོད་སྐད།
མི་གྲངས།
བཞི་ཁྲི་ཆིག་སྟོང་།
གནམ་གཤིས།
མཐོ་སྒང་གནམ་གཤིས།
གནམ་གྲུ་ཐང་།
ལྷ་སའི་གུང་དཀར་རྒྱལ་སྤྱིའི་གནམ་གྲུ་ཐང་།
ས་ཁོངས་ཁ་པར་ཨང་རྟགས།
0891
སྦྲག་སྲིད་ཨང་རྟགས།
850200
རླངས་འཁོར་ཨང་རྟགས།
藏A
1 ​མིང་གི་ཐོགས་ཚུལ།

མལ་གྲོ་གུང་དཀར་ཞེས་པ་ནི། ཀླུ་མལ་གྲོ་གཟིལ་ཆེན་གྱི་གནས་ཡིན་པས་ན་ཀླུ་མིང་ཡུལ་ལ་ཐོགས་པའམ། ཡང་བཤད་སྲོལ་གཞན་ཞིག་ལ་སྔོན་ཡུལ་དེའི་མི་ཚང་ཞིག་གིས་རྗེ་ཙོང་ཁ་པར་མལ་གཟན་བཙུགས་ཕྲུག་ཅིག་ཕུལ་བར་རྗེ་ཙོང་ཁ་པས་དེ་བཞེས་ཏེ་དེ་ནུབ་གཟིམ་སྤྲོ་པོ་བྱུང་བ་དང་ཟླ་བ་ཤར་བས་གུང་དཀར་པོ་ཡིན་སྟབས་མལ་གྲོ་གུང་ཡང་དཀར་ཞེས་གསུངས་པས་མལ་གྲོ་གུང་དཀར་ཞེས་པའི་མིང་དེ་ནས་བྱུང་ཞེས་ཀྱང་ཟེར་བའི་སྔར་མིང་རང་སོར་བཞག་པ་ཞིག་ཡིན། ད་ལྟའི་མལ་གྲོ་གུང་དཀར་རྫོང་གནས་ཡུལ་ནི་སྔོན་གྱི་མལ་གྲོ་གུང་དཀར་རྫོང་དང་ཉེ་བར་ཆགས་ཡོད།

2 སྲིད་འཛིན་མངའ་ཁོངས།

རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམ་གྲུ་བཞི་མ5512ཡོད་པ་ང་ས་ཞིང་མུའུ་ཁྲི8.63 རྩྭ་སའི་རྒྱ་ཁྱོན་ལ་མུའུ་ཁྲི4.9 གླིང་ག་མུའུ་ཁྲི42 སྤྱི་བསྡོམས་པའི་མི་འབོར་ཁྲི3.8བཅས་ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ4000ལྷག་ཙམ་གྱིས་མཐོ་བའི་སར་གནས་པའི་རྫོང་ཞིག་གོ།

3 དགོན་སྡེ་གཙོ་བོ།

ཡུལ་དེར་གནས་པའི་དགོན་སྡེ་གཙོ་བོ་ནི། ཆོས་རྒྱལ་ཁྲི་སྲོང་གི་སྲས་མུ་ནེ་བཙན་པོས་ཕྱག་བཏབ་གནང་བའི་རྩེ་ཞོལ་དགོན་དང་། འབྲི་གུང་གདན་རབས་བཅུ་བདུན་པ་རྒྱལ་དབང་རིན་ཆེན་ཕུན་ཚོགས་ཀྱིས་ཕྱག་བཏབ་གནང་བའི་སྒར་དགོན་ཐུབ་བསྟན་སྡེ་བཞི་རབ་རྒྱས་གླིང་། སྐྱོབ་པ་འཇིག་རྟེན་གསུམ་མགོན་དགུང་ལོ་སོ་བདུན་ལོ་སྟེ་སྤྱི་ལོ1179ལོར་ཕྱག་བཏབ་གནང་མཛད་པའི་འབྲི་གུང་མཐིལ་འོག་མིན་བྱང་ཆུབ་གླིང་། འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་གྱི་ཐུགས་སྲས་ཆོས་སྐུ་རིན་པོ་ཆེ་ཞུ་བས་སྤྱི་ལོ1215ལོར་ཕྱག་བཏབ་པའི་ཆོས་ལུང་དགོན། མྱང་བན་ཏེ་ཏིང་འཛིན་བཟང་པོའམ་བན་དེ་མྱང་ཏིང་ངེ་འཛིན་ཞེས་པས་ཕྱག་བཏབ་གནང་བའི་དབུ་རུ་ཞྭ་ཡི་ལྷ་ཁང་། གཡག་སྡེ་པཎ་ཆེན་གྱིས་སྤྱི་ལོ1359ལོར་ཕྱག་བཏབ་གནང་བའི་ཐང་སྐྱབས་ཨ་ཡང་དགོན་ནམ་ཨེ་ཝམ་དགོན། བཀའ་གདམས་པའི་དགེ་བཤེས་གཉེན་ཀོ་ཤམ་པ་ཆེན་པོས་ཕྱག་བཏབ་གནང་བའི་ཐང་སྐྱབས་དགོན། རྗེ་བཙུན་རིན་ཆེན་ཕུན་ཚོགས་ཀྱིས་སྤྱི་ལོ1553ལོར་ཕྱག་བཏབ་པའི་ཀ་ཚལ་སྒྲུབ་སྡེ་དགོན། ཞང་ཚལ་པའི་སློབ་མ་རྟགས་ལྡན་བདེ་བ་གཞོན་ནུ་ཞེས་པས་ཕྱག་བཏབ་གནང་བའི་རུ་ཐོག་དགོན་བསམ་གཏན་འཕེལ་རྒྱས་གླིང་། ད་དུང་འབྲི་གུང་བླ་བརྒྱུད་བྱང་སེམས་དགེ་འདུན་རིན་ཆེན་ཞེས་པས་ཕྱག་བཏབ་གནང་བའི་བཀྲ་ཤིས་སྒང་ཤར་རིན་ཆེན་གླིང་དང་། བཀའ་གདམས་པའི་དགེ་བཤེས་ཚུལ་ཁྲིམས་རིན་ཆེན་ཞུ་བས་ཕྱག་བཏབ་གནང་བའི་མཁར་སྐྱ་བྱམས་ཆེན་གླིང་། དགེ་བཤེས་བྱ་ཡུལ་བའི་ཕུལ་དུ་བྱུང་བའི་སློབ་མ་ཕུར་བུ་དབང་ཕྱུག་རྒྱལ་མཚན་གྱིས་ཕྱག་བཏབ་གནང་མཛད་པའི་མལ་གྲོ་རྒྱལ་སྟེང་དགོན་སོགས་གནས་འགངས་ཆེན་མང་པོ་ཡོད།

མལ་གྲོ་གུང་དཀར་རྫོང་ཁོངས་ཀྱི་གནས་སྐོར་ས་བཀྲ།

.jpg

བརྡ་འགྲེལ་གདོང་འཛར།

མལ་གྲོ། མལ་དྲོ། གུང་དཀར། ལྷ་ས།