ས་སྐྱ་རྫོང་།སྔ་མའི་པར་གཞི་དེ བོན་སྐོར་པད་མ་རྒྱལ།  ནས 2019-03-01 10:08ལ་འགྲུབ།

ས་སྐྱ་རྫོང་།

ས་སྐྱ་རྫོང་།
བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་ཁུལ་གྱི་རྫོང་ཞིག་སྟེ། རྫོང་དེའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ6495ཡོད་པ་དང་། ས་ཞིང་གི་རྒྱ་ཁྱོན་ལ་མུའུ་ཁྲི11.4 རྩྭ་སའི་རྒྱ་ཁྱོན་ལ་མུའུ་ཁྲི700 གླིང་གའི་རྒྱ་ཁྱོན་ལ་མུའུ700 མི་འབོར་ཁྲི4.3 རྫོང་ཡོངས་ལ་ཡུལ་ཚོ9དང་། གྲོང་རྡལ2 གྲོང་ཚོ་ཨུ་ཡོན་ལྷན་ཁང129 ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ4400ཙམ་གྱིས་མཐོ་བའི་སར་གནས་པའི་རྫོང་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
萨迦县
ཕྱི་ཡིག་གི་མིང་།
Sa'gya country
སྲིད་འཛིན་རིགས་དབྱེ།
རྫོང་།
སྲིད་འཛིན་ཁོངས་གཏོགས།
བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་ཁུལ།
མངའ་ཁོངས།
གྲོང་རྡལ2དང་ཡུལ་ཚོ9ཡོད།
སྲིད་གཞུང་གནས་ཡུལ།
ས་སྐྱ་གྲོང་རྡལ།
ས་གནས།
གཞིས་ཀ་རྩེ་ས་ཁུལ་གྱི་བར་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་ངོས་སྙོམས་གྲུ་བཞི་མ6495ཡོད།
སྐད་རིགས།
བོད་སྐད།
མི་གྲངས།
47304(2010ལོའི་བསྡོམས་རྩིས)
གནམ་གཤིས།
མཐོ་སྒང་གི་གནམ་གཤིས།
གནམ་གྲུ་ཐང་།
གཞིས་ཀ་རྩེ་ཞི་བདེ་གནམ་གྲུ་ཐང་།
ས་ཁོངས་ཁ་པར་ཨང་རྟགས།
0892
སྦྲག་སྲིད་ཨང་རྟགས།
857800
རླངས་འཁོར་ཨང་རྟགས།
藏D
1 ​མིང་གི་ཐོགས་ཚུལ།

ས་སྐྱ་ཞེས་པ་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཀློང་གསལ་མཁའ་འགྲོ་སྙན་བརྒྱུད་ལས“ཀུན་དགའ་སྙིང་པོ། བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན་ཞེས་རིགས་གསུམ་མགོན་པོའི་སྤྲུལ་པ་གཙང་དུ་བྱུང་ཞེས་དང་། ཡང་ས་སྐྱ་ལོ་ཙཱ་ཀུན་དགའ་མིང་ཅན་དང་། འཕགས་པའི་མིང་ཅན་གཉིས་བྱུང་ནས། བོད་འབངས་སེམས་ཅན་བདེ་ལ་ཕན། སངས་རྒྱས་བསྟན་པ་ལྔ་བཅུ་འཛིན། འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ཡིན”ཞེས་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་འབྲོམ་སྟོན་པས་སྤྱན་དྲངས་པ་ལྟར་དབུས་སུ་ཕེབས་སྐབས་འབྲོང་ངུར་ལ་རྩེ་ནས་དབོན་པོ་རི་གཟིགས་པས། དེའི་ངོས་ལ་འབྲོང་ཆེན་པོ་གཉིས་རྩྭ་བཟའ་བཞིན་ཡོད་པས་སྐུ་འཁོར་རྣམས་ལ། མ་འོངས་པའི་དུས་སུ་མ་ཧཱ་ཀ་ལ་གཉིས་དེར་འཕྲིན་ལས་མཛད་པའི་ལྟས་སུ་འདུག དེ་ནི་ས་སྐྱའི་ཆོས་སྐྱོང་གུར་ཞལ་རྣམ་གཉིས་ཡིན་ཞེས་གསུངས། དེ་ནས་ཕྱག་འཚལ་སྒང་ཞེས་པའི་ས་ཆར་ཕེབས་སྐབས་ཆིབས་པ་ལས་བབས་གནང་ནས་སྐུ་འཁོར་རྣམས་ལ་མཆོད་པ་གཤོམས་གསུངས་ནས་དབོན་པོའི་རིའི་ས་དཀར་ལོགས་ལ་ཕྱག་མཆོད་རྒྱས་པར་མཛད་པ་ལ་སྐུ་འཁོར་རྣམས་ཀྱིས་དེ་ལྟར་མཛད་པ་ཅི་ཡིན་ཞེས་ཞུས་པར། ཁྱེད་རྣམས་ཀྱིས་མ་མཐོང་བ་ཡིན་ནམ། ས་དཀར་པོ་ཕ་ཁིའི་ལོགས་ལ་དྷི་ཡིག་བདུན་དང་། ཧྲི་ཡིག་གཅིག ཧུྃ་ཡིག་གཅིག བཅས་བདུན་འདུག་པ་ལ་ཕྱག་མཆོད་བྱས་པ་ཡིན་གསུངས། དེ་ཅི་ཡིན་ཞུས་པར། མ་འོངས་པའི་དུས་སུ་འཇམ་དབྱངས་ཀྱི་སྤྲུལ་པ་བདུན། སྤྱན་རས་གཟིགས་ཀྱི་སྤྲུལ་པ་གཅིག ཕྱག་ན་རྡོ་རྗེའི་སྤྲུལ་པ་གཅིག་བཅས་ཐོག་མར་བྱོན་ཏེ་དེ་ནས་རིམ་བཞིན་རིགས་གསུམ་མགོན་པོའི་སྤྲུལ་པ་རྒྱུན་མི་ཆད་པར་བྱོན་ནས་འགྲོ་བའི་དོན་མཛད་པར་འདུག་ཅེས་གསུངས་པ་ལྟར། རྗེས་སུ་འཁོད་དཀོན་མཆོག་རྒྱལ་པོས་དང་པོ་བྲ་བོ་ལུང་པར་དགོན་ཆུང་ཞིག་བཏབ་སྟེ་བཞུགས་པར་ས་སྐྱ་གོག་པོར་གྲགས་ཤིང་། དེ་ནས་དཔོན་སློབ་རྣམས་སྐྱོ་བསང་ལ་བྱོན་ཏེ་རི་ཁ་ནས་གཟིགས་པས། དབོན་པོ་རི་དེ་གླང་པོ་ཆེ་ཉལ་འདྲའི་མཁལ་ཁུང་གཡས་ཀྱི་ཐད་ན་ས་དཀར་ཞིང་སྣུམ་པ། ཆུ་བོ་གཡས་སུ་འབབ་པ་ལ་སོགས་པའི་བཀྲ་ཤིས་དང་དགེ་མཚན་དུ་མ་དང་ལྡན་པར་གཟིགས། སའི་བདག་པོར་རིན་བཅལ་ནས་དབོན་པོ་རིའི་རྩེར་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོ་རྟེན་དང་བརྟེན་པར་བཅས་གསར་བཞེངས་མཛད་པ་ནས་རིམ་བཞིན་ལུང་ཟིན་གྱི་ས་སྐྱ་གོང་མ་ན་རིམ་བྱུང་། ས་དཀར་པོའམ་སྐྱ་བོ་དོན་གཅིག་པའི་སྟེང་དུ་ས་སྐྱ་དགོན་བཏབ་པས་དགོན་དང་ཡུལ་མིང་ལའང་དེ་ལྟར་ཆགས་པ་ཡིན།

2 སྲིད་འཛིན་མངའ་ཁོངས།

ད་ལྟའི་ས་སྐྱ་རྫོང་ནི་སྔར་མིང་རང་སོར་བཞག་པའི་རྫོང་ཞིག་ཡིན་པ་དང་། རྫོང་གནས་ཡུལ་ཡང་ས་སྐྱ་དགོན་དང་ཉེ་བའི་ཤར་ངོས་སུ་ཡོད་ལ། གཞིས་ཀ་རྩེ་བཀྲ་ཤིས་ལྷུན་དགོན་ནས་ལམ་ཐག་སྤྱི་ལེ150ཙམ་གྱི་ས་ན་ཡོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ6495ཡོད་པ་དང་། ས་ཞིང་གི་རྒྱ་ཁྱོན་ལ་མུའུ་ཁྲི11.4 རྩྭ་སའི་རྒྱ་ཁྱོན་ལ་མུའུ་ཁྲི700 གླིང་གའི་རྒྱ་ཁྱོན་ལ་མུའུ700 མི་འབོར་ཁྲི4.3 རྫོང་ཡོངས་ལ་ཡུལ་ཚོ9དང་། གྲོང་རྡལ2 གྲོང་ཚོ་ཨུ་ཡོན་ལྷན་ཁང129 ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ4400ཙམ་གྱིས་མཐོ་བའི་སར་གནས་པའི་རྫོང་ཞིག་ཡིན།

3 མི་སྣ་གྲགས་ཅན།

རྫོང་དེར་འཁྲུངས་པའི་གྲགས་ཅན་མི་སྣ་ནི། ས་སྐྱའི་གྲུབ་མཐའ་སྲོལ་གཏོད་པ་འཁོན་དཀོན་མཆོག་རྒྱལ་པོ་རབ་བྱུང་དང་པོའི་ཤིང་ཁྱི་སྤྱི་ལོ1034ལོར་གཡའ་ལུང་མཁར་སྟབས་སུ་འཁྲུངས། ས་ཆེན་ཀུན་དགའ་སྙིང་པོ་རབ་བྱུང་གཉིས་པའི་ཆུ་སྦྲེལ་སྤྱི་ལོ1092ལོར་སྐུ་འཁྲུངས། སློབ་དཔོན་བསོད་ནམས་རྩེ་མོ་རབ་བྱུང་གཉིས་པའི་ཆུ་ཁྱི་སྤྱི་ལོ1142ལོར་འཁྲུངས། ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་རབ་བྱུང་གསུམ་པའི་ཆུ་སྟག་སྤྱི་ལོ1182ལོར་སྐུ་འཁྲུངས། ངོར་ཆེན་ཀུན་དགའ་བཟང་པོ་རབ་བྱུང་དྲུག་པའི་ཆུ་ཁྱི་སྤྱི་ལོ1382ལོར་སྐུ་འཁྲུངས། རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་རབ་བྱུང་བདུན་པའི་ས་སྦྲུལ་སྤྱི་ལོ138ལོར་ས་སྐྱ་དཔོན་ཆེན་ཀུན་དགའ་དཔལ་གྱི་ཁྱིམ་དུ་སྐུ་འཁྲུངས། བསོད་ནམས་མཆོག་གྲུབ་གྲགས་བཟང་རབ་བྱུང་བདུན་པའི་ས་ཡོས་སྤྱི་ལོ1399ལོར་གཙང་ཤབ་དགེ་ལྡིང་དུ་སྐུ་འཁྲུངས། གུ་ཤྲི་བློ་གྲོས་རྒྱལ་མཚན་རབ་བྱུང་དྲུག་པའི་མེ་རྟ་སྤྱི་ལོ1366ལོར་གཙང་ས་སྐྱ་བཞི་ཐོག་ཏུ་སྐུ་འཁྲུངས། སྣར་ཐང་པ་ཤེས་རབ་རྒྱལ་མཚན་ཤབ་སྟག་ལའི་ཉེ་འཁོར་དུ་རབ་བྱུང་བདུན་པའི་ལྕགས་གླང་སྤྱི་ལོ1423ལོར་སྐུ་འཁྲུངས། བུ་སྟོན་རིན་ཆེན་གྲུབ་གཙང་སྟོད་ཁྲོ་ཕུའི་ཕྱོགས་ཤབ་སྨད་སྒོམ་གནས་ཞེས་པའི་ཡུལ་དུ་རབ་བྱུང་ལྔ་བའི་ལྕགས་སྟག་སྤྱི་ལོ1290ལོར་སྐུ་འཁྲུངས་པ་བཅས་སོ།།

ས་སྐྱོང་རྫོང་གི་གནས་སྐོར་ས་བཀྲ།

.jpg