གྲུག་ཧྲུག་འཕྲུལ་ཆས།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2019-01-11 10:38ལ་འགྲུབ།

གྲུག་ཧྲུག་འཕྲུལ་ཆས།

གྲུག་ཧྲུག་འཕྲུལ་ཆས་ནི་གཟན་ཆས་ཞིབ་ཤོས་གྲུག་ཧྲུག་གཏོང་བ་དང་གཟན་ཆས་རྩུབ་ཤོས་གྲུག་ཧྲུག་གཏོང་བའི་འཕྲུལ་ཆས་རིགས་གཉིས་ཡོད་ཅིང་། གཟན་ཞིབ་གྲུག་ཧྲུག་འཕྲུལ་ཆས་ལའང་སྤྱིར་སྤྱོད་ཚུལ་ཐོ་ལེབ་གྲུག་ཧྲུག་འཕྲུལ་ཆས་དང་ཆུ་ཐིགས་ཚུལ་གྲུག་ཧྲུག་འཕྲུལ་ཆས། གྱེན་བཞེངས་ཚུལ་ཐོ་ལེབ་གྲུག་ཧྲུག་འཕྲུལ་ཆས་སོགས་རྣམ་པ་དུ་མ་ཡོད་དོ།། གཟན་ཞིབ་གྲུག་ཧྲུག་འཕྲུལ་ཆས་འདི་འབྲུ་རྡོག་ཚུལ་གྱི་རྒྱུ་ཆ་སྦྱོར་བཟོ་ལ་སྤྱོད་པ་གཙོ་སྟེ། དཔེར་ན་མ་རྨོས་ལོ་ཏོག་དང་སྲན་མ། གྲོ་ནས་ལྟ་བུའོ།། གྲུག་ཧྲུག་འཕྲུལ་ཆས་ལ་ལར་རགས་གྲུག་དང་ཞུག་གྲུག་གི་ནུས་པ་བསྒྱུར་རྒྱུ་ཡོད་པ་ཡིན་ནོ།།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
གྲུག་ཧྲུག་འཕྲུལ་ཆས།
ཁོངས་གཏོགས།
འཕྲུལ་ཆས།
1 ངོ་སྤྲོད།

གྲུག་ཧྲུག་འཕྲུལ་ཆས་ནི་གཟན་ཆས་ཞིབ་ཤོས་གྲུག་ཧྲུག་གཏོང་བ་དང་གཟན་ཆས་རྩུབ་ཤོས་གྲུག་ཧྲུག་གཏོང་བའི་འཕྲུལ་ཆས་རིགས་གཉིས་ཡོད་ཅིང་། གཟན་ཞིབ་གྲུག་ཧྲུག་འཕྲུལ་ཆས་ལའང་སྤྱིར་སྤྱོད་ཚུལ་ཐོ་ལེབ་གྲུག་ཧྲུག་འཕྲུལ་ཆས་དང་ཆུ་ཐིགས་ཚུལ་གྲུག་ཧྲུག་འཕྲུལ་ཆས། གྱེན་བཞེངས་ཚུལ་ཐོ་ལེབ་གྲུག་ཧྲུག་འཕྲུལ་ཆས་སོགས་རྣམ་པ་དུ་མ་ཡོད་དོ།། གཟན་ཞིབ་གྲུག་ཧྲུག་འཕྲུལ་ཆས་འདི་འབྲུ་རྡོག་ཚུལ་གྱི་རྒྱུ་ཆ་སྦྱོར་བཟོ་ལ་སྤྱོད་པ་གཙོ་སྟེ། དཔེར་ན་མ་རྨོས་ལོ་ཏོག་དང་སྲན་མ། གྲོ་ནས་ལྟ་བུའོ།། གྲུག་ཧྲུག་འཕྲུལ་ཆས་ལ་ལར་རགས་གྲུག་དང་ཞུག་གྲུག་གི་ནུས་པ་བསྒྱུར་རྒྱུ་ཡོད་པ་ཡིན་ནོ།།

2 ​དོ་སྣང་བྱེད་དགོས་ས།

བཀོལ་སྤྱོད་ཀྱི་སྐབས་སུ་དོ་སྣང་པའི་དོན་ཚན་ནི། གྲུག་ཧྲུག་འཕྲུལ་ཆས་དེ་རིགས་ལས་གང་ཡིན་ཡང་བརྟན་པོ་ཚུལ་དུ་འགོད་དགོས་ལ། སྒུལ་བརྒྱུད་འཁོར་ལོ་དང་སྒུལ་སྟོབས་འཕྲུལ་ཆས་ཀྱི་གཞུང་ཐིག་མཉམ་པོ་ཡིན་དགོས་པ། སྒུལ་བརྒྱུད་རྒྱུན་ཐག་གི་འཁོར་ཉག་དང་ཡང་དྲང་ཤག་ཤག་ཅིག་ཡིན་དགོས་མོད། མིན་ན་ནི་འཕྲུལ་ལྷུ་ཆག་རླག་འབྱུང་མགྱོགས་ཤིང་། སྒུལ་བརྒྱུད་རྒྱུན་ཐག་ལྷུང་སླ་བ་དང་གཅིག་གོ། སྦྱོར་བཟོའི་རྒྱུ་ཆ་ལ་སྔ་མོ་ནས་གཙང་དག་འདེམ་གསེས་དང་ཚགས་ལ་རྒྱག་པ་ལྟར་བྱེད་ཅིང་། ལྕགས་ཆ་དང་རྡོ་སག་རྙིགས་རོ་སྲ་མཁྲེགས་རིགས་གྲུག་ཧྲུག་འཕྲུལ་ཆས་ནང་ལ་འཆོར་བར་ཟོན་ཞིང་གཡོལ་བ་དང་གཉིས་སོ།། བཀོལ་ཐེངས་རེའི་སྔ་ཆར། གྲུག་ཧྲུག་འཕྲུལ་ཆས་ཀྱི་ཁ་ཁེབས་ཕྱེ་ནས་བརྟག་ཅིང་། ནང་གི་གྲུབ་གནས་སོ་སོར་སྐྱོན་བྱུང་ཡོད་མེད་བརྟག་པ་དང་། སྒོས་སུ་འཁོར་ཙེ་སྟེང་གི་བཀྲད་ཚུལ་འཆར་བུ་ལ་སྐྱོན་བྱུང་ཡོད་མེད། མཐུད་མཚམས་སོགས་ལྷོད་ཡོད་མེད་ལ་བརྟགས་ནས། སྐྱོན་ཐེབས་མེད་པ་ཐག་ཆོད་ཕྱིན། ཁ་ཁེབས་འགེབ་ལ་སྒེའུ་སྟེང་གི་ལག་གཅུ་འཁོར་ལོ་དམ་པོར་གཅུ་བ་དང་གསུམ་མོ།། དེའི་མུར་ལག་པའི་ཤུགས་ཀྱིས་སྒུལ་བརྒྱུད་རྒྱུན་ཐག་འཐེན་སྒུལ་བྱས་ཏེ། འགུལ་སྐྱོད་གྲུབ་གནས་དེ་དག་སྐྱེན་པོ་ཡིན་མིན། ཐོགས་ཁག་འདྲ་ཡོད་མེད། རྒྱུན་ལྡན་མིན་པའི་སྒྲ་འདྲ་གྲག་རྒྱུ་ཡོད་མེད་བཅས་ལ་ནན་བརྟག་དང་བཞིའོ།། གྲུག་ཧྲུག་འཕྲུལ་ཆས་སྒུལ་མགོ་བརྩམས་ཕྱིན། སྐར་མ2ནས3བར་སྟོང་འཁོར་རྒྱག་འཇུག་ཅིང་། འཁོར་སྐྱོད་ཚུལ་མཐུན་ཡིན་ཚེ། ད་གཟོད་རྒྱུ་ཆ་སྣོན་པ་དང་ལྔའོ།། དཀྱུ་སྒྱུར་མི་སྣའི་ཕུ་དུང་ཁ་དེ་བཅིང་དགོས་ལ། ཁ་ཐུམ་ཀྱང་རྒྱག་དགོས་ཏེ། ལག་ཤུབས་ལག་འབོལ་གོན་པ་ལྟ་བུ་གཏན་འགོག་དགོས་ཐོག རྒྱུ་ཆ་སྣོན་པའི་སྐབས་སུ་འཕྲུལ་ཆས་ཀྱི་ཟུར་ལོགས་སུ་ལངས་ཏེ། སྙིགས་རོ་སོགས་ལྡོག་འཕྲོ་བྱུང་ནས་ཞལ་ངོ་རྨས་པར་འཛེམ་པ་དང་། གཞུང་རྟ་རིང་པོའི་རིགས་གྲུག་ཧྲུག་གཏོང་སྐབས། ལག་པས་དམ་འཛིན་མི་འོས་ཤིང་། གཞུང་རྟས་ལྡོག་འཕེན་བྱུང་ནས་ལག་པ་རྨས་པར་འཛེམ་པ་དང་དྲུག་གོ།། རྒྱུ་ཆ་འཕྲུལ་ཆས་ནང་དུ་འཇུག་པ་ལ་འཇུག་ཚོད་མཉམ་པ། སྔོན་དལ་ཕྱི་མགྱོགས། སྔོན་ཉུང་ཕྱི་མང་ཞེས་བྱ་བའི་རྩ་དོན་འཁྱོངས་དགོས་ཏེ། ཐེག་བཟོད་ཚུལ་མཐུན་དང་མཉམ་ལ་མུ་མཐུད་འཁྱོངས་པ་ལྟར་བྱས་ཏེ། འཁོར་ལོ་ཁག་པ་ལ་འཛེམ་པ་དང་བདུན་ནོ།། གལ་ཏེ་འཇུག་སྒོ་ནས་འགག་ཁག་གནས་ཚུལ་བྱུང་ཚེ། དབྱུག་པ་དང་ལྕགས་ཐུར་གྱིས་སེལ་འདེད་མི་རུང་སྟེ། དབྱུག་པ་སོགས་འཕྲུལ་ཆས་ཀྱི་ནང་དུ་འཐེན་འཆོར་བའམ་ལྡོག་གཏད་བྱུང་ནས་མི་ལ་རྨས་སྐྱོན་བཟོ་བར་འཛེམ་པ་དང་། སྒོས་སུ་ལག་པ་བསྲིངས་ནས་བསལ་བ་མི་རུང་། དགོས་གལ་ཆེ་ན་གཞུང་རྟ་མཁྲེགས་ཤོས་སྤྱད་ནས་འདེད་པ་དང་བསལ་བ་ལྟ་བུ་ཆོག་པ་དངབརྒྱད་དོ།། དཀྱུ་སྒྱུར་མི་སྣས་འཕྲུལ་ཆས་ཀྱི་འགུལ་སྐྱོད་གནས་ཚུལ་ལ་སེམས་མ་གཡེངས་པར་བརྟག་ཅིང་། གལ་སྲིད་འདར་བ་དང་ཚུལ་མིན་གྱི་སྒྲ་གྲགས་པ། འགག་ཁག་བྱུང་བ། ཕྱི་ལ་འཕོ་འཕེན་བྱུང་བ་བཅས་ཀྱི་གནས་ཚུལ་འདྲ་ཡོད་ཚེ། ལས་མཚམས་བཞག་ནས་གེགས་སྐྱོན་སེལ་ཞིང་། འཕྲུལ་ཆས་ཀྱི་འགུལ་སྐྱོད་མ་བསྡད་པར། དབྱུག་པ་དང་ལག་པས་བཙན་འཇུག་བཙན་འཐེན་མི་རུང་སྟེ། མི་རྨས་ཆས་རླག་འབྱུང་བར་འཛེམ་པ་དང་དགུའོ།།